ཁལ་ཁ་ངག་དབང་དཔལ་ལྡན་གྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-09-30 07:17:52         ཀློག་ཐེངས།  

པར་པོད།ཤོག་གྲངས།

00942དང་པོ།

1 གྲུབ་མཐའ་ཆེན་མོའི་མཆན་འགྲེལ་དཀའ་གནད་མདུད་གྲོལ་བློ་གསལ་གཅེས་ནོར་ཞེས་བྱ་བ་ལས་གྲུབ་མཐའ་སྤྱི་བཤད་སོགས་ལེའུ་དང་པོ་བདུན་གྱི་སྐབས་ལ། 176

2 གྲུབ་མཐའ་ཆེན་མོའི་མཆན་འགྲེལ་དཀའ་གནད་མདུད་གྲོལ་བློ་གསལ་གཅེས་ནོར་ཞེས་བྱ་བ་ལས་དབུ་མ་ཐལ་རང་གི་སྐབས་ལ། 200

00943གཉིས་པ།

1 བསྟན་བཅོས་མངོན་རྟོགས་ལྡན་ཚིག་དོན་གྱི་སྒོ་ནས་བཤད་པ་བྱམས་མགོན་ཞལ་ལུང་ལ། 102

2 བློ་གསལ་གླིང་པ་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་དབུ་ཕར་གྱི་ཡིག་ཆའི་བཤད་ཚུལ་བཀོད་པ་བློ་གསལ་དགའ་སྟོན་ལ། 116

3 དུས་ཚིག་གི་མཆན་འགྲེལ་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ལ། 32

4 གྲུབ་མཐའ་བཞིའི་ལུགས་ཀྱི་ཀུན་རྫོབ་དང་དོན་དམ་གྱི་རྣམ་བཤད་ལ། 136

5 སྤྱིར་བསྟན་སྐབས་ཀྱི་རྣམ་གཞག་ལ། 100

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།ཁལ་ཁ་ངག་དབང་དཔལ་ལྡན་ནི་རབ་བྱུང་བཅུ་གསུམ་མེ་སྟག་1806 ལོ་ལ་འཁྲུངས།དགུང་ལོ་བཞི་བཅུར་ཕེབས་སྐབས་མཚན་ཉིད་ཀྱི་གཞུང་གྲུབ་མཐའ་ཆེན་པོའི་མཆན་འགྲེལ་ཞིབ་ཕྲ་གསལ་བ་ཞིག་དབུ་བརྩམས་ནས་རི་བོ་རྩེ་ལྔར་མཇུག་རྫོགས་པར་མཛད་ཅིང༌།དེ་རྗེས་ཁལ་ཁ་ཁུ་རེ་ཆེ་མོར་ཤིང་པར་དུ་བསྐྲུན་འདུགདགུང་ལོ་ང་གསུམ་1859 ཐོག་མངོན་རྟོགས་ལྡན་གྱི་ཚིག་དོན་གྱི་འགྲེལ་པ་བརྩམས་པར་མ་ཟད།སྒོ་མང་དང་བློ་གསལ་གླིང་གི་མཚན་ཉིད་ཡིག་ཆའི་བཤད་ཚུལ་བཀོད་པ་བློ་གསལ་དགའ་སྟོན་ཟེར་བ་སོགས་བརྩམས།པོད་གསུམ་ཙམ་ཡོད་པ་ལས་འདིར་པོད་གཉིས་ཆ་མ་ཚང་ཙམ་བཞུགས།སྐུ་ཚེ་ཐ་མའི་མཛད་པའི་སྐོར་མ་རྙེད་པ་འདིར་མ་བྲིས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།