ཐེ་བོ་སྤྲུལ་སྐུ་ཡེ་ཤེས་ཐུབ་བསྟན་རྒྱ་མཚོའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-09-30 07:18:31         ཀློག་ཐེངས།  

པར་པོད།ཤོག་གྲངས།

00944

1 བྱང་ཆུབ་ལམ་གྱི་རིམ་པ་ཆུང་ངུའི་ཟིན་བྲིས་བློ་གསལ་རྒྱ་མཚོའི་འཇུག་ངོགས་ཞེས་བྱ་བར།191

2 གདན་ས་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་གདན་རབས་མུ་ཏིག་ཕྲེང་བ་དང་རྟེན་དང་བརྟེན་པར་བཅས་པའི་དཀར་ཆག་ཆེད་དུ་བརྗོད་པ་རྣ་བའི་བཅུད་ལེན་ཞེས་བྱ་བ་ལ། 105

3 གྲུབ་པའི་དབང་ཕྱུག་ཡེ་ཤེས་བསྟན་འཛིན་དཔལ་བཟང་པོ་བཀའ་དྲིན་ཅན་དེའི་རྣམ་པར་ཐར་པ་རྣམ་གྲོལ་བླ་བཟང་གྲུབ་པའི་དགའ་སྟོན་ཞེས་བྱ་བར།82

4 ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོའི་འགྲེལ་པ་གདུང་སེལ་ག་བུར་གསར་པའི་ཆུ་རྒྱུན་ལ། 25

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།ཐེ་བོ་སྤྲུལ་སྐུ་ཡེ་ཤེས་ཐུབ་བསྟན་རྒྱ་མཚོ་ནི་རབ་བྱུང་བཅུ་གསུམ་པ་མེ་སྟག 1806ལོ་ལ་འཁྲུངས།སྐུ་གཞོན་དུས་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་ཆོས་ཞུགས་མཛད་ནས་གཞུང་ཆེན་བཀའ་པོད་ལྔར་སློབ་གཉེར་མཛད།དགུང་ལོ་སོ་བཞི་ས་ཕག་ལོ་གོང་གི་བཀའ་བཞིན་མདོ་སྨད་ཡུལ་གྲུ་ཁག་ལ་རྒྱལ་བ་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོའི་གསེར་སྡོང་བཞེངས་རྒྱུའི་ཆེད་འབུལ་སྡུད་མཁན་པོར་ཕེབས་འདུག་རྗེ་འདིའི་སྐུ་ཕྲེང་རྗེས་མ་གསེར་ཏོག་བློ་བཟང་ཚུལ་ཁྲིམས་ཡིན།དགུང་ལོ་ཞེ་གཅིག་མེ་རྟ་1846 ལོ་ལ་གཤེགས།འདིར་གསུང་འབུམ་པོད་གཅིག་བཞུགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།