ཁམས་གསུམ་ཆོས་ཀྱི་རྒྱལ་བོ་རྗེ་ཙོང་ཁ་བ་ཆེན་པོས་མཛད་པའི་ལེགས་བཤད་གསེར་ཕྲེང་དང་དེའི་འགྲེལ་བ་དང་མཆན་བཅས་ཀྱི་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-08-26 14:46:12         ཀློག་ཐེངས།  


རྗེ་ཙོང་ཁ་བ་ཆེན་པོས་མཛད་པའི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་བ་ལེགས་བཤད་གསེར་གྱི་ཕྲེང་བ།
ལྷ་རམས་པ་ཡེ་ཤེས་རྒྱ་མཚོས་མཛད་པའི་གསེར་ཕྲེང་སྡོམ་ཚིག་དོན་རྒན་སློང་ཐབས་ཚིག་གི་ཤེལ་མཁར་དྭངས་བྱེད་ནོར་བུ།
ཝ་གིནྡྲ་བི་ཛྙས་མཛད་པའི་ལེགས་བཤད་གསེར་ཕྲེང་གི་སྡོམ་ཚིག་ལ་དོགས་པ་དཔྱོད་པ་དྭངས་བྱེད་ནོར་བུའི་བྱི་དོར།

རབ་འབྱམས་པ་བློ་བཟང་ཡོན་ཏན་གྱིས་མཛད་པའི་གསེར་ཕྲེང་སྡོམ་ཚིག་དྭངས་བྱེད་ནོར་བུ་ལ་ནག་རྙོག་བྱུགས་པའི་བྱི་དོར་སྲེག་པའི་མེ་ལྕེ་འབར་བའི་ལུང་རིགས་རྡོ་རྗེ།

རྒྱུད་སྟོད་མཁན་ཟུར་ཇུར་ཆེད་གྲགས་པ་ཚེ་བརྟན་གྱིས་མཛད་པའི་ལེགས་བཤད་གསེར་གྱི་ཕྲེང་བའི་རྣམ་བཤད་བློ་གསལ་གཟུར་གནས་རྣམས་ཀྱི་མིག་གཉིས་འབྱེད་པའི་རྒྱན།

 སོག་པོའི་དགེ་བཤེས་ཆེན་མོ་བློ་བཟང་རྟ་དབྱངས་ཀྱིསམཛད་པའི་ལེགས་བཤད་གསེར་ཕྲེང་གི་སྨྲས་བཤད་ཀྱི་འགྲེལ་བ་ལེགས་བཤད་ནོར་བུའི་ཆུན་པོ།

སྔགས་རམས་པ་བཤད་སྒྲུབ་བསྟན་དར་གྱིས་མཛད་པའི་ལེགས་བཤད་གསེར་ཕྲེང་གི་སྔོན་འགྲོའི་ཚིགས་བཅད་སྐོར་གྱི་འགྲེལ་བ་གསེར་ཕྲེང་མཛེས་པའི་རྒྱན།

དགེ་བའི་བཤེས་གཉེན་ཆེན་པོ་དཔའ་རིས་བློ་བཟང་རབ་གསལ་གྱིས་མཛད་པའི་ལེགས་བཤད་རིན་པོ་ཆེ་གསེར་གྱི་ཕྲེང་བའི་མཆན་འགྲེལ་ནོར་བུའི་དོ་ཤལ།

བིས་པ་འཇམ་དབྱངས་གྲགས་པས་མཛད་པའི་ལེགས་བཤད་རིན་པོ་ཆེ་གསེར་གྱི་ཕྲེང་བའི་ཟུར་མཆན་བློ་གསལ་ངང་མོ་བྱེ་བའི་རོལ་མཚོ།

སྒིས་སྟེང་ཡོངས་འཛིན་བློ་བཟང་དཔལ་ལྡན་གྱིས་མཛད་པའི་ལེགས་བཤད་གསེར་ཕྲེང་གི་དྲིས་ལན་རྫོགས་ལྡན་མཚོན་པའི་མེ་ལོང་།

དགེ་བཤེས་དཔལ་ལྡན་བཟང་བོས་མཛད་པའི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་བ་དང་བཅས་པའི་རྣམ་པར་བཤད་པ་ལེགས་བཤད་གསེར་གྱི་ཕྲེང་བའི་མཆན་འགྲེལ་ལུང་རིགས་ནོར་བུའི་དོ་ཤེལ།

དགེ་བཤེས་ཆེན་མོ་རྒྱ་རྒྱའི་ཤེས་རབ་རྒྱ་མཚོས་མཛད་་པའི་ལེགས་བཤད་གསེར་གྱི་ཕྲེང་བའི་བསྡུས་དོན་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་།

འབྲས་སྒོ་མང་མཁན་ཟུར་ངག་དབང་ཉི་མས་མཛད་པའི་ལེགས་བཤད་གསེར་གྱི་ཕྲེང་བའི་དཀའ་གནད་གསལ་བར་བྱེད་པ་ཡིད་ཀྱི་ངལ་གསོ།

འབྲས་སྒོ་མང་མཁན་ཟུར་ངག་དབང་ཉི་མས་མཛད་པའི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་བ་དང་བཅས་པའི་རྣམ་པར་བཤད་པ་ལེགས་བཤད་གསེར་གྱི་ཕྲེང་བའི་སྐབས་བརྒྱད་ཀྱི་ས་བཅད།

དགེ་བཤེས་ཆེན་མོ་མཛོད་ཚང་བློ་བཟང་བརྩོན་འགྲུས་ཀྱིས་མཛད་པའི་ལེགས་བཤད་གསེར་གྱི་ཕྲེང་བའི་ས་བཅད།

ནིའུ་ཛི་ལེན་ཌི་བྱམས་པ་ཤེས་རབ་ཀྱིས་མཛད་པའི་ལེགས་བཤད་རིན་པོ་ཆེ་གསེར་གྱི་ཕྲེང་བའི་མཆན་འགྲེལ་འོད་ཀྱི་ཕུང་པོ་ཞེས་བྱ་བ་ལས་སྐབས་དང་པོའི་སྟོད་ཆ།

སེར་འབྲས་དགེ་གསུམ་གྱི་དགེ་བཤེས་ལྷ་རམས་པ་རྣམས་གཙོ་མཛད་ནས་མཛད་པའི་ལེགས་བཤད་གསེར་ཕྲེང་བགྲོ་གླེང་། ཐེངས་དང་པོ་དང་གཉིས་པ་གཉིས་ཀྱི་རྩོམ་ཤོག་ཕྱོགས་བསྒྲིགས་གསེར་གྱི་ལྡེ་མིག

    རྩོམ་སྒྲིག་པ། མང་ར་བ།
              གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།