ཐོ་ཡོན་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན་གྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-09-30 07:04:24         ཀློག་ཐེངས།  

པར་པོད།ཤོག་གྲངས།

00922 ཀ་

1 དཔལ་ལྡན་རྒྱུད་སྡེ་བཞིའི་དཀྱིལ་འཁོར་གྱི་ཆོ་ག་ནོར་བུའི་ཕྲེང་བ་སྟོད་ཆའི་ས་ཆོག་ལ། 2

2 བྱ་རྒྱུད་སྟ་གོན་ལ། 2

3 རིགས་གསུམ་སྤྱི་སྒྲུབ་ལ། 4

4 ཐུབ་པ་དམ་ཚིག་གསུམ་བཀོད་ལ། 4

5 སྨན་བླ་ལ། 3

6 གཟུངས་སྒྲ་ལྔ་ལ། 10

7 གདུགས་དཀར་ལྷ་བཅུ་བདུན་ལ། 5

8 གདུགས་དཀར་ལྷ་སོ་བདུན་ལ། 1

9 གཙུག་ཏོར་དྲི་མེད་ལ། 5

10 འོད་ཟེར་དྲི་མེད་ལ། 9

11 མི་འཁྲུགས་ལྷ་དགུ་ལ། 4

12 རྣམ་འཇོམས་སྔོན་པོ་ལ། 5

13 རྣམ་འཇོམས་སྣུར་ལུགས་ལ། 5

14 རྣམ་འཇོམས་དཀར་པོ་ལ། 8

15 ཕྱུག་རྡོར་འགྲོ་བཟང་ལུགས་ལ། 3

16 ཛེ་ཏ་རི་ཚེ་དཔག་མེད་ལྷ་དགུ་ལ། 4

17 འཆི་མེད་རྔ་སྒྲ་ལ། 4

18 ཀླུ་སྒྲུབ་ལུགས་སྤྱན་རས་གཟིགས་ལྷ་སོ་བདུན་ལ། 6

19 སྤྱན་རས་གཟིགས་དོན་ཡོད་ཞགས་པ་ལ། 10

20 སྤྱོད་རྒྱུད་རྣམ་སྣང་མངོན་བྱང་ལ། 15

21 འཇམ་དབྱངས་ཨ་ར་པ་ཙ་ལྷ་ལྔ་ལ། 5

22 གཟའ་ཡུམ་ལ། 4

23 རྣལ་འབྱོར་རྒྱུད་ཀྱི་སྟ་གོན་ལ། 2

24 རྩ་བའི་རྒྱུད་རྡོར་དབྱིངས་ལ། 23

479

25 རྩེ་མོའི་དབང་བཅུ་ལ། 27

26 དཔལ་མཆོག་རྡོ་རྗེ་སེམས་དཔའ་ལ། 16

27 དཔལ་མཆོག་རིགས་བསྡུས་དབང་བཅུ་བཞི་ལ། 22

28 ཁམ་གསུམ་རྣམ་རྒྱལ་ལ། 17

29 སྤྱོད་རྒྱུད་ཀུན་རིག་སོགས་དཀྱིལ་འཁོར་བཅུ་གཉིས་ལ། 26

30 ཆོས་དབྱིངས་གསུང་དབང་གི་དཀྱིལ་ཆོག་ལ། 23

31 འཇམ་དཔལ་གསང་ལྡན་ལ། 13

32 བླ་མེད་རྒྱུད་གསང་འདུས་འཕགས་ལུགས་ལ། 24

33 གསང་འདུས་འཇམ་དཔལ་རྡོ་རྗེ་ཡེ་ཤེས་ཞབས་ལུགས་ལ། 12

34 ཇོ་བོ་རྗེའི་ལུགས་གསང་འདུས་འཇིག་རྟེན་དབང་ཕྱུག་གི་སྒྲུབ་དཀྱིལ་ལ། 13

35 དབང་བརྒྱའི་མཚམས་སྦྱོར་བ་ལ། 28

36 དབང་བརྒྱ་ནོར་ཕྲེང་གི་བརྒྱུད་རིམ་ལ། 26

37 རྗེ་བཙུན་འཇམ་དབྱངས་ཀྱི་སྐྱེས་རབས་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ལ། 33

དཀར་ཆག་ལ། 1

00923 ཁ་

1 དཔལ་ལྡན་རྒྱུད་སྡེ་བཞིའི་དཀྱིལ་འཁོར་གྱི་ཆོ་ག་ནོར་བུའི་ཕྲེང་བའི་སྨད་ཆ་ལས་འཇིགས་བྱེད་དཔའ་བོ་གཅིག་པ་ལ།2

2 འཇིགས་བྱེད་ལྷ་བཅུ་གསུམ་ལ། 12

3 རོ་ལངས་བརྒྱད་སྐོར་ལ། 1

4 ཞེ་དགུ་མ་ལ། 2

5 དགྲ་ནག་ལ། 3

6 གདོང་དྲུག་ལ། 8

7 གཤེད་དམར་ལྷ་ལྔ་ལ། 6

8 གཤེད་དམར་ལྷ་བཅུ་གསུམ་ལ། 5

9 ཕྱུག་རྡོར་འཁོར་ཆེན་ལ། 10

10 མ་རྒྱུད་བདེ་མཆོག་སྟོད་འགྲེལ་ལུགས་ལ། 17

11ལྰུ་ཨི་པ་ལ། 17

12 དྲིལ་བུ་ཕྱི་དཀྱིལ་ལ། 8

13 ལུས་དཀྱིལ་ལ། 7

14 ངམ་རྫོང་སྙན་བརྒྱུད་ལ། 8

15 ནག་པོ་ལ། 12

16 སྐུ་བཅུ་གསུམ་ལ། 5

17 ནྰ་རོབཅུ་གསུམ་ལ། 8

18 བོང་ཞལ་ལ། 12

19 མཁའ་འགྲོརྒྱ་མཚོ་ལ། 27

20 ཀྱཻ་རྡོ་རྗེ་མན་ངག་ལུགས་ལ། 14

21ཛྙ་ནའི་ལུགས་ལ། 4

22 ཊོམ་བྷི་ལ། 4

23 མཚོ་ཀྱིས་ལ། 8

24 ནག་པོ་གས་དབང་བཞི་ལ། 10

25 སམ་པུ་ཊའི་རྡོ་རྗེ་དབྱིངས་ལ། 16

26 གུར་རིགས་བསྡུས་ལ། 13

27 རྔོགས་དཀྱིལ་ཀྱཻ་རྡོ་རྗེ་ལ། 9

28 བདག་མེད་མ་ལ། 4

29 གདན་བཞི་ཡབ་ཀ་ལ། 17

30 ཡུམ་ཀ་ལ། 9

31 ཀྱཻ་རྡོར་རིགས་བསྡུས་ལ། 11

32 སྒྱུ་འཕྲུལ་ཆེན་མོའི་མངོན་དཀྱིལ་ལ། 10

33 དུས་གསུམ་མཁྱེན་པའི་ཐུགས་དམ་བདེ་མཆོག་ལྷ་ལྔ་ལ། 12

34 རྡོ་རྗེ་ཕག་མོ་ལྷ་ལྔ་ལ། 8

35 དགྱེས་རྡོར་ལྷ་ལྔ་ལ། 1

36 སྒྲོལ་མ་ལྷ་ལྔ་ལ། 3

37 རྟ་མགྲིན་ཤ་ན་བཞི་བསྐོར་ལ། 1

38 སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ་ལ། 7

39 པད་མ་དྲ་བ་ལ། 10

40ཀུ་རུ་ཀུ་ལླེ་ལྷ་ལྔ་ལ། 4

41 ཉི་སྦས་ལུགས་སྒྲོལ་མའི་དབང་ལ། 15

དཀར་ཆག་ལ། 1

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།ཐོ་ཡོན་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན་ནི་སོག་ཡུལ་དུ་ཆིང་གེར་རྒྱལ་པོའི་རིགས་བརྒྱུད་ལས་ཡབ་དཔལ་མཆོག་དང༌།ཡུམ་དཔལ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ཆེ་བྱི་1792 ལོར་འཁྲུངས།ཡབ་ཡུམ་གཉིས་ཀྱིས་འཇམ་དཔལ་རྡོ་རྗེ་ཞེས་མཚན་གསོལ།དགུང་ལོ་བདུན་ནས་སོག་ཡིག་དང་མན་ཇུའི་ཡི་གེ་བསླབས་ཏེ་མཁས་པར་གྱུར།དགུང་ལོ་བཅུ་དྲུག་ལ་ཨམ་བན་གྱི་ཞབས་ཕྱི་ཞུས་ཤིང་རྗེས་སུ་ནང་བློན་བྱས།དགུང་ལོ་བཅུ་དགུའི་ཐོག་ཡབ་ཡུམ་གྱིས་ཧར་ཆེན་ཝང་གི་བུ་མོ་བཙུན་མོར་བསུས་ཏེ་སྲས་གཉིས་མངའ།དགུང་ལོ་ཉེར་གསུམ་ཐོག་རྩིས་ཐང་མཁན་པོ་ངག་དབང་ཤེས་རབ་ཀྱི་ཞབས་དྲུང་ནས་བྱང་ཆུབ་ལམ་རིམ་གྱི་ཁྲིད་ཞུས་པས་ཡིད་གྱུར་གྱི་མྱོང་བ་ཐོན་ཞིང་ཐུགས་ཕྱུང༌།དགུང་ལོ་ཉེར་ལྔར་ཕེབས་སྐབས་ངེས་འབྱུང་བསམ་པས་སྟོབས་འབྱོར་མངའ་ཐང་སོགས་ཐམས་ཅད་མཆིལ་མ་བཞིན་དུ་དོར་ནས་རྩིས་ཐང་མཁན་ཆེན་གྱི་ཞབས་དྲུང་དུ་སྐྲ་ཕུད་ཕུལ་ཞིང་དགེ་བསྙེན་བསྒྲུབས།གྲྭ་པའི་དབང་ཕྱུག་བློ་བཟང་ཚེ་འཕེལ་དང་སྒོ་མང་མཁན་པོ་མཐུ་སྟོབས་ཉི་མ་སོགས་ཀྱི་དྲུང་དུརྒྱལ་བའི་བཀའ་དང་བསྟན་འགྱུར་ནས་བཟུང་སྟེ་པོ་ཏི་སུམ་བརྒྱ་དང༌།དབང་ཁྲིད་བརྒྱ་ཚར་བཅས་ཀྱི་ལུང་རྒྱུན་གསན།དགུང་ལོ་ཉེར་བདུན་ཐོག་གཙང་དུ་ཕེབས།ལྷ་རྩེ་བ་ཡེ་ཤེས་བསྟན་འཛིན་གྱི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས།མཚན་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན་ཞེས་གསོལ།དགུང་ལོ་ཉེར་བརྒྱད་ཐོག་བླ་སྒོ་མང་གི་ཆོས་གྲྭར་ལོ་གཉིས་རིང་གཞུང་ཆེན་ལ་སྦྱངས།དགུང་ལོ་སུམ་ཅུར་པཎ་ཆེན་བསྟན་པའི་ཉི་མའི་དྲུང་ནས་བསྙེན་རྫོགས་བསྒྲུབས།དགུང་ལོ་སོ་གཅིག་པར་ལོ་ཤས་ནང་དགེ་བའི་བཤེས་གཉེན་བརྒྱ་དང་ལྔ་བཅུ་ལྷག་ཙམ་བསྟེན།དེའི་ནང་ནས་གུང་ཐང་བསྟན་པའི་སྒྲོན་མེ་དང༌།དངུལ་ཆུ་བླ་མ་དབང་ཕྱུག་ཆོས་བཟང༌།གསེར་ཁང་པ་བློ་བཟང་བསྟན་འཛིན་ལྟ་བུའི་རྗེས་སུ་འབྲངས་ཏེ་རྣམ་གྲོལ་སྒྲུབ་པར་བྱའོ་དགོངས་ཏེ།དགུང་ལོ་སོ་གསུམ་ཐོག་ཕ་ཡུལ་དུ་ཕེབས་ཏེ།ལོ་ཤས་རིང་མཚམས་བསྙེན་ལ་བཞུགས།དེ་རྗེས་རྒྱ་ནག་རི་བོ་རྩེ་ལྔར་ཕེབས་ཤིང་འཇིགས་བྱེད་སྐྱེ་བསྙེན་པ་མཛད།དེ་ནས་ཕྱིར་ཕེབས་རྗེས་དཔལ་མང་དཀོན་མཆོག་རྒྱལ་མཚན་ལ་སོགས་པའི་བཤེས་གཉེན་མང་པོའི་ཞབས་ལ་བསྟེན་ནས་ལུང་ཁྲིད་གསན།ཡུལ་དགོན་དེར་བཞུགས་མི་བདེ་བས་དབུས་ཕྱོགས་སུ་ཕེབས་ནས་གཙང་དང༌།ས་སྐྱ།ངོར་དགོན།ཞ་ལུ།སྟོད་ལུང༌།འཕན་པོ།སྟག་ལུང་རྣམས་སུ་བྱོན་ནས་ས་སྐྱ་དང༌།བུ་ལུགས།བཀའ་བརྒྱུད་པའི་དབང་རྗེས་གནང་ཁྲིད་ཕལ་ཆེར་གསན།ཡེར་པ་ལྷ་རིར་ཕེབས་ནས་སྤྱན་རས་གཟིགས་ཀྱི་་བསྙེན་སྒྲུབ་ལ་བཞུགས།དེ་སྐབས་དཀྱིལ་ཆོག་ནོར་བུའི་ཕྲེང་བ་ཕྱོགས་བསྒྲིགས་མཛད།དགུང་ལོ་ང་ལྔ་ནས་རེ་གཅིག་བར་བླ་བྲང་དགའ་ལྡན་ཕོ་བྲང་སོགས་སུ་དགེ་འདུན་བརྒྱ་ཕྲག་ལ་གསེར་ཆོས་བཅུ་གསུམ་དང༌།སྔགས་རིམ་ཆེན་མོའི་བཤད་ལུང༌།དཀྱིལ་མཆོག་ནོར་བུའི་ཕྲེང་བ་སོགས་ཀྱི་ཆོས་བཀའ་རྒྱ་ཆེར་གསོལ།དགུང་ལོ་རེ་གཉིས་ཐོག་ཁམས་འདུ་བིར་ཕེབས་ནས་འཇམ་དབྱངས་ཐུབ་བསྟན་ཉི་མར་ནོར་ཕྲེང་ཐེངས་གསུམ་གསོལ།དེ་ནས་ཕ་ཡུལ་དུ་ཕེབས་སྐབས་དར་རྩེ་མདོར་དམག་འཁྲུག་གིས་རྐྱེན་པས་ཕེབས་མ་ཐུབ་པར་ལྷ་སར་ཕེབས།དགུང་ལོ་རེ་གསུམ་ཐོག་དཀྱིལ་ཆོག་ནོར་ཕྲེང་གི་པར་གསར་བརྐོའི་ཞུས་དག་དང༌།བླ་བྲང་སུ་དགེ་འདུན་བརྒྱ་ཕྲག་ལ་འཆད་སྤེལ་རྒྱ་ཆེར་མཛད།དགུང་ལོ་རེ་བཞི་སྟེ་ཤིང་ཡོས་1855ལོར་སྐུ་གཤེགས།གསུང་འབུམ་པོད་གཉིས་བཞུགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།