ཐར་ཤུལ་བཞི་བ་དགེ་འདུན་ཆོས་སྐྱོང་རྒྱ་མཚོའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-09-27 09:45:15     རྩོམ་པ་པོ།   དགེ་ལུགས་དྲ་བ།    ཀློག་ཐེངས།  

ཀ  སྐྱབས་མགོན་རྡོ་རྗེ་འཆང་ཉིད་ཀྱི་དམ་ཐར་སྐལ་བཟང་དད་པའི་པདྨོ་བཞད་པའི་ཉིན་བྱེད་ཅེས་བྱ་བ་ཐུགས་སྲས་ཆེན་པོས་མཛད་པ་ཁ་སྐོང་དང་བཅས་ལ། 55ཁ། རྙེ་དཔོན་སློབ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་དམ་ཐར་དད་པའི་རྒྱན་དང་ཆོས་གྲྭའི་ཚིགས་བཅད་བཅས་ལ། 48

ག  སྲད་བརྒྱུད་ལུགས་ཀྱི་བླ་མའི་དལ་འབྱོར་གྱི་དམིགས་ཁྲིད་སྐྱོང་ཚུལ་མདོར་བསྡུས་ལ། 11

ང་། བླ་མཆོད་བདེ་སྟོང་དབྱེར་མེད་མའི་དམིགས་རིམ་འཕྲོ་ཅན་དང་དམ་ཅན་རྡོར་ལེགས་གསོལ་མཆོད་བཅས་ལ། 9

ཅ། བླ་མཆོད་འདོན་བསྒྲིགས་དང་རྗེ་བདག་ཉིད་ཆེན་པོ་ལ་ཇི་ལྟར་གསོལ་བ་འདེབས་པའི་དམིགས་རིམ་ལེ་ཚན་གཉིས་ལ། 5

ཆ། བླ་མའི་གསོལ་འདེབས་ཀྱི་རིམ་པ་དགེ་ལེགས་མྱུ་གུ་གསོ་བའི་གྲུ་ཆར་ལ།9

ཇ། མྱུར་བྱོན་གསོལ་འདེབས་ཀྱི་སྐོར་ཉམས་ཆུང་ཡིད་ཀྱི་གསོས་སྨན་ལ། 6

ཉ། འཇམ་པའི་དབྱངས་ལ་བརྟེན་པའི་བླ་མའི་དལ་འབྱོར་འགའ་ཞིག་ཕྱོགས་གཅིག་ཏུ་བསྡེབས་པ་ལ། 6

ཏ། སྤྱན་རས་གཟིགས་ལ་བརྟེན་པའི་བླ་མའི་དལ་འབྱོར་འདོད་གསོལ་ལ། 3

ཐ། བླ་མའི་དལ་འབྱོར་གྱི་རིམ་པ་དགོས་འདོད་འཇོ་བའི་བུམ་བཟང་ལ། 6

ད། དགེ་བའི་བཤེས་གཉེན་བསྟེན་ཚུལ་གྱི་མན་ངག་སྐལ་བཟང་རེ་སྐོང་ལ། 4

ན། སྔོན་འགྲོའི་ཆོས་བཤད་མདོར་བསྡུས་ཀུན་བྱང་སྣང་བརྙན་བཀྲ་བའི་མེ་ལོང་ལ། 5

པ། སྦྱོར་ཆོས་དང་པོ་གསུམ་ལས་བརྩོམས་པའི་ཞལ་གདམས་ལ། 5

ཕ། བློ་སྤྱོང་དོན་བདུན་མའི་ཁྲིད་ཡིག་མདོར་བསྡུས་དོན་བཟང་བདུད་རྩིའི་སྙིང་པོ་ལ། 9

བ། བདུད་གཅོད་ཟབ་མོའི་མན་ངག་སྙིང་པོར་དྲིལ་བ་དང་ཐར་འདོད་དེད་དཔོན་གྱི་འདོན་བསྒྲིགས་སོགས་ཕྱོགས་གཅིག་ཏུ་བསྡེབས་པ་ལ། 8

མ། བསླབ་བྱ་སྣ་ཚོགས་ཀྱི་སྐོར་གདུང་སེལ་བདུད་རྩིའི་ཐིགས་ཕྲེང་ལ། 8

ཙའཕྲིན་ཡིག་རིམ་པ་ངོ་མཚར་ཨུཏྤ་ལའི་ཆུན་པོ་ལ། 11

ཚ། སྨྱུང་གནས་དང་ཐེག་ཆེན་གསོ་སྤྱོང་གི་བསླབ་བྱ་སོགས་ཕྱོགས་བསྡེབས་སུ་བཀོད་པ་ལ། 6

ཛ། ཐུབ་པའི་དབང་པོའི་མཚན་སྔགས་འདོན་ཐབས་དང་ལྷག་ལྷའི་སྒྲུབ་སྐོར་དོན་ལྡན་གྲུབ་པའི་དབྱངས་སྙན་ལ། 6

ཝ། བྱམས་པས་དམ་བཅས་པའི་གཟུངས་འདོན་ཐབས་ཡིད་དགའ་ཆོས་འཛིན་ལ་བསྔགས་པའི་རབ་བྱེད་བཅས་ལ། 4

ཞ། སྒྲོལ་མ་ལ་སྟོང་མཆོད་འབུལ་ཚུལ་དངོས་གྲུབ་ཀུན་འབྱུང་ལ། 6

ཟ། ལྷག་ལྷ་དུ་མའི་འདོད་གསོལ་གྱི་སྐོར་དོན་ལྡན་གྲུབ་པའི་དབྱངས་སྙན་ལ།7

འ། རབ་གནས་ཀྱི་བཤད་པ་མདོར་བསྡུས་ལེགས་བྱས་ཤྟཊྶུན་གྱི་སྒྲ་དབྱངས་ལ། 6

ཡ། དད་ལྡན་སོ་སོའི་མོས་པ་དང་རྗེས་སུ་མཐུན་པར་སྤེལ་བའི་གསུང་ཐོར་བུ་སྐོར་ལ། 12

ར། བསངས་མཆོད་ཀྱི་རིམ་པ་བྱིས་བློའི་གདུང་འཕྲོག་ལ། 5

ལ། འཇིགས་མཛད་དུས་གྲྭའི་དབང་པོའི་བསྙེན་སྒྲུབ་ལས་བརྩོམས་པའི་ཞལ་གདམས་ཀྱི་རིམ་པ་གསང་བའི་སྙིང་ནོར་ལ།17

ཤ  འཇིགས་བྱེད་བདག་འཇུག་གི་འདོན་བསྒྲིགས་དང་བསྙེན་སྒྲུབ་སྦྲགས་མའི་ཕྱག་ལེན་བཅས་ལ།6

ས། དྲུག་ཅུ་མའི་ཞི་རག་གི་འདོན་བསྒྲིགས་དང་དགོངས་གསོལ་དགྲ་བགེགས་དཔུང་འཇོམས་བཅས་ལ།..7

ཧ། མགོན་པོ་ཕྱག་དྲུག་པའི་རྒྱས་པ་དང་དབང་གི་སྤྱིན་སྲེག་ཞི་བའི་གཏོར་སྒྲུབ་ཀྱི་འདོན་བསྒྲིགས་གུར་གྱི་ཞི་བའི་སྤྱིན་སྲེག་བཅས་ལ། 9

ཨ། དམག་ཟོར་རྒྱལ་མོའི་ཞི་རྒྱས་ཀྱི་གཏོར་སྒྲུབ་བྱེད་ཚུལ་དང་ཞབས་བརྟན་གསོལ་འདེབས་བཅས་ལ། 15

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།