བདེ་ཆེན་སྤྲུལ་སྐུ་ཆོས་འཕེལ་རྒྱ་མཚོའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-09-30 06:59:38         ཀློག་ཐེངས།  

པར་པོད།ཤོག་གྲངས།

00917 དང་པོ།

1 བྱང་ཆུབ་སེམས་དཔའི་སྤྱོད་འཇུག་བསྡུས་དོན་ས་བཅད་དུ་བསྒྲིགས་པ་ཐེག་ཆེན་གཞུང་ལམ་ལ། 44

2 སྤྱོད་འཇུག་ཤེས་རབ་ལེའུའི་ཚིག་དོན་ཅུང་ཟད་བཤད་པ་ཐེག་ཆེན་ལམ་བཟང་ལ། 51

3 སྐྱེས་རབས་སོ་བཞི་པའི་ཆོས་སྤྱོད་དང་སྦྱིན་པའི་སྐྱེས་རབས་གཉིས་ཀྱི་ཚིག་དོན་ཅུང་ཟད་བཤད་པ་བློ་གསལ་མགུལ་ལྡན་ལ། 32

4 སྤྱན་སྔ་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་འཇིག་རྟེན་བྱ་བའི་རྣམ་བཤད་མཁས་པའི་ཡིད་འཕྲོག་མདོར་བསྡུས་ཐར་འདོད་རེ་སྐོང་ལ། 13

5 དུས་འཁོར་གྲྭ་ཚང་གི་ཁྲི་བཤད་བློ་གསལ་རྣ་བའི་བདུད་རྩི་ལ། 21

6 དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་ལམ་རིམ་གཉིས་ཀྱི་རྣམ་བཤད་འཇམ་མགོན་ཞལ་ལུང་ལ། 42

7 དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་སྦྱིན་སྲེག་ཁྲིད་ཀྱི་ཟིན་ཐོ་ལ། 9

8 ཀུན་རིག་བདག་འཇུག་གི་རྣམ་གཞག་གསལ་བར་བཤད་པ་དངོས་གྲུབ་རྒྱ་མཚོའི་རླབས་ཕྲེང་ལ། 33

9 སྟག་ཕུའི་དག་སྣང་སྒྲོལ་མའི་ཆོ་གའི་སྨོན་ལམ་ལེགས་ཚོགས་དོན་གྲུབ་ལ། 21

10 ཀུན་རིག་ཆོ་གའི་སྨོན་ལམ་ཚིག་འགྲེལ་ཅུང་ཟད་བཤད་པ་རྒྱུད་དོན་ནོར་བུའི་བང་མཛོད་ལ། 11

11 འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་ཅན་གྱི་འགྲེལ་བཤད་དོན་གསལ་སྒྲོན་མེ་ལ། 26

12 བདེ་བར་གཤེགས་པའི་མཆོད་རྟེན་གྱི་ཐིག་ཚད་གསལ་བར་བྱེད་པ་དྭངས་ཤེལ་མེ་ལོང་ལ། 8

13 དཔལ་ལྡན་དམག་ཟོར་རྒྱལ་མོའི་གཏོར་ཆོག་མདོར་བསྡུས་ལ། 9

14 ཡུལ་བདག་ཆེན་པོ་ལྷ་བཙན་སེ་རྒོད་འཁོར་བཅས་ལ་བསངས་དང་མཆོད་གཏོར་འབུལ་ཚུལ་ལ། 12

15 ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོར་ཀུན་བཟང་འཁོར་ལོའི་ཚུལ་གྱིས་བསྟོད་པ་རབ་ཏུ་བྱེད་པ་ལེགས་བཤད་དཔལ་སྟེར་ལ། 3

16 ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་འབོག་ཚུལ་སྔོན་འགྲོའི་ཆོས་བཤད་ལ། 15

17 བསྙེན་རྫོགས་སྒྲུབ་པ་ལ་ཉེ་བར་མཁོ་བའི་ཟུར་འདེབས་འགའ་ཞིག་ལ། 10

18 གང་ཟག་མཆོག་ལ་འཆི་ཁའི་གསོལ་འདེབས་བྱ་ཚུལ་ལ། 6

19 ལམ་རིམ་བསྡུས་དོན་ཚིག་འགྲེལ་བློ་བཟང་དགོངས་ལྡན་ལ། 15

20 སྒྲུབ་སྐོར་ལ། 5

21 གསུང་ཐོར་བུ་ལ། 10

00919 གཉིས་པ།

1 བྱང་ཆུབ་ལམ་རིམ་ཆེན་མོའི་བཤད་ལུང་ཟིན་བྲིས་གསུང་རབ་རིན་ཆེན་གཏེར་མཛོད་ལ། 359

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།བདེ་ཆེན་སྤྲུལ་སྐུ་ཆོས་འཕེལ་རྒྱ་མཚོ་ནི་མདོ་སྨད་རེབ་ཀོང་གི་སའི་ཆར་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་ནང་འཁྲུངས།རྗེ་འདིས་བིས་པ་མི་ཕམ་ངག་དབང་ཟླ་བའི་གསུང་འབུམ་ལ་ཞུ་དག་གནང་མྱོང་བ་རེད།ཁོང་གིས་རོང་པོ་དགོན་གྱི་ཁྲི་ཐོག་དྲུག་པ་གནང་འདུག་མཛད་རྣམ་སོགས་མེད་པས་འདིར་འབྲིར་མ་སྤོབས།འདིར་གསུང་འབུམ་པོད་གཉིས་བཞུགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།