གུང་ཐང་བསྟན་པའི་སྒྲོན་མེའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2019-04-09 14:33:22     རྩོམ་པ་པོ།   ཤིས་ཚང་མཁྱེན་རབ་རྒྱ་མཚོ།    ཀློག་ཐེངས།  

ཀླད་ཀྱི་གསལ་བཤད།

གསུང་འབུམ་དཀར་ཆག་འདིའི་ཤོག་གྲངས་ཀྱི་གཞི་འཛིན་ས་ནི། ཕྱི་ལོ་ ༢༠༡༦ ལོར་འདི་ག་འབྲས་སྤུངས་བཀྲ་ཤིས་སྒོ་མང་དཔེ་མཛོད་ཁང་གིས་དཔར་སྐྲུན་བྱས་པའི་གུང་ཐང་གསུང་འབུམ་གླེགས་བམ་བརྒྱད་ཀྱི་བདག་ཉིད་ཅན་དེ་ཡིན། སྤྱིར་གུང་ཐང་བསྟན་པའི་སྒྲོན་མེའི་གསུང་འབུམ་ལ་མཚོན་ན་ཞོལ་པར་དང་བླ་བྲང་པར་མ་སྟེ་པར་གྱི་ཕྱི་མོ་མ་འདྲ་བ་རིགས་གཉིས་བཞུགས་ཤིང་། དེ་ལས་ཞོལ་པར་ལྟར་ན་པོད་བརྒྱད་དང་།  བླ་བྲང་པར་མ་ལྟར་ན་པོད་བཅུ་གཅིག་བཞུགས། འདི་ག་དཔེ་མཛོད་ཁང་གིས་ཞོལ་པར་མ་མ་ཕྱིར་བཟུང་སྟེ་ཞུ་སྒྲིག་བྱས་པ་ཡིན་པས་འདིར་དཀར་ཆག་ཀྱང་དེ་དང་མཐུན་པར་བསྒྲིགས་ཡོད། འདིར་ཞོལ་པར་དུ་མི་བཞུགས་པ་ནི་ཐུའུ་བཀྭན་ཆོས་ཀྱི་ཉི་མའི་མཛད་རྣམ་རྟོགས་བརྗོད་པདྨ་དཀར་པོ་ཞེས་པ་པོད་སྟོད་སྨད་གཉིས་སུ་ཕྱེ་བ་དེ་ཡིན་ལ། གཞན་ད་དུང་ཞོལ་པར་དང་བླ་བྲང་པར་མ་གཉི་གར་མི་བཞུགས་ཀྱང་རྗེ་འདིའི་གསུང་རྩོམ་འཁྲུལ་མེད་ཡིན་པ་<<གྲུབ་མཐའི་རྣམ་གཞག་བློ་གསལ་གསར་བའི་མགུལ་རྒྱན་>>ཞེས་པ་ཞིག་ཕྱིས་སུ་གསར་རྙེད་བྱུང་ཡོད་པ་འདི་ག་དཔེ་མཛོད་ཁང་གིས་ལོགས་སུ་དཔར་སྐྲུན་བྱ་འཆར་ཡོད་དོ།།

ཞེས་དཀར་ཆག་སྒྲིག་པ་བོ་ཤིས་ཚང་མཁྱེན་རབ་རྒྱ་མཚོས།

ཕྱི་ལོ་ ༢༠༡༩ ཟླ་ ༠༣ ཚེས་༡༥ ཉིན།

༄༅། །རྗེ་གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་དཔལ་བཟང་པོའི་གསུང་འབུམ་

དཀར་ཆག

༼ཀ༽ གླེགས་བམ་དང་བོ།

༡ འཇམ་མགོན་རྒྱལ་བ་གཉིས་པ་ལ་བསྟན་པའི་སྙིང་པོ་གསལ་བར་མཛད་པའི་ཚུལ་ལས་བརྩམས་ཏེ་བསྟོད་པ་དོན་དང་ལྡན་པ་ཞེས་བྱ་བ། (ཤོག་ངོས། 1-05)

༢ བསྟོད་པ་དོན་དང་ལྡན་པའི་རྒྱ་ཆེར་འགྲེལ་པ་བསྟན་པའི་དེ་ཉིད་སྣང་བ། (ཤོག་ངོས། 07-212)

༣ འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་སྡུད་པ་མཆན་དང་བཅས་པ། (ཤོག་ངོས། 213-261)

༤ འགྲེལ་བ་དོན་གསལ་གྱི་སྟེང་ནས་རྒྱས་འབྲིང་བསྡུས་གསུམ་མངོན་རྟོགས་རྒྱན་རྩ་འགྲེལ་སོགས་མདོ་རྒྱན་སྦྱར་བའི་གཟབ་བཤད་ཀྱི་ཟིན་བྲིས་སྦས་དོན་གསལ་བའི་སྒྲོན་མེ། (ཤོག་ངོས། 263-512)

༥ ཤེས་རབ་སྙིང་པོའི་སྔགས་ཀྱི་རྣམ་བཤད་སྦས་དོན་གསལ་བ། (ཤོག་ངོས། 513-537)

༦ དབུ་མ་ལ་འཇུག་པའི་ས་བཅད། (ཤོག་ངོས། 539-553)

༧ འདུལ་བ་རྒྱ་མཚོའི་དཀའ་གནད་མདོར་བསྡུས་ནོར་བུའི་ཕྲེང་བ།༼འདུལ་སྡོམ།༽ (ཤོག་ངོས། 555-624)

༨ ཆོས་མངོན་པ་མཛོད་ཀྱི་བསྡུས་དོན་ཆོས་མངོན་རྒྱ་མཚོར་འཇུག་པའི་གྲུ་གཟིངས།༼མཛོད་སྡོམ།༽ (ཤོག་ངོས། 625-686)

༼ཁ༽ གླེགས་བམ་གཉིས་པ།

༡ ཕར་ཕྱིན་སྐབས་དང་པོའི་མཐའ་དཔྱོད་ཀྱི་མཆན་འགྲེལ་རྩོམ་འཕྲོ་ཅན། (ཤོག་ངོས། 01-163)

༢ སྐབས་བཞི་པའི་བསྡུས་དོན་རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་ལ་གནང་བ། (ཤོག་ངོས། 165-204)

༣ ཡིད་དང་ཀུན་གཞིའི་དཀའ་གནད་རྣམ་པར་བཤད་པ་མཁས་པའི་འཇུག་ངོགས། (ཤོག་ངོས། 205-300)

༤ དྲང་ངེས་རྣམ་འབྱེད་ཀྱི་དཀའ་འགྲེལ་རྩོམ་འཕྲོ་ལེགས་བཤད་སྙིང་པོའི་ཡང་སྙིང་། (ཤོག་ངོས། 301-542)

༥ བསྟན་བཅོས་ལེགས་པར་བཤད་པའི་སྙིང་པོ་ལས་སེམས་ཙམ་སྐོར་གྱི་མཆན་འགྲེལ་རྩོོམ་འཕྲོ་རྣམ་རིག་གཞུང་བརྒྱའི་སྣང་བ། (ཤོག་ངོས། 543-655)

༦ བདེན་བཞིའི་རྣམ་གཞག་ཐར་འདོད་འཇུག་ངོགས་མཁས་པའི་དགའ་སྟོན། (ཤོག་ངོས། 657-685)

༼ག༽ གླེགས་བམ་གསུམ་པ།

༡ རྟེན་འབྲེལ་གྱི་རྣམ་གཞག་ལུང་རིགས་བང་མཛོད། (ཤོག་ངོས། 01-45)

༢ རྣམ་ཐར་སྒོ་གསུམ་གྱི་རྣམ་པར་གཞག་པ་ལེགས་བཤད་རྒྱ་མཚོའི་རྦ་རླབས། (ཤོག་ངོས། 47-62)

༣ དམིགས་པ་བརྟག་པའི་འགྲེལ་པ་ཕྱོགས་གླང་དགོངས་རྒྱན། (ཤོག་ངོས། 63-69)

༤ རིགས་ལམ་འཕྲུལ་གྱི་ལྡེ་མིག (ཤོག་ངོས། 71-85)

༥ གྲུབ་མཐའ་བཞིའི་འདོད་ཚུལ་སོགས་དྲིས་ལན་སྣ་ཚོགས་ཀྱི་སྐོར་ཞལ་ལུང་བདུད་རྩིའི་ཐིགས་ཕྲེང་། (ཤོག་ངོས། 87-117)

༦ བསྔོ་བའི་རྒྱལ་པོ་བསྟན་འབར་མའི་དགོངས་དོན་རྒྱ་ཆེར་འགྲེལ་པ་ལེགས་བཤད་བསྟན་པའི་སྒྲོན་མེ། (ཤོག་ངོས། 119-193)

༧ བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་ཁྲིད་ཡིག་ཕན་བདེའི་ལམ་བཟང་གསལ་བའི་སྒྲོན་མེ། (ཤོག་ངོས། 195-224)

༨ བྱང་ཆུབ་ལམ་གྱི་རིམ་པའི་སྔོན་འགྲོ་སྦྱོར་བའི་ཆོས་དྲུག་ལག་ཏུ་ལེན་ཚུལ་གསལ་བར་བཀོད་པ་ལམ་བཟང་སྒྲུབ་པའི་འཇུག་ངོགས།(ཤོག་ངོས། 225-251)

༩ ལམ་རིམ་བདེ་ལམ་གྱི་བརྒྱུད་འདེབས། (ཤོག་ངོས། 253)

༡༠ ཡོངས་འཛིན་རིན་པོ་ཆེ་ཡེ་ཤེས་རྒྱལ་མཚན་ནས་བདེ་ལམ་གྱི་ཁྲིད་གནང་བ་རྗེ་བཙུན་དཀོན་མཆོག་བསྟན་པའི་སྒྲོན་མེ་དཔལ་བཟང་པོས་ཟིན་བྲིས་སུ་གནང་བ་གདུང་སེལ་བདུད་རྩིའི་ཐིགས་པ། (ཤོག་ངོས། 255-355)

༡༡ བྱང་ཆུབ་བདེ་ལམ་གྱི་དམིགས་སྐོར་ཆ་ཚང་བར་ཚིགས་བཅད་དུ་བསྡེབས་པ་ལམ་མཆོག་སྙིང་པོ། (ཤོག་ངོས། 357-367)

༡༢ བདག་གཞན་མཉམ་བརྗེ་བསྒོམ་ཚུལ། (ཤོག་ངོས། 369-376)

༡༣ ཟབ་མོ་ལྟ་བའི་ཟིན་བྲིས་ཐར་ལམ་སྣང་བ། (ཤོག་ངོས། 377-405)

༡༤ དགེ་ལྡན་ཕྱག་རྒྱ་ཆེན་པོའི་ཟིན་བྲིས་ཞལ་ལུང་བདུད་རྩིའི་ཐིགས་ཕྲེང། (ཤོག་ངོས། 407-449)

༡༥ བྱང་ཆུབ་ཀྱི་སེམས་གཉིས་སྒོམ་ཚུལ་ཐེག་པ་མཆོག་གི་འཇུག་ངོགས། (ཤོག་ངོས། 451-465)

༡༦ ལམ་གྱི་གཙོ་བོ་རྣམ་གསུམ་རྩ་ཚིག་གི་སྟེང་ནས་གཞུང་བསྲངས་ཏེེ་ཉམས་སུ་ལེན་ཚུལ། (ཤོག་ངོས། 467-472)

༡༧ བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱའི་ཁྲིད་ཀྱི་ཟིན་བྲིས།(ཤོག་ངོས། 473-485)

༡༨ བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་ཟབ་གནད་ཡོངས་སུ་རྫོགས་པ་ཐོ་ཙམ་བཀོད་པ། (ཤོག་ངོས། 487-498)

༡༩ མདོ་སྔགས་ཆ་ཚང་བ་ཉམས་སུ་ལེན་ཚུལ་དགའ་ལྡན་ཞིང་དུ་བགྲོད་པའི་ནོར་བུའི་ཐེམ་སྐས། (ཤོག་ངོས། 499-512)

༢༠ རྗེ་བཙུན་བྱམས་པ་མགོན་པོ་ལ་བརྟེན་པའི་འཕོ་བའི་རྣམ་གཞག་དགའ་ལྡན་ཞིང་དུ་བགྲོད་པའི་བདེ་ལམ། (ཤོག་ངོས། 513-530)

༢༡ སྲད་རྒྱུད་ལུགས་ཀྱི་འཕོ་བའི་གདམས་པ་ངག་འདོན་ཁྲིགས་ཆགས་སུ་བསྡེབས་པ། (ཤོག་ངོས། 531-534)

༢༢ ཟབ་ལམ་བླ་མའི་རྣལ་འབྱོར་གྱི་མན་ངག་སྙིང་པོའི་རྩ་ཚིག་འགྲེལ་བ་སྙན་བརྒྱུད་གསང་བའི་ལྡེ་མིག (ཤོག་ངོས། 535-588)

༢༣ གསང་བདེ་འཇིགས་གསུམ་སོགས་ལྷག་ལྷ་དུ་མ་དང་འབྲེལ་བའི་བླ་མའི་རྣལ་འབྱོར་དངོས་གྲུབ་ཀུན་འབྱུང་། (ཤོག་ངོས། 589-641)

༢༤ ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གནད་ཚང་བའི་བླ་མའི་རྣལ་འབྱོར། (ཤོག་ངོས། 642-650)

༢༥ མགོན་པོ་འོད་དཔག་མེད་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཞིང་མཆོག་སྒོ་འབྱེད་དང་། རྩ་བའི་བླ་མ་དང་རྗེ་བླ་མ་དབྱེར་མེད། ཀུན་མཁྱེན་བླ་མའི་འཁྲུངས་རབས་དང་འབྲེལ་བའི་བླ་མའི་རྣལ་འབྱོར། བླ་མགོན་དབྱེར་མེད་ཀྱི་མགོན་པོ་གྲིབ་སེལ་བཅས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་བཅས། (ཤོག་ངོས། 651-672)

༼ང༽ གླེགས་བམ་བཞི་བ།

༡ མཎྜལ་གྱི་ཁྲིད་དཔག་བསམ་སྙེ་མ། (ཤོག་ངོས། 01-33)

༢ མདོ་སྔགས་ཀྱི་གཞུང་ལ་སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག་སོགས་བསླབ་བྱ་སྣ་ཚོས་ཀྱི་སྐོར། (ཤོག་ངོས། 35-81)

༣ མི་རྟག་པ་སྒོམ་ཚུལ་གྱི་བསླབ་བྱ་ཚིགས་སུ་བཅད་པ། (ཤོག་ངོས། 83-86)

༤ གྲུབ་དབང་མཁས་གྲུབ་བསྟན་འཛིན་པའི་ཞལ་གདམས་ཀྱི་འགྲེལ་པ་ཉམས་ལེན་སྙིང་པོའི་དོན་གསལ། (ཤོག་ངོས། 87-94)

༥ རྗེ་བཙུན་མི་ལའི་ཞལ་གདམས་ཀྱི་འགྲེལ་བ་དགོངས་རྒྱན། (ཤོག་ངོས། 95-101)

༦ ཡིད་ལ་བརྣག་པའི་གཏམ་དུ་བྱ་བ་མཚན་མོའི་འཕྲུལ་འཁོར་སེལ་བའི་ཆོ་ག་དང་། འདུལ་བའི་བསླབ་བྱ། ཐུགས་གཉེར་གནང་ཚུལ་བཅས། (ཤོག་ངོས། 103-114)

༧ ཚེ་གཅིག་གི་ཉམས་ལེན་བྱ་ཚུལ་རྣམས་ཁྲིགས་ཆགས་སུ་བསྡེབས་པ་ཆོས་སྤྱོད་གསལ་བའི་སྒྲོན་མེ། (ཤོག་ངོས། 115-140)

༨ ཕ་མའི་དྲིན་གཟོ་ཚུལ་དང་གཤིན་པོར་མ་ཎི་བསྐུལ་བའི་མགུར་དབྱངས། (ཤོག་ངོས། 141-145)

༩ རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་རྣམ་པར་ཐར་པ་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས། (ཤོག་ངོས། 147-538)

༡༠ རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་གསང་བའི་རྣམ་ཐར། (ཤོག་ངོས། 539-544)

༡༡ དཔལ་ལྡན་རིག་པ་འཛིན་པ་འཁོར་ལོས་བསྒྱུར་པ་ཆེན་པོ་སྡེ་ཁྲི་རིན་པོ་ཆེ་བློ་བཟང་དོན་གྲུབ་པའི་རྣམ་ཐར་གསང་ཆེན་ཆོས་ཀྱིས་བསྔགས་པའི་རོལ་མོ། (ཤོག་ངོས། 545-575)

༡༢ མཁས་བཙུན་བཟང་པོའི་བདག་ཉིད་སྒོ་མང་མཁན་རིིན་པོ་ཆེ་བློ་བཟང་ཆོས་དར་བའི་རྟོགས་བརྗོད་གཟུར་གནས་མཁས་པའི་དགའ་སྟོན། (ཤོག་ངོས། 577-645)

༡༣ རྗེ་བླ་མ་མངོན་པར་འཚང་རྒྱ་བའི་ཚུལ་དང་འབྲེལ་བར་བསྟོད་པ་རྣམ་དག་གངས་རི་མའི་འགྲེལ་བ་རྨད་བྱུང་བཀོད་པའི་འཇུག་ངོགས།(ཤོག་ངོས། 647-676)

༼ཅ༽ གླེགས་བམ་ལྔ་བ།

༡ རྗེ་བཙུན་བླ་མ་དམ་པ་ཚུལ་ཁྲིམས་བསྟན་པའི་ཉི་མ་དཔལ་བཟང་པོའི་རྣམ་པར་ཐར་པ་ནོར་བུའི་དོ་ཤལ། (ཤོག་ངོས། 01-163)

༢ བསྟན་པའི་རྩ་ལག་ཡིལ་གོག་སན་ཨེར་ཏི་ནི་མེར་གན་པཎྜི་ཏ་ཧོ་ཐོག་ཐུ་བློ་བཟང་བསྟན་པ་དར་རྒྱས་ཀྱི་རྣམ་ཐར་ནོར་བུའི་མེ་ལོང་།(ཤོག་ངོས། 165-179)

༣ ངེས་པ་དོན་གྱི་བཤེས་གཉེན་ཆེན་པོ་མཁས་གྲུབ་བསྟན་འཛིན་པའི་རྟོགས་པ་བརྗོད་པ་ལེགས་ཚོགས་སྒོ་འབྱེད།(ཤོག་ངོས། 181-249)

༤ དགེ་ལྡན་བསྟན་པ་རྒྱས་པའི་སྨོན་ལམ་གྲུབ་པའི་བདེན་ཚིག་གི་འགྲེལ་བ། (ཤོག་ངོས། 251-257)

༥ ཕུལ་བྱུང་ལེགས་བཤད་མའི་འགྲེལ་བ་མཁས་པའི་དགའ་སྟོན།(ཤོག་ངོས། 259-276)

༦ གཉན་རྩེ་དཔོན་སློབ་རིན་པོ་ཆེའི་བསྟོད་འགྲེལ་ནོར་བུའི་དོ་ཤལ།(ཤོག་ངོས། 277-284)

༧ བཀའ་གདམས་གོང་མའི་རྣམ་ཐར་དང་འབྲེལ་བའི་ཀུན་བཟང་འཁོར་ལོ་སྣ་ཚོགས་ཀྱི་སྐོར་ངོ་མཚར་འཕྲུལ་གྱི་ལེགས་བཤད། (ཤོག་ངོས། 285-301)

༨ བདེན་གཏམ་དེ་ཉིད་གསལ་བའི་མེ་ལོང་། (ཤོག་ངོས། 303-307)

༩ ཀུན་གཟིགས་ལྔ་པ་ཆེན་པོས་མཛད་པའི་རྗེ་རིན་པོ་ཆེའི་བསྟོད་པ་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཀྱི་དོན་འགྲེལ་དབྱར་སྐྱེས་སྒྲ་བརྒྱ། (ཤོག་ངོས། 309-320)

༡༠ བདེ་བ་ཅན་གྱི་ཞིང་གི་ཡོན་ཏན་སེམས་པ་དང་སྦྲགས་ཏེ་སྨོན་ལམ་འདེབས་ཚུལ་བྱིན་རླབས་མྱུར་འཇུག (ཤོག་ངོས། 321-326)

༡༡ ཡིད་དགའ་ཆོས་འཛིན་གྱི་ཞིང་གི་བསྔགས་བརྗོད། (ཤོག་ངོས། 327-331)

༡༡ བདེ་བར་གཤེགས་པའི་སྐུ་གསུང་ཐུགས་རྟེན་བཞེངས་པ་དང་ཕྱག་མཆོད་སྐོར་བའི་ཕན་ཡོན་བསྟན་པ་རྣམ་དཀར་ལས་ལ་སྐུལ་བྱེད་ལྷའི་རྔ་ཆེན། (ཤོག་ངོས། 333-389)

༡༢ ལུང་སྟོན་བྱམས་པའི་དཀར་ཆག་གདངས་སྙན་ཆོས་ཀྱི་གཎྜི། (ཤོག་ངོས། 391-408)

༡༣ བཅོམ་ལྡན་འདས་ལྷ་མོ་རིག་བྱེད་མ་ལ་བསྟོད་པའི་རྒྱ་ཆེར་འགྲེལ་བ་རྡོ་རྗེ་གསུམ་གྱི་སྣང་བ། (ཤོག་ངོས། 409-614)

༡༤ རྡོ་རྗེ་གསུམ་གྱི་སྣང་བའི་བསྡུས་དོན། (ཤོག་ངོས། 615-622)

༡༥ བ་རི་ལོ་ཙཱ་ནས་བརྒྱུད་པའི་ལོ་རྒྱུས་དང་། རིག་བྱེད་མ་ལ་འདོད་གསོལ་བཀྲ་ཤིས་ཆར་འབེབས་བཅས། (ཤོག་ངོས། 623-630)

༡༦ འཕགས་མ་རིག་བྱེད་མ་ཕྱི་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་རྗེས་གནང་བྱ་ཚུལ་གསལ་བར་བཀོད་པ་དངོས་གྲུབ་འགུགས་པའི་ལྕགས་ཀྱུ། (ཤོག་ངོས། 631-640)

༡༧ འཇིགས་བྱེད་དཔའ་བོ་གཅིག་པའི་བསྐྱེད་རིམ་སྙིང་པོའི་དོན་གསལ། (ཤོག་ངོས། 641-656)

༡༨ གཟུགས་མཆོག་མའི་འགྲེལ་བ། (ཤོག་ངོས། 657-661)

༡༩ རྡོར་སེམས་སྒོམ་བཟླས་ཀྱི་སྒོ་ནས་ཉེས་ལྟུང་སྦྱོང་བའི་ཉམས་ལེན་སྙིང་པོར་བྱ་ཚུལ། (ཤོག་ངོས། 663-666)

༢༠ མགོན་པོ་འོད་དཔག་མེད་ལ་བརྟེན་པའི་འཕོ་ཁྲིད་དག་ཞིང་དུ་མར་བགྲོད་པའི་མྱུར་ལམ། (ཤོག་ངོས། 667-682)

༼ཆ༽ གླེགས་བམ་དྲུག་པ།

༡ དཔལ་གསང་བའི་བདག་པོ་འཁོར་ལོ་ཆེན་པོའི་བསྐྱེད་རིམ་གྱི་རྣམ་གཞག་རྒྱ་ཆེར་བཤད་པ་གསང་ཆེན་རོལ་མཚོ། (ཤོག་ངོས། 01-118)

༢ དཔལ་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་ས་ཆོག་གི་སྟངས་སྟབས་རྣམས་གསལ་བར་ཕྱེ་བ་བདུད་སྡེ་འཇོམས་པའི་ཟློས་གར། (ཤོག་ངོས། 119-135)

༣ བསྟན་པའི་ཉི་མ་རྗེ་བཙུན་དམ་པས་མཛད་པའི་མ་ཎིའི་སྒྲུབ་ཐབས་ཀྱི་འགྲེལ་བ་ཟབ་མོ་སྣང་བ། (ཤོག་ངོས། 137-203)

༤ འཁོར་ལོ་སྡོམ་པ་ལྷན་སྐྱེས་ཀྱི་སྒྲུབ་ཐབས་བདེ་ཆེན་དཔལ་སྟེར། (ཤོག་ངོས། 205-214)

༥ གྲུབ་ཆེན་ནག་པོ་སྤྱོད་པའི་ལུགས་ཀྱི་འཁོར་ལོ་སྡོམ་པའི་སྒྲུབ་ཐབས། (ཤོག་ངོས། 215-249)

༦ དྲིལ་བུ་ལུས་དཀྱིལ་གྱི་མངོན་རྟོགས་མདོར་བསྡུས། (ཤོག་ངོས། 251-264)

༧ བདེ་གསང་འཇིགས་གསུམ་གྱི་ཆོ་ག་མདོར་བསྡུས། (ཤོག་ངོས། 265-290)

༨ དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་བདག་འཇུག་ངག་འདོན་གྱི་རིམ་པར་བསྒྲིགས་པ། (ཤོག་ངོས། 291-312)

༩ དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་མངོན་རྟོགས་ཤིན་ཏུ་བསྡུས་པ། (ཤོག་ངོས། 313-320)

༡༠ གྲུབ་ཆེན་ཚེམ་བུ་པའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་བདེ་བ་ཅན་གྱི་མྱུར་ལམ། (ཤོག་ངོས། 321-327)

༡༡ འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་སྒོ་ནས་རིལ་སྒྲུབ་བྱེད་ཚུལ་ཕན་བདེའི་མཆོག་སྦྱིན། (ཤོག་ངོས། 329-338)

༡༢ འཕགས་མཆོག་རྒྱལ་བ་རྒྱ་མཚོའི་དབང་གི་ཆོ་ག་དངོས་གྲུབ་གཏེར་མཛོད། (ཤོག་ངོས། 339-367)

༡༣ ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དབང་གི་བརྒྱུད་འདེབས་དང་མངོན་རྟོགས་བསྡུས་པ།(ཤོག་ངོས། 369-372)

༡༤ འཕགས་མཆོག་ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པའི་སྒྲུབ་དཀྱིལ་ཆ་ལག་དང་བཅས་པ་ཐར་པའི་གྲོང་དུ་འཇུག་པའི་མྱུར་ལམ། (ཤོག་ངོས། 373-406)

༡༥ འཕགས་མཆོག་ཐུགས་རྗེ་ཆེན་པོ་ལ་བརྟེན་པའི་ཆར་འབེབས་བྱ་ཚུལ། (ཤོག་ངོས། 407-416)

༡༦ སྨྱུང་གནས་ཀྱི་ཆོ་གའི་ཟུར་རྒྱན་བདེ་བ་ཅན་གྱི་ལམ་ཡིག (ཤོག་ངོས། 417-445)

༡༧ སྨྱུང་གནས་དང་འབྲེལ་བར་སྟོང་མཆོད་འབུལ་ཚུལ་གྱི་ཆོ་ག་ཕན་བདེའི་ཆར་འབེབས། (ཤོག་ངོས། 447-453)

༡༨ འཕགས་མཆོག་ཐུགས་རྗེ་ཆེན་པོ་ལ་བརྟེན་པའི་མིག་གཟུངས་ཉམས་སུ་ལེན་ཚུལ་བྱིན་རླབས་བདུད་རྩིའི་ཐིགས་པ། (ཤོག་ངོས། 455-457)

༡༩ ཀུན་རིག་གི་ཆོ་ག་ཤིན་ཏུ་བསྡུས་པ་ཀུན་ཕན་ཁྱེར་བདེ་ནོར་བུའི་རྣ་ཆ། (ཤོག་ངོས། 459-463)

༢༠ རྡོ་རྗེ་རྣམ་པར་འཇོམས་པའི་སྒྲུབ་དཀྱིལ་ཆ་ལག་དང་བཅས་པ་མཆོག་ཐུན་དངོས་གྲུབ་གཏེར་མཛོད། (ཤོག་ངོས། 465-499)

༢༡ མི་འཁྲུགས་པ་ལྷ་དགུའི་ཆོ་ག་ཆ་ལག་དང་བཅས་པ་ཐར་པའི་འཇུག་ངོགས། (ཤོག་ངོས། 501-579)

༢༢ འཇམ་དཔལ་དཔའ་བོ་གཅིག་སྒྲུབ་སོགས་ལྷག་ལྷ་དུ་མའི་སྒྲུབ་ཐབས་ཀྱི་སྐོར། དཔའ་བོ་གཅིག་སྒྲུབ། བདེ་མཆོག་གི་འཕོ་བ། འཇིགས་བྱེད་བསྐང་བཤགས། རྣམ་རྒྱལ་མའི་སྒྲུབ་ཐབས་བུམ་ཆོག་དང་བཅས་པ། ལོ་གྱོན་མའི་རིལ་སྒྲུབ། ཐིག་ལེ་བཅུ་དྲུག་གི་སྒོམ་བཟླས། ཀུན་རིག་ཁྱུང་ནག་མེའི་སྤུ་གྲི།འཇམ་དཔལ་ནག་པོ། ལྷ་མོ་ཤྲ་མ་ན། འོད་དཔག་མེད། མི་གཡོ་བ། བཅུ་གཅིག་ཞལ་བཅས་ཀྱི་སྒྲུབ་ཐབས། སྒྲ་མི་སྙན་གྱི་ཚེ་སྒྲུབ། ཁྲོ་བཅུའི་མངོན་རྟོགས། ལོ་གྱོན་མ། ཚོགས་བདག་སྒྲུབ་ཐབས། གསེར་འོད་གཡང་འགུགས། ཚེ་དཔག་སྟོང་མཆོད། ཐུགས་རྗེ་ཆེན་པོའི་བུམ་སྒྲུབ། དབྱངས་ཅན་མ།རྟ་མགྲིན་གསང་སྒྲུབ། འཁོར་ཆེན། དྲག་པོ་སུམ་དྲིལ།མི་འཁྲུགས་པ། འཇམ་དབྱངས་དཀར་པོ། ཐུགས་རྗེ་ཆེན་པོ། རྡོ་རྗེ་སེམས་དཔའ། དབྱངས་ཅན་དམར་པོ། སྒྲོལ་མ། སྨན་བླ། སྤྱན་རས་གཟིགས། རྡོར་སེམས་བཅས་ཀྱི་སྒྲུབ་ཐབས། མི་འཁྲུགས་པའི་རྡུལ་ཚོན་ཆབ་འདྲེན། ཁྲུས་དབང་། སྨན་བླའི་སྦྱང་ཆོགགསང་འདུས་ཀྱི་རྒྱུད་བཀླག་ཐབས། ཐུགས་རྗེ་ཆེན་པོར་གསོལ་འདེབས་སོགས་སྒྲུབ་སྐོར་དངོས་གྲུབ་གཏེར་མཛོད། (ཤོག་ངོས། 581-676)

༼ཇ༽ གླེགས་བམ་བདུན་པ།

༡ ངན་སོང་ཐམས་ཅད་སྦྱོང་བའི་དཀྱིལ་འཁོར་ཞལ་སྟོན་གྱི་བཤད་པ་ཆོས་དུང་དཀར་པོའི་སྒྲ་དབྱངས། (ཤོག་ངོས། 01-28)

༢ ཀུན་མཁྱེན་བླ་མས་མཛད་པའི་རྡོར་ཕྲེང་དབང་གི་ཁ་སྐོང་ཀྲི་ཡའི་ཕྱག་ལེན་དང་བཅས་པ། (ཤོག་ངོས། 29-38)

༣ རབ་གནས་དགེ་ལེགས་ཆར་འབེབས་ཀྱི་ཕྱག་ལེན་མཐའ་དག་གསལ་བར་བཤད་པ་ལེགས་བྱས་སྤྲིན་གྱི་སྒྲ་དབྱངས། (ཤོག་ངོས། 39-65)

༤ རབ་གནས་ཀྱི་ལོ་རྒྱུས་གཙོ་བོར་གྱུར་པའི་བཤད་པ། (ཤོག་ངོས། 67-77)

༥ བཀྲ་ཤིས་རྫས་བརྒྱད་ཀྱི་རྣམ་བཤད་བཀྲ་ཤིས་དགའ་སྟོན། (ཤོག་ངོས། 79-102)

༦ རྣམ་རྒྱལ་སྟོང་མཆོད་ཀྱི་ཆོ་གའི་ཟུར་འདེབས་བདུད་རྩིའི་ཟིལ་དངར། (ཤོག་ངོས། 103-108)

༧ ཚེ་ལྷ་རྣམ་གསུམ་གྱི་མངོན་རྟོགས། (ཤོག་ངོས། 109-111)

༨ གྲུབ་ཆེན་བརྒྱད་ཅུའི་རྗེས་གནང་བྱ་ཚུལ། (ཤོག་ངོས། 113-124)

༩ སེང་ལྡེང་ནགས་སྒྲོལ་གྱི་སྒྲུབ་ཐབས་བྱིན་རླབས་དགའ་སྟོན། (ཤོག་ངོས། 125-130)

༡༠ རྟ་མགྲིན་ཕྱག་གཉིས་པའི་སྒྲུབ་ཐབས་དངོས་གྲུབ་གཏེར་མཛོད། (ཤོག་ངོས། 131-140)

༡༡ སྨན་ཆོག་མདོར་བསྡུས། (ཤོག་ངོས། 141-142)

༡༢ སངས་རྒྱས་སུམ་ཅུ་སོ་ལྔའི་སྒྲུབ་ཐབས་ཀྱི་ཆོ་ག་ལྟུང་བའི་མུན་སེལ། (ཤོག་ངོས། 143-153)

༡༣ ཡོན་སྦྱོང་གི་ཆོ་ག་སྒྲིབ་པའི་མུན་སེལ། (ཤོག་ངོས། 155-161)

༡༤ ཚེ་དཔག་མེད་ལ་བརྟེན་པའི་ཚེ་སྒྲུབ། (ཤོག་ངོས། 163-165)

༡༥ མི་འཁྲུགས་པའི་གོས་སྐུ་བཀྲམ་སྐབས་ཀྱི་འདོན་ཆའི་གོ་རིམ། (ཤོག་ངོས། 167-172)

༡༦ འཕགས་མཆོག་འཇམ་དཔལ་ནག་པོ་ལ་བརྟེན་པའི་སྦྱིན་སྲེག་གི་ཆོ་ག་ཉེས་པ་ཀུན་སེལ། རི་ཁྲོད་ལྷ་མོ།ཆོས་རྒྱལ་གསང་སྒྲུབ། འཇིགས་བྱེད་ཆོས་རྒྱལ་སྦྲགས་པ། སེང་གདོང་མ། ལྷ་མོ་བཅས་ཀྱི་བསྙེན་པ་བྱེད་ཚུལ་བཅས། (ཤོག་ངོས། 173-197)

༡༧ བཅོམ་ལྡན་འདས་ཀླུའི་དབང་ཕྱུག་རྒྱལ་པོའི་སྒོ་ནས་བུམ་ཆུ་སྒྲུབ་ཚུལ་གྱི་ཆོ་ག་གདུང་སེལ་ཟླ་བའི་འཁྲི་ཤིང་། (ཤོག་ངོས། 199-208)

༡༨ བཅོམ་ལྡན་འདས་ཀླུའི་དབང་ཕྱུག་རྒྱལ་པོའི་སྒོ་ནས་ཡུལ་ཁྲུས་བྱ་ཚུལ་ཀླུ་བསང་བཅས། (ཤོག་ངོས། 209-213)

༡༩ འཕགས་མཆོག་སེང་གེ་སྒྲའི་མངོན་རྟོགས་བུམ་སྒྲུབ་དང་བཅས་པ། (ཤོག་ངོས། 215-217)

༢༠ ཡེ་ཤེས་ཁྱུང་ཁྲའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་བྱིན་རླབས་དགའ་སྟོན་དང་། འཇམ་དཔལ་ནཱ་ག་རཀྴའི་བཀྲུ་བྱབས་སྲུང་བ་བཅས། (ཤོག་ངོས། 219-229)

༢༡ བཅོམ་ལྡན་འདས་མ་འོད་ཟེར་ཅན་མའི་བསྙེན་སྒྲུབ་ཁ་སྐོང་ལས་ཚོགས་དང་བཅས་པ། (ཤོག་ངོས། 231-248)

༢༢ སྨན་བྱིན་རླབས་བྱ་ཚུལ་བདུད་རྩིའི་ཐིགས་པ། (ཤོག་ངོས། 249-254)

༢༣ གཟུངས་སྔགས་ཟབ་མོ་ཁ་ཏོན་དུ་བྱ་ཚུལ་དགེ་བའི་འཕྲུལ་འདེགས། (ཤོག་ངོས། 255-262)

༢༤ མདོ་སྡེ་ཐར་པ་ཆེན་པོའི་འདོན་ཐབས་མདོ་ཉིད་ཀྱི་དགོངས་པ་རྒྱས་པར་བཀོད་པ། (ཤོག་ངོས། 263-275)

༢༥ འཇམ་དཔལ་མཚན་བརྗོད་ཀྱི་འདོན་ཐབས་ཁག་གཉིས། (ཤོག་ངོས། 277-282)

༢༤ བདེ་བར་གཤེགས་པའི་ཐུགས་རྟེན་སཙྪ་འདེབས་ཆོག་དང་རབ་གནས་མདོར་བསྡུས་ཀྱི་སྐོར། (ཤོག་ངོས། 283-289)

༢༥ སྐུ་པར་དང་སཱཙྪ་བཏབ་པ་སོགས་ལ་མེ་ཏོག་འཐོར་འབུལ་བགྱིད་ཚུལ། (ཤོག་ངོས། 290-291)

༢༦ སྤྱན་དབྱེའི་ཆོ་ག་ལག་ཏུ་བླང་བདེ་བ། (ཤོག་ངོས། 291-294)

༢༧ སུ་རུའུ་པའི་གཏོར་མ་གཏོང་ཚུལ་གྱི་རྣམ་གཞག། (ཤོག་ངོས། 295-300)

༢༨ བཟང་སྤྱོད་ལ་བརྟེན་པའི་འཆི་བླུའི་ཆོ་ག་སྐྱེ་འགྲོའི་དབུགས་འབྱིན། (ཤོག་ངོས། 301-311)

༢༩ ཚེ་བདག་མགོན་པོ་ལ་བརྟེན་ནས་འཆི་བླུ་བྱ་ཚུལ་ཚེ་ཉམས་གསོ་བྱེད་བདུད་རྩིའི་ཐིགས་པ། (ཤོག་ངོས། 313-319)

༣༠ ཛམ་དཀར་ལྷ་ལྔའི་ནོར་སྒྲུབ་བྱ་ཚུལ་ཟུར་འདེབས་གསེར་གྱི་ལྡེ་མིག་དང། ཛམ་དམར་སྲོག་སྒྲུབ་འདོད་རྒུའི་མཆོག་སྦྱིན་སོགས། (ཤོག་ངོས། 321-337)

༣༡ དུས་ཀྱི་འཁོར་ལོའི་ལམ་ལ་སློབ་ཚུལ་གྱི་སྨོན་ལམ། (ཤོག་ངོས། 339-342)

༣༢ ཚེ་དཔག་མེད་ཀྱི་བླ་བརྒྱུད་སྨོན་ཤིས། འཇམ་དཔལ་གསང་ལྡན། ཏྲའི་ཐུགས་རྗེ་ཆེན་པོ། གདུགས་དཀར་བཅས་ཀྱི་བརྒྱུད་འདེབས་བཅས། (ཤོག་ངོས། 343-355)

༣༣ འཕགས་མཆོག་འཇམ་དཔལ་དཀར་པོ་ལ་བསྟོད་པ་འཇམ་མགོན་དགྱེས་པ་སྐྱེད་བྱེད་བསྟོད་སྤྲིན་རྒྱ་མཚོ། (ཤོག་ངོས། 357-366)

༣༤ མདོ་སྔགས་ཀྱི་ལམ་ཡོངས་རྫོགས་ཟུང་ལྡན་གྱི་སྒོ་ནས་བསྟན་པ་རྒྱལ་བ་དགྱེས་པའི་དབྱངས་སྙན། (ཤོག་ངོས། 367-369)

༣༥ འཇམ་མགོན་བླ་མ་ལ་བསྟོད་པའི་རབ་ཏུ་བྱེད་པ་ཀ་ལ་པིངྐའི་གླུ་དབྱངས།(ཤོག་ངོས། 371-376)

༣༦ ཀུན་མཁྱེན་འཇིགས་མེད་དབང་པོ་ལ་ཐོག་མའི་ཟུང་ལྡན་གྱི་སྒོ་ནས་བསྟོད་པ་དགེ་ལེགས་དཔལ་མཆོག (ཤོག་ངོས། 377-382)

༣༧ འཁྲུངས་རབས་གསོལ་འདེབས་ནོར་བུའི་ཕྲེང་བ། (ཤོག་ངོས། 383-386)

༣༨ ཧལ་ཧ་རྗེ་བཙུན་དམ་པའི་འཁྲུངས་རབས་གསོལ་འདེབས། (ཤོག་ངོས། 385-386)

༣༩ སྟོན་པ་ཐུབ་པའི་དབང་པོ་ལ་མ་བརྗོད་པར་བསྟོད་པ་སྒོ་མཐའ་ཡས་སོགས་བསྟོད་ཚོགས་གསོལ་འདེབས་ཀྱི་སྐོར་བྱིན་རླབས་གཏེར་གྱི་སྒོ་འབྱེད། (ཤོག་ངོས། 387-473)

༤༠ དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་དེབ་ཡིག་མགོ་རྒྱན་ཕུན་ཚོགས་འདོད་དགུའི་རོལ་མཚོ་སོགས་དེབ་རྒྱན་སྣ་ཚོགས། (ཤོག་ངོས། 475-486)

༤༡ དབེན་གནས་ཡིད་དགའ་ཆོས་འཛིན་གྱི་བཅའ་ཡིག་ཡང་དག་སྒྲུབ་པའི་འཇུག་ངོགས་དང་དེའི་ཟུར་འདེབས། (ཤོག་ངོས། 487-514)

༤༢ ཨ་རུ་ཧོར་ཆེན་དགོན་བཀྲ་ཤིས་བསམ་གྲུབ་གླིང་གི་བཅའ་ཡིག་བཅས། (ཤོག་ངོས། 515-518)

༤༣ སྐར་མ་རབ་རིབ་སོགས་མདོ་ཚིག་དོན་བཀྲལ། འཁོར་ལོའི་རྣམ་གཞག་བཤེས་གཉེན་བསྟེན་ཚུལ། སྐུ་སྐྱེའི་དེ་ཉིད་གསལ་བྱེད། ཐ་མ་ཁའི་ཉེས་དམིགས་སོགས་ལེའུ་ཚན་ཐོར་བུ་སྣ་ཚོགས། (ཤོག་ངོས། 519-576)

༤༤ ལེགས་པར་བཤད་པ་ཤིང་གི་བསྟན་བཅོས་ལུགས་གཉིས་ཡལ་འདབ་བརྒྱ་ལྡན། (ཤོག་ངོས། 577-585)

༤༥ ལེགས་པར་བཤད་པ་ཆུའི་བསྟན་བཅོས་ལུགས་གཉིས་རླབས་ཕྲེང་བརྒྱ་ལྡན། (ཤོག་ངོས། 587-599)

༤༦ ཟློས་གར་གྱི་བསྟན་བཅོས་ཡང་དག་ལམ་དུ་བཀྲི་བའི་རོལ་རྩེད། (ཤོག་ངོས། 601-621)

༤༧ ཚིག་བཀྲ་སྣ་ཚོགས་ཀྱི་སྐོར་སྐལ་བཟང་མདོངས་མཐའ་དགྱེས་པའི་དབྱར་རྔ། (ཤོག་ངོས། 623-636)

༤༨ སྙན་དངགས་ཀྱི་དཔེར་བརྗོད་རྩོམ་འཕྲོ་ཅན། (ཤོག་ངོས། 637-677)

༼ཉ༽ གླེགས་བམ་བརྒྱད་པ།

༡ ཉམས་མྱོང་རྒན་པོའི་འབེལ་གཏམ་ཡིད་འབྱུང་དམར་ཁྲིད། (ཤོག་ངོས། 01-06)

༢ ཡུལ་མཆོག་དམན་དུ་མ་ལ་ཕུལ་བའི་སྤྲིང་ཡིག་གི་སྐོར་སྒྲ་དོན་རྒྱན་གྱི་རོལ་མཚོ། (ཤོག་ངོས། 07-42)

༣ ཁྲི་བཤད་སོགས་བཤད་པ་སྣ་ཚོགས། (ཤོག་ངོས། 43-58)

༤ མགོན་པོའི་གཏོར་ཆོག་བསྡུས་པ། གཏོར་འབུལ་རྒྱུན་ཁྱེར། གཟི་བྱིན་བསྐྱེད་པ། ཆོས་རྒྱལ། ལྷ་མོ། རྣམ་སྲས་སོ་སོར་གཏོར་མ་འབུལ་ཚུལ་བཅས། (ཤོག་ངོས། 59-82)

༥ དཔལ་མགོན་ཞལ་བཞི་པའི་གཏོར་འབུལ་དངོས་གྲུབ་ཀུན་འབྱུང་དང་བསྟོད་པ་རྔམས་པའི་སྒྲ་སྒྲོགས་བཅས། (ཤོག་ངོས། 83-86)

༦ ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་བསྙེན་ཅིང་སྒྲུབ་པའི་ཁ་སྐོང་གསང་སྒྲུབ་ཀྱི་བསྐང་བ་དང་བཅས་པ། (ཤོག་ངོས། 87-97)

༧ དཔལ་ལྡན་དམག་ཟོར་རྒྱལ་མོའི་བསྙེན་སྒྲུབ་ལ་འཇུག་པའི་མན་ངག་ཁྲག་འཐུང་དགའ་སྟོན། (ཤོག་ངོས། 99-109)

༨ རྒྱལ་བའི་བསྟན་སྲུང་ཆེན་པོ་དྲེགས་པ་ལྕམ་སྲིང་བསྙེན་ཅིང་སྒྲུབ་པའི་རིམ་པ་ལས་བཞིའི་འཕྲིན་ལས་ལྷུན་གྲུབ། (ཤོག་ངོས། 111-136)

༩ གཏོར་འབུལ་བསངས་མཆོད་སོགས་ཀྱི་སྐོར་བསྟན་སྲུང་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ། (ཤོག་ངོས། 137-183)

༡༠ རྨ་རྒྱལ་སྤོམ་རའི་གཡང་འབོད་ཕུན་ཚོགས་འདོད་རྒུའི་རོལ་མཚོ་ཞེས་བྱ་བ་དང་། རྒྱལ་གསོལ་མཇུག་ཏུ་སྦྱར་རྒྱུའི་གཡང་འབོད་བཅས། (ཤོག་ངོས། 185-193)

༡༡ ལྷ་གཉན་ཆེན་པོ་སྔོ་ལ་གཡུ་རྩེའི་གསོལ་མཆོད་རྒྱས་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན་དང་ལྷ་ཆེན་གཉན་རྗེ་གུང་སྔོན་གྱི་བསང་མཆོད་བཅས། (ཤོག་ངོས། 195-213)

༡༢ རྒྱལ་བ་མ་ཕམ་མགོན་པོ་ལ་མདོ་ཆོག་གི་ལུགས་བཞིན་མཆོད་ཚུལ་སོགས་བཀའ་རྩོམ་སྣ་ཚོགས་ཀྱི་སྐོར་ཕྱོགས་གཅིག་ཏུ་བསྒྲིགས་པ། (ཤོག་ངོས། 215-271)

༡༣ དགེ་ལྡན་བསྟན་པ་རྒྱས་པའི་སྨོན་ལམ་སོགས་སྨོན་ཚིག་གི་སྐོར་དྲང་སྲོང་བདེན་ཚིག (ཤོག་ངོས། 273-309)

༡༤ བླ་མའི་ཐུགས་རྗེ་བསྐུལ་ཏེ་ཚེ་རབས་རྗེས་འཛིན་གྱི་སྨོན་ཚིག་ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དམིགས་སྐོར་ཆ་ཚང་། ཚེ་རབས་རྗེས་འཛིན་གྱི་སྨོན་ཚིག་དངོས་གྲུབ་ཀུན་འབྱུང་། འཕགས་མ་ཡིད་བཞིན་འཁོར་ལོའི་འདོད་གསོལ་ལས་བཞི་ལྷུན་གྲུབ། དགེ་སྦྱོར་གྱི་མཇུག་ཏུ་འདོན་རྒྱུའི་སྨོན་ཚིག་བཅས། (ཤོག་ངོས། 311-317)

༡༥ མྱུར་འབྱོན་གསོལ་འདེབས་ཀྱི་སྐོར་ཉམ་ཐག་སྐྱེ་བོའི་གདུང་དབྱངས། (ཤོག་ངོས། 319-328)

༡༦ རྡོ་རྗེ་འཆང་བསྟན་པའི་སྒྲོན་མེས་བློ་དམན་ཀུན་གྱིས་གོ་བདེ་བའི་ཆེད་ཕལ་སྐད་ཚུལ་དུ་གནང་བའི་ཟབ་ཆོས། (ཤོག་ངོས། 329-337)

༡༧ གསུང་ཐོར་བུ་ལས་རྟེན་གསུམ་གྱི་དཀར་ཆག་དང་སྐོར་ཚད་ཀྱི་རིམ་པ་ཕྱོགས་བཀོད། (ཤོག་ངོས། 339-360)

༡༨ བཤད་པ་སྣ་ཚོགས་ཕྱོགས་བསྡུས། (ཤོག་ངོས། 361-380)

༡༩ བསྔོ་བ་རྒྱས་པ་དགེ་ཚོགས་རྒྱ་མཚོའི་འཇུག་ངོགས། (ཤོག་ངོས། 381-386)

༢༠ འཇམ་དབྱངས་བླ་མ་རྗེ་བཙུན་དཀོན་མཆོག་བསྟན་པའི་སྒྲོན་མེའི་རྣམ་པར་ཐར་པ་བརྗོད་པའི་གཏམ་དད་པའི་པད་མོ་བཞད་པའི་ཉིན་བྱེད་ཅེས་བྱ་བ། མཛད་པ་པོ། དབལ་མང་པཎྜིཏ་དཀོན་མཆོག་རྒྱལ་མཚན། (ཤོག་ངོས། 387-696)


རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།