ཨ་ཁུ་ཤེས་རབ་རྒྱ་མཚོའི་གསུང་འབུམ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-09-30 07:13:35         ཀློག་ཐེངས།  

དཀར་ཆག

པར་བོད།ཤོག་གྲངས།

00932 ཀ་

1 རྗེ་བཙུན་བླ་མ་ཐམས་ཅད་མཁྱེན་པ་ཤེས་རབ་རྒྱ་མཚོ་དཔལ་བཟང་པོའི་རྣམ་ཐར་དང་འབྲེལ་པའི་གསོལ་འདེབས་བསྟོད་འགྲེལ་ཤེས་ལྡན་དད་པའི་ཆུ་གཏེར་འཕེལ་པའི་ཟླ་ཤེལ་ཕྲེང་བ་ལ། 88

2 མཁས་གྲུབ་ཆེན་པོ་མི་ཏྲ་ཛོ་ཀིའི་རྟོགས་བརྗོད་ཟུང་འཇུག་གྲུབ་པའི་གཏམ་སྙན་ལ། 3

3 རྗེ་ཙོང་ཁ་པ་ཆེན་པོའི་བསྟོད་པ་རྩ་འགྲེལ་གྱི་བཤད་ལུང་གི་བརྗེད་བྱང་ཐོར་བུ་ནོར་བུའི་ཕྲ་ཚོམ་ལ། 35

4 རྟེན་འབྲེལ་བསྟོད་པ་རྩ་འགྲེལ་གྱི་བཤད་ལུང་གི་བརྗེད་བྱང་ཐུབ་དབང་དགྱེས་པའི་མཆོད་སྤྲིན་ལ། 39

5 སྲད་རྒྱུད་ལུགས་ཀྱི་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མར་གྲགས་པའི་ཁྲིད་ཀྱི་ཟིན་བྲིས་དངོས་གྲུབ་ནོར་བུའི་སྙེ་མ་ལ། 28

6 དགའ་ལྡན་ལྷ་བརྒྱ་མའི་དམིགས་རིམ་བརྗེད་བྱང་བཀོད་པ་ཟབ་ལམ་ནོར་བུའི་གན་མཛོད་ལ། 16

7 དགའ་ལྡན་ལྷ་བརྒྱ་མའི་གཞུང་བསྲང་ཁྲིད་ཀྱི་ཟིན་བྲིས་ལ། 13

8 རྗེ་བདག་ཉིད་ཆེན་པོའི་སྲས་ཀྱི་མཐུ་བོ་མཁས་གྲུབ་སྨྲ་བའི་ཉི་མ་ལ་ཆིག་བརྒྱུད་དུ་གསོལ་བའི་བླ་མའི་རྣལ་འབྱོར་གྱི་བརྗེད་བྱང་གྲུབ་གཉིས་དགའ་སྟོན་ལ། 8

9 སྲད་རྒྱུད་ལུགས་ཀྱི་དགའ་ལྡན་འཕོ་ཁྲིད་སྐྱེ་བརྗེད་བྱང་མི་ཕམ་བླ་མའི་ཞལ་ལུང་ལ། 9

10 རྗེ་བདག་ཉིད་ཆེན་པོ་སོགས་ཀྱི་སྐུ་བརྙན་འགའ་ཞིག་གི་ལོ་རྒྱུས་ཅུང་ཟད་བརྗོད་པ་མཉན་པར་འོས་པའི་གཏམ་གྱི་ཕྲེང་བ་ལ། 12

11 ཡོངས་སུ་གྲགས་པའི་སྨོན་ལམ་ལྔའི་གཞུང་གི་མཚམས་རྣམ་པར་འབྱེད་པ་གསལ་བྱེད་ཉི་མའི་ཕྲེང་བ་ལ། 14

12 ཀུན་མཁྱེན་སྐུ་ཕྲེང་གསུམ་པ་ཆོས་གྲྭར་ཕེབས་པའི་ཚོགས་གཏམ་ཟིན་ཐོ།གསུང་བཀོད་བསླབ་བྱ།དེའི་དུས་མཆོད་དང་འབྲེལ་པའི་རྣམ་ཐར།བསླབ་བྱ་གྲལ་འཕྲོས།བླ་མའི་ཞལ་གདམས་བཅས་ལ། 16

13 དཔལ་དུས་ཀྱི་འཁོར་ལོའི་ཐུགས་དཀྱིལ་གྱི་འདོན་བསྒྲིགས་བདུད་རྩིའི་བུམ་བཟང་ལ། 20

14 དེའི་བསྐྱེད་རིམ་གྱི་རྣམ་གཞག་འཇམ་དཔལ་ཞལ་ལུང་ལ། 79

15 དེའི་ཞི་བའི་སྦྱིན་སྲེག་གི་ཆོ་ག་གསལ་བར་བཤད་པ་འཇམ་དཔལ་དགོངས་ལྡན་ལ། 29

16 དེའི་ཐུགས་དཀྱིལ་གྱི་སྒོ་ནས་བསྙེན་པ་བྱ་ཚུལ་དངོས་གྲུབ་རྣམ་གཉིས་འགུགས་པའི་ལྕགས་ཀྱུ་ལ། 14

དཀར་ཆག་ལ། 2

00933 ཁ་

1 དཔལ་གསང་བ་འདུས་པ་འཕགས་ལུགས་ལྷ་སོ་གཉིས་པའི་རིམ་པ་དང་པོའི་ཁྲིད་དམིགས་བརྗེད་བྱང་མི་བསྐྱོད་མགོན་པོའི་ཞལ་ལུང་ལ། 102

2 དཔལ་གསང་བ་འདུས་པའི་རྫོགས་རིམ་རིམ་ལྔའི་དམར་ཁྲིད་སྐྱེ་བརྗེད་བྱང་མི་བསྐྱོད་ཞལ་གྱི་བདུད་རྩི་ལ། 39

3 འདུས་པའི་རྩ་རྒྱུད་ཀྱི་རྨང་གཞི་སྤས་བཤད་ཀྱི་ཡི་གེ་བཞི་བཅུའི་གསལ་བྱེད་རྡོ་རྗེའི་ལམ་གྱི་སྒྲོན་མེ་ལ། 3

4 གྲུབ་ཆེན་ལྰུ་ཨི་པའི་ལུགས་ཀྱི་དཔལ་འཁོར་ལོ་སྡོམ་པའི་བསྐྱེད་རིམ་ཁྲིད་ཀྱི་ཟིན་བྲིས་ཧེ་རུ་ཀའི་ཞལ་ལུང་ལ། 71

5 འཁོར་ལོ་སྡོམ་པའི་རྫོགས་རིམ་རྣལ་འབྱོར་ཆེན་པོའི་དམར་ཁྲིད་ཧེ་རུ་ཀའི་ཞལ་ལུང་ལ། 28

6 བདེ་མཆོག་བསྐྱེད་རིམ་འདོད་འཇོ་དང་རྫོགས་རིམ་དངོས་གྲུབ་སྙེ་མའི་བསྡུས་དོན་ལ། 4

7 འཇམ་དཔལ་དུས་དགྲའི་དབང་པོ་མ་ཧེའི་གདོང་ཅན་ལྷ་བཅུ་གསུམ་པའི་རིམ་པ་དང་པོའི་ཟབ་ཁྲིད་ཟིན་བྲིས་འཇིགས་མཛད་རྡོ་རྗེའི་ཞལ་ལུང་ལ། 68

8 འཇིགས་བྱེད་ལྷ་བཅུ་གསུམ་པའི་རྫོགས་རིམ་རྣལ་འབྱོར་བཞིའི་ཁྲིད་སྐྱེ་བརྗེད་བྱང་འཇིགས་མཛད་ཞལ་གྱི་བདུད་རྩི་ལ། 26

9 བཅོམ་ལྡན་འདས་འཇིགས་མཛད་རྡོ་རྗེ་དཔའ་བོ་གཅིག་པ་ལ་བརྟེན་པའི་ཞི་ཁྲོ་སྦྲགས་སྒྲུབ་ཀྱི་གདམས་པའི་གསལ་བྱེད་ཤེས་རབ་རལ་གྲིའི་འོད་ཟེར་འབུམ་འབྱེད་ལ། 9

10 འཇིགས་བྱེད་དཔའ་གཅིག་ལ་བརྟེན་ནས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་སྒྲུབ་པའི་མན་ངག་རྡོ་རྗེའི་ཚིག་གི་མདུད་སྒྲོལ་ལ། 5

11 འཇམ་དབྱངས་ཆོས་སྐོར་གྱི་རྗེས་གནང་ཁྲིད་དང་བཅས་པའི་བརྗེད་བྱང་ཐུགས་རྗེ་ཉིན་བྱེད་འོད་ཀྱིས་ཕྱེ་བའི་དད་པའི་པདྨོའི་འཛུམ་ཟེར་ལ། 9

12 འཇམ་དཔལ་ཞི་དྲག་གི་གདམས་པ་སྲ་བརྟན་རྡོ་རྗེའི་གོ་ཆ་ལ། 8

13 རྒྱ་ར་ཆོས་སྐྱོང་རྒྱ་མཚོའི་ལྟ་ཁྲིད་སྐྱེ་བརྗེད་བྱང་སྙིང་གི་ཐིག་ལེ་ལ། 5

14 ནྰ་རོའི་ཆོས་དྲུག་ཡིད་ཆེས་གསུམ་ལྡན་གྱི་བཤད་ལུང་ཟིན་ཐོ་དང༌།སྒྲོལ་མའི་རྗེས་གནང་གི་ཟིན་ཐོ་བཅས་ལ། 10

15 ནི་གུ་ཆོས་དྲུག་གི་ཁྲིད་སྐྱེ་བརྗེད་བྱང་ཁྱུང་པོའི་སྙིང་ནོར་ལ། 6

16 དུས་འཁོར་བསྐྱེད་རིམ་བཤད་ལུང་གི་བརྗེད་བྱང་འཇམ་དཔལ་གསུང་གི་འོད་ཟེར་ལ། 21

17 ཕྱུག་རྡོར་འཁོར་ཆེན་གྱི་རྫོགས་རིམ་རྩོམ་འཕྲོ་ལ། 5

18 རྔོག་དཀྱིལ་བདུན་ལས་བརྩམས་པའི་གཏམ་དུ་བརྗོད་པ་སྙ་བསྐུལ་ལྷའི་རྔ་སྒྲ་ལ། 4

དཀར་ཆག་ལ། 2

00934 ག་

1 ཐུན་དྲུག་བླ་མའི་རྣལ་འབྱོར་གྱི་ཁྲིད་ཀྱི་ཟིན་བྲིས་རིག་འཛིན་སྙིང་གི་དོ་ཤལ་ལ། 19

2 ངག་བྱིན་རླབས་ཀྱི་ཁྲིད་ཡིག་ངག་གི་ཉེས་པ་ཀུན་སེལ་ལ། 6

3 རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་དམིགས་ཡི་གེར་བཀོད་པ་ཡིད་ཀྱི་གདུང་སེལ་ལ། 16

4 ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་གི་ཁྲིད་ཀྱི་ཟིན་བྲིས་སྡིག་ལྟུང་མུན་སེལ་ལ། 5

5 དམ་ཚིག་རྡོ་རྗེའི་བཟླས་པའི་ཁྲིད་ཀྱི་ཟིན་བྲིས་ཉམས་ཆག་དག་བྱེད་གངྒྰའི་མཆོད་ཡོན་ལ། 12

6 ཉམས་ལེན་གནད་ཀྱི་ཞལ་གདམས་རིན་ཆེན་སྒྲོམ་བུ་ལ། 4

7 དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་བདག་འཇུག་གི་གསལ་བྱེད་དངོས་གྲུབ་རྒྱ་མཚོའི་རླབས་ཕྲེང་ལ། 23

8 འཇིགས་བྱེད་དཔའ་བོ་གཅིག་པ་བརྟེན་པའི་སྐུ་གདུང་སྲེག་ཆོ་ག་ལ། 3

9 བླ་མཆོད་དང་ཕྱག་ཆེན་སྦྲགས་པའི་ཟིན་བྲིས་ལ། 85

10 བླ་མཆོད་དང་ཕྱག་ཆེན་སྦྲགས་པའི་ཁྲིད་ཟིན་སྲིད་ཞིའི་གདུང་སེལ་བདུད་རྩིའི་ཆུ་རྒྱུན་ལ། 43

11 བླ་མ་མཆོད་པའི་བསྡུས་དོན་ཟབ་དོན་གདམས་པའི་མིག་འབྱེད་ལ། 16

12 བླ་མཆོད་དང་འབྲེལ་པའི་འཕོ་བཞག་གཅིག་མའི་ཉམས་ཁྲིད་སྐྱེ་བརྗེད་བྱང་རྣམ་དག་གྲོང་དུ་འཇུག་པའི་ལམ་བཟང་ལ། 9

13 དབེན་ས་སྙན་བརྒྱུད་ལས་བྱུང་བའི་འོད་དཔག་མེད་ཀྱི་འཕོ་བ་དཔའ་བོ་གཡུལ་འཇུག་མའི་ཁྲིད་ཟིན་སྣང་མཐའི་ཞལ་ལུང་ལ། 27

14 གྲུ་རྒྱལ་ལུགས་ཀྱི་ཚེ་ཁྲིད་འཆི་མེད་བདུད་རྩིའི་རླབས་ཕྲེང་ལ། 6

15 སྒྲ་མི་སྙན་གྱི་ཚེ་སྒྲུབ་སྐྱེ་བརྗེད་བྱང་འཆི་མེད་གྲུབ་པའི་ཞལ་ལུང་ལ། 10

16 སྒྲ་མི་སྙན་གྱི་ཚེ་སྒྲུབ་སྐྱེ་བརྗེད་བྱང་འཆི་མེད་དཔལ་སྟེར་ལ། 7

17 ཚེ་སྒྲུབ་ལེ་ཚན་གསུམ་གྱི་ཟིན་བྲིས་འཆི་མེད་འདོད་འཇོ་ལ། 3

18 གཙུག་ཏོར་རྣམ་པར་རྒྱལ་མའི་སྒོ་ནས་ཚེ་རིལ་སྒྲུབ་ཚུལ་ཁྱེར་བདེ་བཀོད་པ་ལ། 5

19 འཕགས་མ་ཡིད་བཞིན་འཁོར་ལོའི་ཚེ་ཁྲིད་དཔག་བསམ་ལྗོན་པའི་ཕྲེང་བ་ལ། 17

20 འཕགས་མ་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་སྒོ་ནས་ཚེའི་དངོས་གྲུབ་སྒྲུབ་པའི་གདམས་པ་མི་བཤིགས་འོད་ཀྱི་གུར་ཁང་ལ། 11

21 འཕགས་མ་ཡིད་བཞིན་འཁོར་ལོའི་ཚེ་ཁྲིད་ཟླ་འོད་སྙེ་མ་ལ། 5

22 འཇམ་དབྱངས་དཀར་པོའི་ལས་ཚོགས་ཀྱི་ཁྲིད་ཀྱི་ཟིན་བྲིས་མི་ཟད་ངག་གི་འདོད་འཇོ་ལ། 19

23 གཏོར་མ་བརྒྱ་རྩའི་ཁྲིད་སྐྱེ་བརྗེད་བྱང་བདུད་རྩིའི་དགའ་སྟོན་ལ། 14

24 ཀླུའི་བུམ་གཏེར་གྱི་གདམས་པའི་གསལ་བྱེད་རིན་ཆེན་བུམ་བཟང་ལ། 6

25 རྣམ་སྣང་མངོན་བྱང་གི་ཞི་བའི་སྦྱིན་སྲེག་གི་ཆོ་ག་ཟླ་བའི་འཁྲི་ཤིང་ལ། 8

26 དེའི་དཀྱིལ་འཁོར་གྱི་རྡུལ་ཚོན་ཆབ་ལ་སྤྱན་འདྲེན་པའི་ཆོ་ག་བཀྲ་ཤིས་ཆར་འབེབས་ལ། 4

27 བརྒྱུད་འདེབས་འགའ་ཞིག་ལ། 4

28 གཅོད་སྐྱེ་བརྒྱུད་འདེབས་ཁ་སྐོང་ལ། 4

29 མ་ཅིག་ཁྲོས་མ་ལྷ་ལྔའི་ཞི་བའི་སྦྱིན་སྲེག་ལག་ལེན་རབ་གསལ་ལ། 8

30 མགོན་པོའི་རབ་གནས་ཀྱི་ཡིག་ཆུང་བླ་མའི་ཞལ་ལས་འབྱུང་བ་ལྟར་བཀོད་པ་ལ། 2

31 དཔལ་ལྡན་དམག་ཟོར་རྒྱལ་མོའི་བསྙེན་པ་ཇི་ལྟར་བྱ་ཚུལ་གསལ་བར་བཀོད་པ་དགེ་ལེགས་གསེར་གྱི་སྙེ་མ་ལ།10

32 ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་གཏོར་འབུལ་འདོད་གསོལ་འཕྲིན་ལས་སྒོ་འབྱེད་ལ། 2

33 སྐྱེས་མཆོག་རྡོ་རྗེ་ལེགས་པའི་སྐུ་བརྙན་ལ་གཟུངས་འབུལ་ཚུལ་དམ་ཅན་དགྱེས་དགུར་རྩེན་པའི་པད་མཚོ་ལ། 4

དཀར་ཆག་ལ། 2

00935 ང་

1 ཕྲེང་བའི་དབང་བཤད་ཟིན་ཐོ་གསང་ཆེན་གནད་ཀྱི་སྒྲོན་མེ་ལ། 37

2 མི་ཏྲའི་དབང་བཤད་ཟིན་ཐོ་རྣམ་གྲོལ་བདུད་རྩིའི་སྙེ་མ་ལ། 16

3 དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་ཕྲེང་བ་སོགས་ནས་འབྱུང་བའི་ཐིག་འདེབས་ཚུལ་ཕྱོགས་བསྒྲིགས་དོན་གཉེར་ཡིད་ཀྱི་གདུང་སེལ་ལ། 25

4 དཀྱིལ་འཁོར་གྱི་ལྷའི་མཚན་མ་འགོད་པ་དང་རྡུལ་ཚོན་བཀྱེ་བའི་ཚུལ་རྡོར་ཕྲེང་ལས་ཟུར་བཀོལ་བཅས་ལ། 28

5 ཕྲེང་བ་དང་ཀྲི་ཡ་ནས་གསུངས་པའི་དཀྱིལ་འཁོར་གྱི་ཐིག་དང་ལྷའི་རྣམ་གཞག་མི་ཏྲ་རྡོར་ཕྲེང་གི་དཀྱིལ་འཁོར་ཞལ་སྟོན་བཅས་ལ། 71

6 མི་ཏྲ་རྡོར་ཕྲེང་གཉིས་ཀྱི་དབང་གི་ལག་ལེན་ཟིན་བྲིས་མདོ་ཙམ་བཀོད་པ་ལ། 37

7 གཤེད་དམར་གྱི་དབང་བཤད་ཟིན་བྲིས་འཇམ་དཔལ་དགོངས་ལྡན་ལ། 10

8 དཔལ་དུས་ཀྱི་འཁོར་ལོའི་ས་གར་དང་མཆོད་གར་གྱི་སྔགས་དོན་བརྡ་བཀྲོལ་ཁུངས་ལྡན་བདུད་རྩིའི་ཟེགས་མ་ལ།17

9 སྔགས་ཕྱོགས་ཀྱི་གསུང་ཐོར་བུ་འགའ་ཞིག་ལ། 13

10 དཀྱིལ་འཁོར་རྡོ་རྗེ་ཕྲེང་བ་སོགས་ཀྱིས་མཚོན་པའི་ཉེར་མཁོའི་ཐིག་དང་བཤད་པ་ལག་ལེན་དུ་མའི་སྐོར་ལ་བརྗེད་བྱང་མཛད་པ་ལ། 145

11 དཀྱིལ་འཁོར་སོ་སོའི་བློས་བསླངས་ཀྱི་ཁྲིད་གསན་སྐབས་ཀྱི་་བསྙེལ་བྱང་ལ། 22

དཀར་ཆག་ལ། 2

00936 ཅ་

1 བསྟན་པའི་གནད་ཀུན་རྫོགས་པའི་གདམས་པ་བྱང་ཆུབ་བདེ་ལམ་གྱི་ཞལ་ཤེས་བདུད་རྩིའི་དབྱིངས་ཀྱི་སྒོ་འབྱེད་ལ།183

2 བྱང་ཆུབ་ལམ་རིམ་ཆེན་མོའི་བཤད་ལུང་ཟིན་བྲིས་ལ། 91

3 བྱང་ཆུབ་ལམ་གྱི་རིམ་པའི་ཞལ་གདམས་རིན་ཆེན་དོ་ཤལ་ལ། 9

4 མདོ་སྔགས་ཡོངས་རྫོགས་ཀྱི་ལམ་ལ་དཔྱད་སྒོམ་བྱེད་ཚུལ་གྱི་ཞལ་ཆེམས་ལེགས་བཤད་ཆེ་གཏེར་འཕེལ་བའི་རླབས་ཕྲེང་སྙིང་གི་ཐུར་མ་ལ། 7

5 འཇམ་མགོན་བླ་མའི་ཐུགས་བཅུད་ལམ་གཙོའི་གསུང་སྒྲོས་མི་བཤིགས་རྡོ་རྗེའི་ཟེགས་མ་ལ། 9

6 ལམ་གཙོའི་གདམས་ངག་བསྟན་པའི་འཁོར་ལོའི་ཞལ་ལུང་ལ། 9

7 ལམ་གཙོའི་ཟིན་ཐོ་བློ་གཏེར་པད་མོ་རྒྱས་པའི་ཉིན་བྱེད་ལ། 7

8 ལམ་གཙོ་དང་སེམས་བསྐྱེད་མཆོད་པའི་ཟིན་བྲིས་ལ། 11

9 ཡོན་ཏན་གཞི་གྱུར་མའི་ཟིན་བྲིས་གདུང་སེལ་སྨན་གྱི་མྱུ་གུ་ལ། 13

10 སྤྱན་འདྲེན་ཁྲུས་གསོལ་གྱི་དམིགས་རྣམ་མདོར་བསྡུས་ཕན་བདེའི་གྲུ་ཆར་འབྱེད་པའི་རྫོགས་ལྡན་སྤྲིན་གྱི་སྒྲ་དབྱངས་ལ། 9

11 མཁྱེན་གཏེར་ངག་དབང་བཀྲ་ཤིས་ཀྱི་གསུང་བྱང་ཆུབ་ལམ་གྱི་རིམ་པའི་གསུང་ཟིན་བརྗེད་བྱང་དུ་བཀོད་པ་ལ། 17

12 འཇམ་དགོན་སྡེ་ཁྲི་རིན་པོ་ཆེའི་དྲུང་ནས་གསན་པའི་སྐྱེས་རབས་སོ་བཞི་པའི་ཆོས་ཐུན་དང་པོའི་གསུང་བཤད་ཟིན་བྲིས་ལ། 6

13 སྤྱོད་འཇུག་གི་བཤད་པའི་ཟིན་ཐོ་ཞལ་ལུང་བདུད་རྩིའི་ཟེགས་མ་ལ། 4

14 གསོལ་འདེབས་འགའ་ཞིག་ལ། 14

15 ཚེ་རབས་རྗེས་འཛིན་གྱི་སྨོན་ཚིག་དོན་གཉིས་བླ་སྟེར་དང༌།འདོད་དོན་པད་མོ་བཞད་པའི་ཉིན་བྱེད་ལ། 4

16 བསངས་མཆོད་ཀྱི་སྐོར་ལ། 6

17 སྐྱེས་རབས་སོ་བཞིའི་བཤད་པའི་ཟིན་བྲིས་ལ། 22

དཀར་ཆག་ལ། 2

00937 ཆ་

1 ཐོག་མཐའ་བར་དུ་དགེ་བའི་དམ་པའི་ཆོས་ཀྱི་ཐོབ་ཡིག་མདོ་སྔགས་ཟབ་རྒྱས་བདུད་རྩིའིརྒྱ་མཚོ་ལས་སྐྲ་རྩེས་བླངས་པའི་ཆེ་ཐིགས་ཞེས་བྱ་བ་ལ། 513

00938 ཇ་

1 འདུལ་བ་མདོ་རྩའི་བརྗེད་བྱང་བླང་དོར་རྣམ་འབྱེད་ལ། 40

2 བསྟན་བཅོས་མངོན་པར་རྟོགས་པའི་ལྡན་གྱི་ཚིག་གི་ས་མཚམས་རྣམ་པར་བལྡན་པ་གཞུང་དོན་ལྟ་བའི་མིག་འབྱེད་ལ། 19

3 ཀུན་མཁྱེན་བར་པའི་དོན་བདུན་ཅུའི་རྣམ་གཞག་གི་གསུང་བཤད་ཟིན་ཐོ་ལ། 13

4 འཇམ་མགོན་སྡེ་ཁྲི་རིན་པོ་ཆེའི་དྲུང་དུ་མདོ་སྡེ་ལྡན་གྱི་བཤད་པ་གསན་པའི་ཟིན་བྲིས་ལ། 14

5 མདོ་ལྡན་སྦྱར་བའི་གསུང་བཤད་སྐྱེ་བརྗེད་བྱང་ཐོར་བུ་ལ། 41

6 བསྟན་བཅོས་ཆེན་པོ་དབུ་མ་ལ་འཇུག་པའི་བརྗེད་བྱང་མཐར་འཛིན་ཚ་གདུང་སེལ་བའི་ཟླ་བའི་འོད་ཟེར་ལ། 46

7 དགག་གཞི་རྐྱང་རྩིས་ལ། 2

8 མདོ་ཕྱོགས་ཀྱི་གསུང་ཐོར་བུ་འགའ་ཞིག་ལ། 27

9 དཔེ་རྒྱུན་དཀོན་པ་འགའ་ཞིག་གི་ཐོ་ཡིག་དོན་གཉེར་ཡིད་ཀྱི་ཀུནྡ་བཞད་པའི་ཟླ་འོད་འབུམ་གྱི་སྙེ་མ་ལ། 60

10 འདུལ་བ་དང་སྔགས་ཀྱི་ཚིག་བཀྲ་ལ། 34

11 སྒྲའི་དཀའ་གནས་ལས་བརྩམས་པའི་བརྗེད་བྱང་དབྱངས་ཅན་རོལ་མཚོ་ལ། 29

12 དབྱངས་ཅན་སྒྲ་ཊིཀྐ་གི་མཆན་ཕྱུག་བྲིས་ལས་བསྡུས་པ་ལ། 70

13 ཉེར་མཁོའི་ཟིན་ཐོ་ཆེ་ཐིགས་ཕྲེང་བ་ལ། 19

14 འདོད་གསོལ་དང་གསུང་མགུར་བསླབ་བྱའི་སྐོར་ལ།།16

དཀར་ཆག་ལ། 2

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།ཨ་ཁུ་ཤེས་རབ་རྒྱ་མཚོ་ནི་མདོ་སྨད་ནང་ཚན་ཞུ་བེད་དུ་ཡབ་ནོ་ཁོ་དང་ཡུམ་ཙིན་ཐར་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ཆེ་ཕག་གི 1803 ལོར་སྐུ་འཁྲུངས།ཆུང་ངུའི་དུས་ནས་རིག་གནས་སོགས་ལ་སྦྱང་བརྩོན་མཛད།དགུང་ལོ་བཅུ་གཉིས་ལ་སྐྱབས་མཚན་རྡོ་རྗེ་འཆང་སྐུ་ཞང་བླ་མས་གྲྭ་རྒྱུན་དུ་ཕུལ།དགུང་ལོ་བཅུ་དྲུག་ལ་གནས་བརྟན་རྡོ་རྣམས་པའི་དྲུང་དུ་དགེ་ཚུལ་བསྒྲུབས།ཐོས་བསམ་གླིང་གི་ཆོས་གྲྭར་ཞུགས།གཞུང་ཆེན་ལ་སྦྱངས་པ་གནང༌།གུང་ཐང་འཇམ་དཔལ་དབྱངས་དང༌།དཔལ་མང་རྡོ་རྗེ་འཆང༌།སྡེ་ཁྲི་རིན་པོ་ཆེ།འཇིགས་མེད་དབང་པོ་ལ་སོགས་པའི་བླ་མ་སུམ་ཅུ་ལས་བརྒྱལ་བ་བསྟེན་ཅིང༌།གཞན་ཡང་གཏོར་བཟོ།བཅའ་གཤོམས།ཕྱུག་བྲིས་སོགས་ཕུལ་བྱུང་དུ་གྱུར།བླ་མའི་བཀའ་བཞིན་དྲུང་ཡིག་གི་ལས་འགན་བསྣམས།དགུང་ལོ་ཉེར་བརྒྱད་ཐོག་རྗེ་བཙུན་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།མཚན་ཤེས་རབ་རྒྱ་མཚོ་གསོལ།གུང་ཐང་བསྟན་སྒྲོལ་གྱི་བཀའ་ལྟར་བདེ་ལམ་གྱི་ཟིན་བྲིས་སོགས་ལྗགས་རྩོམ་གནང༌།དགུང་ལོ་ལྔ་བཅུ་ཐམ་པ་ནས་བཟུང་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེན་པོ་བསྐོར།སྐུ་ཚེ་ཐ་མའི་མཛད་པའི་སྐོར་རྣམ་ཐར་རྙེད་སོན་མ་བྱུང་བས་འདིར་བྲིས་མེད།གསུང་འབུམ་པོད་བདུན་བཞུགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།