བྲག་དཀར་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་ཀྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-09-30 07:19:59         ཀློག་ཐེངས།  

པར་པོད།ཤོག་གྲངས།

00945 ཀ་

1 རྒྱལ་བའི་སྲས་པོ་ཐོགས་མེད་ཀྱིས་མཛད་པའི་བློ་སྦྱོང་དོན་བདུན་མའི་སྔོན་འགྲོའི་ཟུར་འདེབས་ལ། 14

2 རྒྱལ་བའི་སྲས་པོ་ཐོགས་མེད་དཔལ་བཟང་པོས་མཛད་པའི་བློ་སྦྱོང་དོན་བདུན་མ་ལ། 15

3 བྱང་ཆུབ་ལྟུང་བཤགས་ཉམས་སུ་ལེན་ཚུལ་སྡིག་ལྟུང་མུན་སེལ་ལ། 10

4 ཐེག་པ་ཆེན་པོའི་བློ་སྦྱོང་གི་མན་ངག་ཚིགས་སུ་བཅད་པ་ལ། 20

5རྐྱེན་ངན་ལམ་དུ་བྱ་ཐབས་ཀྱི་མན་ངག་ཤིན་ཏུ་ཟབ་པ་བདག་འཛིན་རྡུལ་དུ་བརླག་པའི་མཚོན་ཆ་ལ། 36

6 ས་བདག་ཀླུ་གཉན་གྱིས་གནོད་པ་ལམ་དུ་ཁྱེར་ཞིང་ཕན་གདགས་པའི་ཆོ་ག་འཆི་མེད་བདུད་རྩིའི་བསིལ་སྦྱིན་ལ། 8

7 བྱང་ཆུབ་ལམ་གྱི་རིམ་པ་ཀུན་ཕན་བདུད་རྩིའི་ཆུ་རྒྱུན་ལ། 131

8 བྱང་ཆུབ་ལམ་རིམ་གྱི་དམིགས་སྐོར་ཉུང་བསྡུས་བདུད་རྩིའི་བུམ་བཟང་ལ། 10

9 བྱང་ཆུབ་ལམ་གྱི་སྒྲོན་མེའི་འགྲེལ་པ་གཞུང་དོན་གསལ་བའི་ཉི་མ་ལ། 15

10 བྱང་ཆུབ་ལམ་གྱི་རིམ་པའི་སྦྱོར་བའི་ཆོས་དྲུག་གི་ངག་འདོན་ཁྲིགས་སུ་བསྡེབས་པ་བྱང་ཆུབ་བདེ་ལམ་ལ། 12

11 བྱང་ཆུབ་ལམ་གྱི་རིམ་པའི་སྦྱོར་བའི་ཆོས་དྲུག་གི་ངག་འདོན་ཁྲིགས་སུ་བསྡེབས་པ་བདེ་ལམ་ལམ་རིམ་བསྡུས་དོན་དང་སྦྲགས་ནས་ཉམས་སུ་ལེན་ཚུལ་བྱང་ཆུབ་ཉེ་ལམ་ལ། 21

12 སྨྱུང་གནས་བླ་མ་བརྒྱུད་པའི་རྣམ་ཐར་ཡིག་དྲུག་དང་སྨྱུང་གནས་ཀྱི་ཕན་ཡོན་བཅས་ལེགས་པར་བཤད་པ་གསེར་གྱི་ཕྲེང་མཛེས་ལ། 145

00946 ཁ་

1 རྗེ་བཙུན་བླ་མ་དམ་པ་བློ་ལྡན་ཆོས་འཕེལ་དང་དཔལ་བཟང་པོའི་རྣམ་ཐར་དད་པའི་གསོལ་འདེབས་ལ། 33

2 སྟོན་པ་ཐུགས་རྗེ་ཅན་གྱི་སྐྱེས་རབས་འཆད་ཚུལ་མདོར་བསྡུས་དང་གསུམ་བདུད་རྩིའི་དགའ་སྟོན་ལ། 10

3 གསུང་མགུར་གྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། 113

4 རྒྱལ་བའི་བསྟན་པའི་གོ་རིམ་ནོར་བ་བཀག་ནས་མ་ནོར་བ་གསལ་བར་སྟོན་པའི་བསྟན་བཅོས་བསྟན་འཛིན་མཁས་པའི་དགའ་སྟོན་ལ། 32

5 སྤོང་བ་བསམ་གཏན་པ་རྣམས་ལ་བསླབ་པའི་ཁྲིམས་སུ་བཅའ་བའི་མན་ངག་ལག་ཏུ་བཅང་བདེ་བ་རི་ཆོས་མེ་ཏོག་ཕྲེང་མཛེས་ལ། 8

6 གནས་དབེན་པར་སྡོད་པའི་ཆོས་མཛད་མཐའ་དག་ལ་ཉེ་བར་མཁོ་བའི་རི་ཆོས་མུ་ཏིག་གི་ཕྲེང་བ་ལ། 140

7 རབ་བྱུང་མ་རྣམས་ལ་བསླབ་ཁྲིམས་སུ་བཅས་པ་ཐར་པའི་ཐེམ་སྐས་ལ། 8

8 རྒྱུད་སྡེ་གཞིའི་རྣམ་གཞག་དང་ས་ལམ་གྱི་བགྲོད་ཚུལ་ཇི་ལྟ་བ་བཞིན་འཆད་པ་རྒྱུད་སྡེ་ནོར་བུའི་བང་མཛོད་ཅེས་བྱ་བར།214

དཀར་ཆག་ལ། 3

00947 ག་

1 དགེ་ཚུལ་གྱི་བསླབ་བྱ་ཚུལ་ཁྲིམས་རྣམ་པར་དག་པའི་བསིལ་ཁང་ལ། 8

2 དགེ་ཚུལ་གྱི་བླང་འདས་སོ་དྲུག་གི་ཕྱོགས་མཐུན་ངོས་འཛིན་གསལ་བར་བཀོད་པ་ལ། 11

3 འདུལ་བའི་བསླབ་བྱ་དགེ་སློང་ལ་རབ་ཏུ་གཅེས་པའི་ནོར་ཞེས་བྱ་བ་ལ། 50

4 འདུལ་བ་མདོ་རྩ་བའི་སྤྱི་དོན་དང་དཀའ་གནད་རབ་ཏུ་བཤད་པ་འདུལ་གཞུང་ནོར་བུའི་ཕྲེང་བ་ལ། 118

5 འདུལ་གཞུང་ནོར་བུའི་ཕྲེང་བ་ཞེས་བྱ་བ་ལས་གཞི་སྨད་ཀྱི་རྣམ་པར་བཤད་པ་ལ། 83

6 འདུལ་གཞུང་ནོར་བུའི་ཕྲེང་བ་ཞེས་བྱ་བ་ལ་ལས་ཞུ་བ་སྤྱིར་བསྟན་གྱི་རྣམ་པར་བཤད་པ་ལ། 38

7 དམ་པའི་ཆོས་འདུལ་བ་མདོ་རྩ་བའི་དཀའ་གནད་རབ་ཏུ་བཤད་པ་ནོར་བུའི་དོ་ཤལ་ཞེས་བྱ་བ་ལ། 174

8 ཐེག་པ་གསུམ་གྱི་ས་དང་ལམ་གྱི་རྣམ་པར་གཞག་པ་ཐུབ་བསྟན་མཛེས་པའི་ལྡན་ལ། 54

9 རྗེ་བཙུན་འཇམ་པའི་དབྱངས་ལ་བསྟོད་པ་དཔལ་ཡེ་ཤེས་ཡོན་ཏན་བཟང་པོའམ་གང་བློ་མའི་འགྲེལ་པ་ལེགས་ལམ་གསལ་བའི་སྒྲོན་མེ་ལ། 41

10 མཆོག་གསུམ་རྗེས་དྲན་གྱི་མདོ་འགྲེལ་ཐོབ་པས་རྒྱུད་སྲོལ་ཞེས་བྱ་བ་ལ། 12

11 སྒྲོལ་མ་ཕྱུག་འཚལ་ཉེར་གཅིག་གི་འབྲུ་འབྲེལ་ཉུང་བསྡུས་ཚིག་དོན་གསལ་བའི་སྒྲོན་མེ་ཞེས་བྱ་བ་ལ། 7

12 རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོ་ལྟ་བུའི་རྗེས་སུ་འཇུག་པ་སྨོན་ཚིག་རྒྱལ་སྲས་ལམ་བཟང་ལ། 9

དཀར་ཆག་ལ། 3

00948 ང་

1 བསྟན་བཅོས་མངོན་པར་རྟོགས་པའི་ལྡན་གྱི་འགྲེལ་པ་ཚིག་དོན་རབ་ཏུ་གསལ་བའི་སྒྲོན་མེ་ལ། 110

2 ཕར་ཕྱིན་རྣམ་བཤད་སྙིང་པོའི་ལྡན་གྱི་དཀའ་བའི་གནད་རྣམ་པ་འབྱེད་པའི་བསྟན་བཅོས་ལེགས་བཤད་ཀུན་གྱི་ཡང་སྙིང་ལས་སྐབས་དང་པོ་ལ། 127

3 སྐབས་གཉིས་པ་དང་གསུམ་པ་ལ། 46

4 སྐབས་བཞི་པ་ལ། 83

5 སྐབས་ལྔ་པ་དྲུག་པ་བདུན་པ་ལ། 51

6 སྐབས་བརྒྱད་པ་ལ། 36

དཀར་ཆག་ལ། 2

00949 ཅ་

1 རང་དང་གཞན་གྱི་གྲུབ་པའི་མཐའ་རྣམ་པར་གཞག་པའི་བསྟན་བཅོས་ལེགས་པར་བཤད་པའི་སྒྲོན་མེ་ལ། 171

2 དབུ་མ་ལ་འཇུག་པའི་རྣམ་བཤད་དགོངས་པ་རབ་ཏུ་གསལ་བའི་སྒྲོན་མེ་ལ། 146

3 དབུ་མ་ལ་འཇུག་པའི་དཀའ་གནད་ངེས་དོན་གསལ་བའི་སྒྲོན་མེ་ལ། 114

4 ཟབ་མོའི་ཚིག་འགྲེལ་ལེགས་བཤད་གཞུང་བཟང་བལྟ་བའི་མིག་ལ། 5

5 ཟབ་མོ་དབུ་མའི་གནད་ཅུང་ཟད་བརྗོད་པ་བློ་གསལ་དགའ་བའི་གཏམ་ཞེས་བྱ་བ་མི་ཕམ་རྣམ་རྒྱལ་བ་ཀླན་ཀ་བགྱིས་པ་དང་པོ་ལ། 17

6 དེའི་སྙིང་པོ་བསྡུས་ནས་སླར་ཡང་འཇམ་དབྱངས་རྣམ་རྒྱལ་གྱི་འདོད་ཚུལ་ལ་ཀླན་ཀ་བགྱིས་པ་ཟབ་མོའི་གཏམ་ལ།..8

7 མི་ཕམ་རྣམ་རྒྱལ་གྱི་རྩོད་པའི་ཡང་ལན་ལོག་ལྟའི་ཁོང་ཁྲག་འདོན་པའི་ཁྲག་སྨན་ལ། 146

8 ལི་ཐང་སྡེ་གཞུང་སྤྲུལ་སྐུའི་དྲིས་ལན་པདྨ་དཀར་པོའི་ཕྲེང་བ་ལ། 5

དཀར་ཆག་ལ། 2

00950 ཆ་

1 དམ་པའི་ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་ལེགས་བཤད་གསེར་གྱི་ལྡེ་མིག་ཅེས་བྱ་བའི་གནས་དང་པོ་ལ། 41

2 གནས་གཉིས་པའི་རྣམ་བཤད་ལ། 53

3 གནས་གསུམ་པའི་རྣམ་བཤད་ལ། 53

4 གནས་བཞི་པའི་རྣམ་བཤད་ལ། 58

5 གནས་ལྔ་པ་པའི་རྣམ་བཤད་ལ། 30

6 གནས་དྲུག་པའི་རྣམ་བཤད་ལ། 32

7 གནས་བདུན་པའི་རྣམ་བཤད་ལ། 23

8 གནས་བརྒྱད་པའི་རྣམ་བཤད་ལ། 25

9 མངོན་པ་མཛོད་ཀྱི་དཀའ་བའི་གནད་རབ་ཏུ་བཤད་པ་བློ་གསལ་བྱེ་བའི་འཇུག་ངོགས་ལ། 31

10 བློ་གསལ་བྱེ་བའི་འཇུག་ངོགས་ལས་གནས་གཉིས་པ་ལ། 45

11 གནས་གསུམ་པ་ལ། 42

12 གནས་བཞི་པ་ལ། 54

13 གནས་ལྔ་པ་ལ། 25

14 གནས་དྲུག་པ་ལ། 31

15 གནས་བདུན་པ་དང་བརྒྱད་པ།38

00951 ཇ་

1 རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པའི་འགྲེལ་པ་ཆོས་ཀྱི་གྲགས་པའི་དགོངས་ལྡན་ལས་རང་དོན་ལེའུའི་རྣམ་བཤད་ལ། 145

2 ཚད་མ་གྲུབ་པའི་ལེའུའི་རྣམ་བཤད་ལ། 84

3 མངོན་སུམ་ལེའུའི་རྣམ་བཤད་ལ། 137

4 གཞན་དོན་ལེའུའི་རྣམ་བཤད་ལ། 94

5 ཚད་མ་སྡེ་བདུན་གྱི་བསྡུས་གཞུག་བློ་གྲོས་པད་ཚལ་བཞད་པའི་ཉིན་བྱེད་ལ། 62

6 རྟགས་རིགས་ཀྱི་རྣམ་གཞག་ཡང་དག་རིགས་པའི་སྒོ་འབྱེད་ལ། 24

7 བློ་རིག་གི་རྣམ་གཞག་ཉུང་བསྡུས་བློ་གསལ་མགྲིན་པའི་ལྡན་ལ། 26

8 རྟགས་རིགས་དང་བློ་རིག་གི་དོན་བསྡུས་ལ། 11

དཀར་ཆག་ལ། 2

00952 ཉ་

1 ཕྱི་ནང་གི་གྲུབ་མཐའ་གནད་བསྡུས་རིན་ཆེན་གསལ་བའི་སྒྲོན་མེ་ལ། 25

2 དགེ་འདུན་ཉི་ཤུའི་སྡོམ་ཚིག་ཐར་ལམ་གསལ་བའི་སྒྲོན་མེ་ལ། 7

3 དགེ་འདུན་ཉི་ཤུའི་སྤྱི་བཤད་མཐའ་དཔྱོད་ཀྱིས་སྤྲས་པ་མཁས་པ་དགྱེས་པའི་དབྱངས་སྙན་ལ། 37

4 ཕར་ཕྱིན་དཀའ་གནད་ལ་ཉེ་བར་མཁོ་བའི་བསམ་གཟུགས་ཀྱི་རྣམ་གཞག་ཐུར་དུ་བཀོད་པ་དཔྱིད་ཀྱི་རྒྱལ་མོའི་སྒྲ་དབྱངས་ལ། 31

5 ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ལ་དྲང་ངེས་ཇི་བཞིན་འབྱེད་པའི་མཛད་པ་ལས་བརྩམས་ཏེ་བསྟོད་པ་དཔག་བསམ་ལྗོན་པའི་བླ་བཟང་ལ། 44

6 བྱང་སེམས་ཀྱི་སྡོམ་པའི་བསླབ་བྱ་སྡོམ་པ་ཉི་ཤུའི་འགྲེལ་པ་བྱང་སེམས་ཀྱི་ཚུལ་ཁྲིམས་རྣམ་པར་དག་བྱེད་འཆི་མེད་བདུད་རྩིའི་རྒྱུན་བཟང་ལ། 26

7 བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པའི་འབྲུ་འགྲེལ་རབ་ཏུ་གསལ་བའི་སྣང་བ་ལ། 9

8 དཔལ་ལྡན་བླ་མ་དམ་པ་ལ་བསྟོད་པའི་རབ་ཏུ་ཕྱེད་པ་དད་པའི་པད་མོ་བཞད་པའི་དྲི་བསུང་ལ། 5

9 སྐུ་གསུམ་ལ་བསྟོད་པའི་འགྲེལ་པ་ཀླུ་སྒྲུབ་དགོངས་ལྡན་ལ། 21

10 ཤེས་རབ་སྙིང་པོའི་འགྲེལ་པ་ཟབ་དོན་གསལ་བའི་སྒྲོན་མེ་ལ། 21

11 ཚ་གསུར་གྱི་ཆོ་ག་ཉམས་སུ་ལེན་པའི་དམིགས་རིམ་བདུད་རྩིའི་རྒྱུན་བཟང་ལ། 6

12 འཕོ་ཁྲིད་ཉམས་ལེན་ཁྱེར་བདེ་ལ། 5

13 མངོན་བརྗོད་བསྡུས་པ་བློ་གསལ་འཇུག་པའི་ཁང་བཟང་ལ། 13

14 བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་དུ་སྐལ་ལྡན་གྱི་སློབ་མར་བཅུག་ནས་དབང་བསྐུར་བའི་རྣམ་བཤད་དངོས་གྲུབ་འདོད་འཇོ་ལ། 41

15 ཆོས་རྒྱལ་ནང་སྒྲུབ་སྐྱེ་བསྟོད་པ་བརྐྱངས་བསྐུམ་མའི་འགྲེལ་པ་བདུད་དཔུང་མཐར་བྱེད་ལ། 7

16 བླ་མ་ལྔ་བཅུ་པའི་རྣམ་བཤད་རྡོ་རྗེ་ཐེག་པའི་ལམ་སྟོན་ལ། 20

17 དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་བསྐྱེད་རིམ་དངོས་གྲུབ་བདུད་རྩིའི་བུམ་བཟང་ལ། 56

18 དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་རིམ་གཉིས་ཀྱི་ཁྲིད་དངོས་གྲུབ་བདུད་རྩིའི་བུམ་བཟང་ལས་རིམ་པ་གཉིས་པའི་ཁྲིད་ལ། 21

19 ཛམྦྷ་ལ་དམར་པོའི་སྒྲུབ་ཐབས་དག་སྣང་མ་དངོས་གྲུབ་བདུད་རྩིའི་དཔལ་སྟེར་ལ། 12

20 མ་ཅིག་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དབང་ཚིགས་སུ་བཅས་པ་ཤིན་ཏུ་ཁྱེར་བདེ་འཆི་མེད་བདུད་རྩིའི་དགའ་སྟོན་ལ། 7

21 མ་ཅིག་གྲུབ་རྒྱལ་ལུགས་ཀྱི་ཚེ་དཔག་མེད་ལ་སྟོང་མཆོད་འབུལ་བའི་ཆོ་ག་འཆི་མེད་དཔལ་སྟེར་ལ། 6

22 རྣམ་རྒྱལ་ལྷ་དགུའི་སྒོ་ནས་ཚེ་ཡི་དངོས་གྲུབ་སྒྲུབ་ཅིང་སྟོང་མཆོད་བྱ་བའི་ཆོ་ག་ཚེ་ཡི་མཆོག་སྦྱིན་བུམ་བཟང་ལ།9

23 སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་སྟོང་མཆོད་འབུལ་བའི་ཆོ་ག་ཡིད་བཞིན་དབང་རྒྱལ་ལ། 7

24 རྣམ་སྲས་གསོལ་ཀ་དང་གཡང་སྐྱབས་སྦྲགས་པས་གཡང་སྒྲུབ་བྱེད་ཚུལ་ལ། 25

25 བཀའ་སྲུང་དམ་ཅན་རྒྱ་མཚོ་ལ་མཆོད་གཏོར་འབུལ་བའི་ཆོ་ག་རྣམས་ཕྱོགས་གཅིག་ཏུ་བཀོད་པ་ལ། 53

དཀར་ཆག་ལ། 3

00953 ཏ

1 བྱམས་ཆོས་སྡེ་ལྔའི་འགྲེལ་པ་ལས་མདོ་སྡེ་ལྡན་གྱི་འགྲེལ་པ་བྱམས་མགོན་དགྱེས་པའི་མཆོད་སྤྲིན་ལ། 255

2 ཐེག་པ་ཆེན་པོ་རྒྱུད་བླ་མའི་འགྲེལ་པ་བྱམས་མགོན་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་ལ། 115

3 དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་པ་པདྨ་དཀར་པོའི་འཁྲི་ཤིང་ལ། 45

4 ཆོས་དང་ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་པ་ལམ་གྱི་སྙིང་པོ་ཞེས་བྱ་བ་ལ། 17

5 ཐུགས་དམ་བདེ་གཤེགས་བཅུ་གཉིས་ཀྱི་སྒྲུབ་ཐབས་སྙིང་གི་ནོར་བུ་ལ། 8

6 གསུང་ཐོར་བུ་ལས་མ་ཎི་འདོན་ཚུལ་དང༌།སྙུང་གནས་ཆོ་ག་བཅས་ལ། 51

དཀར་ཆག་ལ། 2

00954 ཐ

1 ཕྱིན་ཅི་ལོག་བཞིའི་གཉེན་པོ་བདག་མེད་བཞི་བསྒོམ་པའི་ལམ་རིམ་མན་ངག་བདུད་རྩི་སྙིང་པོ་ལ། 69

2 ཆོས་ལ་སློབ་པའི་ཚུལ་ལམ་ཡང་དག་བསྟན་པའི་གཏམ་ལ། 86

3 ལམ་བླ་བུ་དང་བཅས་པའི་མན་ངག་སྣང་གསུམ་མཛེས་པ་ལ། 113

4 རྒྱལ་སྲས་ལག་ལེན་སོ་བདུན་མའི་འགྲེལ་པ་སྤྱོད་པ་རྒྱ་མཚོར་བགྲོད་པའི་གྲུ་གཟིངས་ལ། 29

5 དེའི་ས་བཅད་ལ། 4

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།བྲག་དཀར་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་ནི་ཡུལ་མདོ་སྨད་ཀྱི་སའི་ཆ་ཛི་ཀ་ཞེས་པར་རབ་བྱུང་བཅུ་བཞི་པའི་ས་སྦྲུལ་ཏེ་1809 ལོ་ལ་སྐུ་འཁྲུངས།དགུང་ལོ་ལྔ་ལ་ཕེབས་དུས་གདན་ས་བྲག་དཀར་གྱི་ཁྲིར་བཞུགས།ཡི་གེ་འབྲི་ཀློག་སོགས་སྦྱངས།དགུང་ལོ་བཅུར་འཁྲུངས་སར་མཆོག་སྦྲུལ་རིན་པོ་ཆེའི་དྲུང་དུ་རབ་བྱུང་གི་སྡོམ་པ་བཞེས།དགུང་ལོ་བཅུ་བདུན་ལ་དབུས་ཕྱོགས་སུ་ཕེབས་ནས་བླ་བློ་གསལ་གླིང་གྲྭ་ཚང་དུ་ཆོས་ཞུགས་མཛད།གཞུང་ཆེན་པོད་ལྔ་ལ་སློབ་གཉེར་མཛད།དགུང་ལོ་ཉི་ཤུ་རྩ་གསུམ་སྐབས་མི་ཕམ་རྣམ་རྒྱལ་རྒྱ་མཚོའི་སྤྱོད་འཇུག་ཤེར་ལེའི་འགྲེལ་པ་ཀེ་ཏ་ཀའི་གོང་འོག་རྣམས་སུ་ལུང་རིགས་ཡང་དག་དང་འགལ་ཚབས་ཆེ་བ་མང་ཙམ་གཟིགས་པ་ཀླན་ཀ་བགྱིས་པ་དང༌།ལོ་དེ་ནང་དུ་ཟབ་མོ་དབུ་མའི་གནད་ཅུང་ཟད་བརྗོད་པ་བློ་གསལ་དགའ་བའི་གཏམ་གསར་དུ་བརྩམས།ཁྲི་ཆེན་རྡོ་རྗེ་འཆང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།དགུང་ལོ་ཉི་ཤུ་རྩ་བདུན་ཐོག་མདོ་སྨད་དུ་བྱོན་ཏེ།ཧོར་ཁོག་དགོན་དུ་གཞུང་པོད་ལྔའི་རྩོད་གྲྭ་དང༌།གསང་སྔགས་ཀྱི་རྒྱུད་གྲྭ་གསར་དུ་བཙུགས་ཏེ་ཕྱོགས་འདིའི་ཡུལ་གྲུ་སྟོད་སྨད་ཀྱི་གདུལ་བྱ་རྣམས་ལ་དམ་པའི་ཆོས་ཀྱི་ཆར་ཕབ།སྐུ་ཚེའི་སྨད་ཆའི་མཛད་པའི་སྐོར་གསལ་བ་རྙེད་སོན་མ་བྱུང༌།འདིར་གསུང་འབུམ་པོད་དགུ་བཞུགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།