ཆེ་བཟང་ཡེ་ཤེས་རྒྱ་མཚོའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-09-30 07:01:20         ཀློག་ཐེངས།  

པར་པོད།ཤོག་གྲངས།

00920 དང་པོ།

ཀདམ་པའི་ཆོས་རྒྱ་མཚོ་ལྟ་བུ་ལས་ཁོ་བོས་བགོ་སྐལ་ཅུང་ཟད་མྱོང་བའི་ཐོབ་ཡིག་དགའ་ལྡན་བསྟན་པའི་མཛེས་ལྡན་ལས་དབང་དང་རྗེས་གནང་གི་སྐོར་ལ། 70

ཁཁྲིད་ཀྱི་སྐོར་ལ། 46

གལུང་གི་སྐོར་ལ། 133

ངབེའུ་བུམ་གྱི་སྐོར་ལ། 66

ཅཐོར་བུའི་སྐོར་ལ། 23

00921 གཉིས་པ།

ཀབྱང་ཆུབ་ལམ་རིམ་ཆེན་མོའི་ས་བཅད་ཀྱི་ཐོག་ནས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་མན་ངག་གནད་བསྡུས་གསལ་བའི་སྒྲོན་མེ་ལ། 83

ཁབླ་མའི་རྣལ་འབྱོར་དངོས་གྲུབ་ཀུན་འབྱུང་ལ། 48

གཚེ་གཅིག་གི་ཉམས་ལེན་རྣམས་ཉིན་ཞག་ཕྲུགས་གཅིག་གིས་སྦྱར་ཏེ་ལག་ལེན་དུ་བསྟར་བའི་རིམ་པ་མདོར་བསྡུས་ལ། 49

ངམ་ཅིག་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དབང་བསྐུར་བའི་ཆོ་ག་ཁྱེར་བདེ་ལ། 65

ཅབསྟན་སྲུང་ཆེན་པོ་བཙན་རྒོད་ཡམ་ཤུད་དམར་པོ་གཙོ་འཁོར་གྱི་བསྐང་ཆོག་དངོས་གྲུབ་བུམ་བཟང་ལ། 16

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།ཆེ་བཟང་ཡེ་ཤེས་རྒྱ་མཚོ་ནི་ཤར་ཕྱོགས་ཀོང་ཡུལ་དུ་ཡབ་ཚེ་འཕེལ་དང༌།ཡུམ་མཚོ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ས་བྱ་1789 ལོ་ལ་འཁྲུངས།ཆུང་ངུའི་དུས་དགོན་པ་བཀྲ་ཤིས་རབ་བརྟན་ཏུ་བཅུག་ཅིང༌།དགེ་རྒན་ཚངས་དབྱངས་ཐུགས་རྗེ་དང་འབྱོར་རྒྱས་རྣམ་གཉིས་ནས་འགྲོ་འདུག་སྤྱོད་ལམ་དང༌།དགོན་པའི་འདོན་ཆ་ཕལ་ཆེར་བསླབས།དགུང་ལོ་བཅོ་ལྔ་ནས་བཅོ་བརྒྱད་བར་གྲྭ་ས་ཞིག་དུ་འགྲོ་འདུན་ཡང་དགེ་རྒན་དང་ཕ་མའི་བཀའ་མ་འཁྲོལ་བས་རྣམ་གཡེང་ངང་དུ་བསྡད།དགུང་ལོ་བཅུ་དགུར་བྱོལ་ཐབས་ཀྱིས་བླ་བྲང་སུ་བློ་གསལ་གླིང་གྲྭ་ཚང་དུ་ཆོས་ཞུགས་མཛད།རང་ལོ་ཉི་ཤུའི་ཐོག་གྲུབ་དབང་རིན་ཆེན་ཕུན་ཚོགས་དཔལ་བཟང་པོའི་དྲུང་ནས་དགེ་བསྙེན་བར་མ་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་མནོས།མིང་ཡེ་ཤེས་རྒྱ་མཚོ་ཞེས་པ་གསོལ།དགུང་ལོ་ཉི་ཤུ་རྩ་དྲུག་ལ་དེ་མོ་ནོ་མོན་ཧན་ཞབས་དྲུང་ནས་བསྙེན་རྫོགས་སྡོམ་པ་ཐོབ།རང་ལོ་སོ་ལྔའི་བར་སློབ་གཉེར་ཁྲལ་པོ་ཞིག་བགྱིས།རྡོ་རྗེ་འཆང་ངག་དབང་ཆོས་འཛིན་དང༌།ཁྲི་ཆེན་བྱང་ཆུབ་ཆོས་འཕེལ།བླ་མ་སྐལ་བཟང་མཁས་གྲུབ་སོགས་དྲིན་ཅན་བླ་མ་བཅུ་ཕྲག་བརྒྱལ་བ་རྣམས་ཀྱི་ཞལ་སྔ་ནས་མདོ་སྔགས་ཆོས་མང་དུ་གསན།དགུང་ལོ་ང་བདུན་ལོརྒྱལ་བ་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ་རབ་བྱུང་སྡོམ་པ་བཞེས་པའི་མཛད་སྒོར་ཞུགས།དགུང་ལོ་དྲུག་ཅུ་ཐམ་པའི་ལོ་ལ་སྟག་ཕུའི་ཡོངས་འཛིན་གནང༌།དགུང་ལོ་རེ་དྲུག་ལ་རྒྱལ་དབང་མཁས་གྲུབ་རྒྱ་མཚོར་བརྟན་བཞུགས་མན་ཌལ་ལྗགས་བཤད་མཛད།དགུང་ལོ་རེ་བརྒྱད་དེ་མེ་འབྲུག 1856 ལོ་ལ་སྐུ་གཤེགས།འདིར་གསུང་འབུམ་པོད་གཉིས་བཞུགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།