ལྷ་རྩེ་ཡེ་ཤེས་ཆོས་འཕེལ་གྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-09-30 07:08:31         ཀློག་ཐེངས།  

པར་པོད།ཤོག་གྲངས།

00924

ཀརྗེ་ཉིད་ཀྱི་རྣམ་ཐར་ལ། 155

ཁམཚན་སྔགས་ལ། 1

གརྩ་བའི་བླ་མ་རྡོ་རྗེ་འཛིན་པ་བློ་བཟང་མགོན་པོར་གསོལ་བ་འདེབས་པ་ལ། 2

ངལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་མདོར་བསྡུས་ལ། 46

ཅཏེ་ལོ་ནྰ་རོསོགས་དང་ཚེ་ཁྲིད་བརྒྱུད་པའི་བླ་མའི་རྣམ་ཐར་ལ། 9

ཆགྲུ་ཐོབ་བརྒྱད་ཅུའི་རྟོགས་བརྗོད་བསྡུས་དོན་དངོས་གྲུབ་གཏེར་མཛོད་ལ། 27

ཇའཁོན་རིགས་བླ་མའི་གདུང་རུས་ཀྱི་ལོ་རྒྱུས་མདོར་བསྡུས་ལ། 4

ཉམདོ་སྔགས་ཀྱི་བླ་བརྒྱུད་ཁ་སྐོང་ལ། 4

ཏསྟོན་པའི་ཆོ་འཕྲུལ་བྲིས་ཐང་དང་ལམ་ཁྲིད་འཇམ་དཔལ་ཞལ་ལུང་གི་བྲིས་ཐང་ལ། 10

ཐའཁྲུངས་རབས་སོ་བཞིའི་བྲིས་ཐང་འབྲི་ཚུལ་དང་འབྲེལ་བའི་རྣམ་བཤད་མདོར་བསྡུས་བཅས་ལ། 15

དའདུལ་བའི་རྣམ་གཞག་མདོར་བསྡུས་ལ། 6

ནསེམས་བསྐྱེད་ཆོ་ག་དང་བཀའ་གདམས་ཐོར་བུ་མྱུར་ལམ་དམར་ཁྲིད་གྱི་སྒྲ་བཤད་བཅས་ལ། 7

པཐེག་ཆེན་བློ་སྦྱོང་གི་ཟིན་བྲིས་ལ། 21

ཕབློ་སྦྱོང་ཟིན་བྲིས་སྐྱིད་པའི་དགའ་སྟོན་ལ། 14

བབདེན་གཉིས་དང་བྱང་ཕྱོགས་ཀྱི་ཆོས་སོ་བདུན་མདོར་བསྡུས་ལ། 9

མའཇིགས་བྱེད་སེར་པོའི་སྒོ་ནས་ཚེ་སྒྲུབ་དང་འཇམ་དཔལ་ཞི་ཁྲོ་སྦྲགས་སྒྲུབ་བཅས་ཀྱི་ངག་འདོན་མདོར་བསྡུས་ལ། 2

ཙདཔལ་རྡོ་རྗེ་འཇིགས་བྱེད་སེར་པོའི་སྒྲུབ་ཐབས་དང༌།རྗེས་གནང་བྱ་ཚུལ་བཅས་ལ། 6

ཚའཇིགས་བྱེད་ཀྱི་ས་ཆོག་གི་ཆོག་བསྒྲིགས་རྒྱས་པ་ལ། 7

ཛའཇིགས་བྱེད་བསྐྱེད་རིམ་ལ། 17

ཝདབེན་ས་སྙན་བརྒྱུད་ཀྱི་འཇིགས་བྱེད་སྔོན་འགྲོའི་གཏོར་མ་དང་ལས་བཞི་སྒྲུབ་ཚུལ་དང༌།བསྙེན་ཡིག་འཇམ་དཔལ་ཞལ་ལུང་ནས་ཉེར་མཁོ་ཟུར་དུ་བྲིས་པ་ལ། 6

ཞའཇིགས་བྱེད་དཔའ་གཅིག་གི་ཞི་བའི་སྦྱིན་སྲེག་དང་བཅུ་ཆའི་སྦྱིན་སྲེག་བཅས་ཀྱི་ཆོ་ག་ལ། 3

ཟརབ་གནས་དགེ་ལེགས་ཆར་འབེབས་མའི་ཟུར་རྒྱན་མདོར་བསྡུས་ལ། 5

འའཇིགས་བྱེད་ལ་བརྟེན་ནས་ཆེ་ཆོག་དང་སྐྱིད་སྦུག་ཇོ་བོའི་བསྟོད་པ།རབ་གནས་གཏོར་མ་བརྒྱ་རྩའི་རྣམ་བཤད།ཤིང་སློང་གི་ཆོ་ག་ལོ་ཏོག་ལ་དམིགས་པའི་གཏོར་མ།འཆི་བླུ།རྣམ་འཇོམས་ཁྲུས་མའི་སྒྲུབ་ཚུལ་བྱམས་པས་དམ་བཅས་པའི་གཟུངས་འདོན།མཆོད་རོལ་འབུལ་ཚུལ།སྐུ་ཐང་གི་རྒྱབ་ཡིག་བཅས་པ་ལ། 13

ཡམཁའ་སྤྱོད་མའི་བཟླས་ལུང་འབུལ་ཚུལ་ལ། 1

རབྱང་ཕྱོགས་ཐར་པའི་ལམ་སྟོན་དང༌།གསོན་པོའི་སྒྲིབ་སྦྱོང༌།གཤིན་པོ་ངན་སོང་ཀྱི་སྒོ་འགོག་པའི་སྲུང་སྐུད་གཏེར་ཚུལ་ལ། 9

ལམཐོང་གྲོལ་མཆོད་རྟེན།དོན་ཞགས་བྲིས་སྐུ།རྣམ་བཅུ་དབང་ལྡན།སྡོམ་བརྩོན་ཚེ་རིང༌།ལྗོང་དྲུགམཐུན་པ་རྣམ་གསུམ་བཅས་དང༌།དགའ་ཆོས་དང༌།ལྷ་ཆོས་གཉིས་ཀྱི་གཟུངས་པར་དཀར་ཆགགྲོམ་པ་གྱང་གི་སྐོར་ཚད་བཅས་ལ།6

ཤསྒྲུབ་ཐབས་རིན་ཆེན་འབྱུང་གནས་ཀྱི་རྗེས་གནང་གི་བཅའ་གཞི་གཤོམས་ཚུལ་མདོར་བསྡུས་ལ། 20

སསྒྲོལ་མ་གཡུ་མདོས་ཀྱི་་བཅའ་གཞི་དང་ས་བདག་གདོན་འགྲོལ་གྱི་བཅགཞི་བཅས་ལ། 4

ཧརྣམ་རྒྱལ་སྟོང་མཆོད་ཀྱི་ཆོག་བསྒྲིགས་དང་སྒྲོལ་མ་མན་ཌལ་བཞི་ཆོག་གི་ཆོག་བསྒྲིགས་བཅས་ལ། 8

ཨའཇམ་དབྱངས་དམར་སེར་གྱི་སྒོམ་བཟླས།ངག་ནད་སེལ་ཐབས།ལྟུང་བཤགས་ཀྱི་དམིགས་རིམ།བདེ་མཆོག་གི་བསྙེན་པ་བྱ་ཚུལ།མགོན་དཀར་གྱི་བུམ་སྒྲུབ།མཚམས་མཐོ་ཆོས་རྒྱལ་དུ་བསྐྱེད་ཆོག་ཆོས་རྒྱལ་འཁོར་བཅས་ལ་དབྱུ་གུ་དྲུག་ཅུ་འབུལ་ཚུལ།དཔལ་ལྡན་ལྷ་མོའི་བསྙེན་པ་བྱ་ཚུལ།ལྕམ་སྲིང་གི་བསྙེན་ཡིག་བཅས་ལ། 6ཀིརྟེན་འབྲེལ་བསྟོད་པ།བྱམས་བསྟོད་ཚངས་སྤྱོད་མ།ཐོག་མའི་བློ་སྦྱོང་བྱང་སེམས་ཀྱི་ཉེས་ཆད་ཞེ་དྲུག་བཟང་སྤྱོད་

བྱམས་སྨོན།སྤྱོད་འགྲེལ་རྒྱལ་སྲས་མ།སྤྱོད་འཇུག་བསྔོ་བའི་ལེའུ།སྨོན་ལམ་བདུན་ཅུ་པ།སྒྲོལ་བསྟོད་ས་བཅད་བཅས་ལ། 19

ཁུགསང་བདེ་འཇིགས་གསུམ་དྲག་པོའི་སྦྱིན་སྲེག་ལྟོ་འཕྱེ་ལྕགས་མཁར་ཟུར་དགུ་སོགས་ཀྱི་ཐིག་གི་ཟབ་གནད་ལ། 6

གེབདེ་གཤེགས་མཆོད་རྟེན་བརྒྱད་དང་ཁང་བརྩེགས་བཅས་ཀྱི་ཐིག་རྩ་ལ། 6

ངོསྨན་བླའི་མདོ་ཆོག་གི་ཚིག་དོན་གོ་དཀའ་བ་འགའ་ཞིག་གི་འགྲེལ་བཤད་ལ། 4

ཅིབསངས་བཤད་ཟུར་བཀོལ་ལ། 10

ཆེཡིད་བཞིན་མགོན་པོའི་བསྐད་འཕྲིན་མདོར་བསྡུས་ལ། 5

ཇེརྒྱལ་བ་འོད་མཚན་མགོན་པོའི་གོས་སྐུ་མཐོང་བ་དོན་ལྡན་གསར་བཞེངས་སྐོར་དཀར་ཆག་ངོ་མཚར་གཏམ་རྒྱུད་ལ།16

ཉོལྷ་ཆོས་དགའ་ལྡན་བྱམས་པ་ལྷ་ཁང་དང་འོག་མིན་ལྷ་ཁང་བཅས་ཀྱི་སྣོད་བཅུད་ཀྱི་དཀར་ཆག་ལ། 14

ཏིདབེན་གནས་དགའ་ལྡན་ཆོས་གླིང་གི་གནད་བསྟོད་དང་འབྲེལ་པའི་ཞལ་གདམས་དགའ་ལྡན་མཁའ་སྤྱོད་བླ་མར་གསོལ་བའི་ཆབ་ཤོག་བཅས་ལ། 4

ཐུཤིང་ཕག་ལོ་སྡེ་ཡུལ་ནང་ནས་རྒྱང་དུ་རྟེན་བཞེངས་དང༌།ཉམས་གསོ་མཛད་པའི་དཀར་ཆག་ལ། 8

དེ1 སྨན་ཐུང་གི་ཆོག་བསྒྲིགས་ལ། 5

དེ2 གསན་ཡིག་རིན་ཆེན་གཏེར་མཛོད་ལ། 43

ནོལྷ་རྩེ་ཆོས་རྫོང་གཉིས་ཀྱི་དཀར་ཆག་ལ། 10

པིབསྐྱེད་རྫོགས་སྐོར་སོགས་ཟབ་གནད་འགའ་ཞིག་ལ། 9

ཕུགཅོད་ཀྱི་ཆོ་རེ་ལྷོངས་ཆོད་གསུམ་གྱི་སྐོར་ལ། 3

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།ལྷ་རྩེ་ཡེ་ཤེས་ཆོས་འཕེལ་ནི་འཁྲུངས་ཡུལ་ལྷ་རྩེ་དང༌།རུས་ནི་མགར་གྱི་རྒྱུད་ཡབ་ཁྱིམ་བདག་ཕུན་ཚོགས་དང༌།ཡུམ་བུ་ཁྲིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ས་རྟ་1798ལོ་ལ་འཁྲུངས།དགུང་ལོ་ལྔ་ལ་ལྷ་ཆོས་དགའ་ལྡན་གླིང་གི་ཆོས་གྲྭར་ཞུགས་ནས་མཁན་པོ་ཡེ་ཤེས་ཆོས་འཕེལ་ནས་སྐྲ་ཕུད་བཞེས།དགུང་ལོ་བརྒྱད་ལ་གོང་གི་མཁན་པོའི་དྲུང་ནས་རབ་བྱུང་གི་སྡོམ་པ་བཞེས་ཏེ།མཚན་ཡེ་ཤེས་ཆོས་འཕེལ་དུ་གསོལ།སློབ་དཔོན་ཐོགས་མེད་གྲགས་པ་ཚུལ་བཞིན་བསྟེན་ནས་ཡི་གེ་ཀློག་པ་དང༌།ཆོས་སྤྱོད་སོགས་ཐུགས་འཛིན་མཛད་ཅིང༌།དེ་ནས་འདུལ་མཛོད་དབུ་ཕར་བཞིའི་རྩ་བ་དང༌།འདོན་ཆ་སོགས་རྒྱུགས་འབུལ་མཛད།དགུང་ལོ་བཅུ་གཉིས་སྐབས་ནས་ཐུན་དྲུག་རྣལ་འབྱོར་ལ་ཐུགས་བརྩོན་མཛད།དགུང་ལོ་བཅུ་བཞིའི་ཐོག་སློབ་དཔོན་བློ་བཟང་མགོན་པོའི་དྲུང་ནས་གཞི་དུས་ཀྱི་ཤི་བར་དོ་གསུམ་དང༌།ལམ་དུས་སྐུ་གསུམ་སོགས་ཀྱི་ཁྲིད་ཞུ་བར་མཛད།ཕྱིན་ཆད་སྙོམས་ཆུང་སྡོད་མཁས་ཀྱི་སྲོག་འཚོའི་

འཚོ་བར་བརྟེན་ནས་སྟོབས་བཞིའི་ཕྱུག་འབུམ་དང༌།སྔོན་འགྲོ་ཁྲིད་ཆེན་བཞི་ལན་མང་གསོག་པར་མཛད།དགུང་ལོ་བཅུ་བདུན་ལ་ཕེབས་སྐབས་དགེ་རྒན་གྱི་དགོངས་རྫོགས་སྒྲུབ་པར་ཡུམ་དང་ལྷན་དུ་ལྷ་སར་ཕེབས་ནས།སྙེ་ཐང་ར་བ་སྟོད་དུ་རྒྱལ་དབང་ཚུལ་ཁྲིམས་རྒྱ་མཚོ་མཇལ་ཕྱུག་ཞུ་བར་མཛད།ཇོ་ཤག་རྣམ་གཉིས་དང་སེ་བླ་སོགས་གནས་གཟིགས་ཀྱིས་བཀྲས་ལྷུན་བརྒྱུད་ངམ་རིང་དུ་ཕྱིར་ཕེབས་ནས་ཆོས་སྡེར་གྲྭ་སྐོར་ཟིན་རྗེས་རབ་འབྱམས་པའི་མཚན་བཏགས་མཛད།དགུང་ལོ་ཉེར་དགུའི་ཐོག་རྗེ་བཙུན་བླ་མ་བློ་བཟད་དཔལ་ལྡན་བསྟན་པའི་ཉི་མ་དཔལ་བཟང་པོའི་མདུན་ནས་དགེ་སློང་གི་སྡོམ་པ་བཞེས།དགུང་ལོ་སུམ་ཅུའི་ཐོག་ངམ་རིང་དགོན་དུ་ཚོགས་ཡོངས་ལ་གསང་བདེ་འཇིགས་གསུམ་གྱི་དབང་སོགས་གནང༌།དགུང་ལོ་སོ་གཅིག་ལོན་སྐབས་ལྷ་ལྡན་དུ་ཇོ་ཤག་རྣམ་གཉིས་མཇལ་བ་དང་བླ་སྦུངས་སུ་གཙང་བ་རྡོ་རྗེ་འཆང་ཀུན་སྤང་ཡེ་ཤེས་བསྟན་འཛིན་མཇལ་ནས་བཀའ་ཁྲིད་དང༌།ཕྲལ་ཕུགས་ཀྱི་་བཀའ་སློབ་རྗེས་འཛིན་དགྱེས་བཞིན་གསོལ་ནས་ཕྱིར་ཕེབས།དགུང་ལོ་སོ་ལྔའི་ཐོག་བདེ་ཆེན་རི་ཁྲོད་དུ་ཕེབས་ནས་རྟ་མགྲིན་གྱི་ལྗགས་བསྙེན་དང༌།སྔོན་འགྲོའི་ཁྲིད་ཆེན་ལ་ཐུགས་བརྩོན་དྲག་པོ་མཛད།དགུང་ལོ་རེ་གསུམ་ལ་ལྷ་ས་དང་བསམ་ཡས་མཇལ་བར་ཕེབས་སྐབས་ལྷ་ལྡན་དུ་ཞག་ཤས་བཞུགས་རིང་བླ་གཙང་པ་རྡོ་རྗེ་འཆང་གི་མཆོག་སྦྲུལ་དང༌།ཚེ་གླིང༌།ཉི་ཐང་སྦྲུལ་སྐུ་སོགས་ལ་འཇིགས་བྱེད་ཀྱི་རྗེས་གནང་གསོལ།སྲིད་སྐྱོང་ཁྲི་ཟུར་བློ་བཟང་མཁྱེན་རབ་དབང་ཕྱུག་གི་དྲུང་ནས་ཚེ་དཔག་ལྷ་དགུའི་དབང་ཆེན་ཞུ་བར་མཛད།བཀྲས་ལྷུན་བརྒྱུད་བདེ་ཆེན་རི་ཁྲོད་དུ་ཕེབས་ནས་ཐུགས་དམ་ཁོ་ནར་གཞོལ།དགུང་ལོ་དོན་གསུམ་སྟེ་ལྕགས་རྟ་1870 ལོ་ལ་སྐུ་གཤེགས།འདིར་གསུང་འབུམ་པོད་གཅིག་བཞུགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།