ཀུན་མཁྱེན་དཀོན་མཆོག་འཇིགས་མེད་དབང་པོའི་གསུང་འབུམ་དཀར་ཆག

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2019-04-07 18:40:34     རྩོམ་པ་པོ།   ཤིས་ཚང་མཁྱེན་རབ་རྒྱ་མཚོ།    ཀློག་ཐེངས།  


༄༅། །ཀུན་མཁྱེན་དཀོན་མཆོག་འཇིགས་མེད་དབང་པོའི་གསུང་འབུམ་དཀར་ཆག

འབྲས་སྤུངས་བཀྲ་ཤིས་སྒོ་མང་དཔེ་མཛོད་ཁང་།

Drepung Tashi Gomang Library

2019

ཀླད་ཀྱི་གསལ་བཤད།

དཀར་ཆག་འདི་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཤིང་པར་དུ་བཞུགས་པའི་ཀུན་ མཁྱེན་འཇིགས་མེད་དབང་པོའི་གསུང་འབུམ་གྱི་པོད་སོ་སོའི་དབུར་འཁོད་པའི་དཀར་ཆག་ དེ་ཕྱི་མོར་བྱས་པ་ཡིན་ལ། དེར་པོད་སོ་སོར་བཞུགས་པའི་ཆོས་ཚན་རེ་རེར་ལྡེབ་གྲངས་ག་ ཚོད་ཡོད་པ་མ་ཕྱིར་ཇི་ལྟར་གསལ་བ་བཞིན་འདིར་ཡང་རང་སོར་བཞག་ཡོད། དེས་ཁྱོད་ཀྱིས་ གསུང་འབུམ་འདིའི་ཆོས་ཚན་རེ་རེར་ཤིང་པར་གྱི་ལྡེབ་གྲངས་ག་ཚོད་ཡོད་པ་མཁྱེན་རྟོགས་ ཡོང་ངེས། དེ་མིན་ཤོག་གྲངས་ཞེས་པ་ནི་འདི་ག་དཔེ་མཛོད་ཁང་གིས་གསར་དུ་དཔར་སྐྲུན་ བྱས་པའི་གསུང་འབུམ་དེབ་གཟུགས་ཀྱི་ཤོག་གྲངས་ལ་གོ་དགོས་པ་ཡིན་ལ། དེས་ཁྱོད་ལ་ མཁོ་བའི་ཆོས་ཚན་གང་ཞིག་གསུང་འབུམ་འདིའི་དེབ་ཀྱི་ཤོག་གྲངས་གང་ནས་གང་བར་དུ་ ཡོད་པ་ལས་སླ་བོར་ཤེས་ཐུབ་པ་ཡིན། དེ་མིན་དཀར་ཆག་གི་མ་ཕྱིར་ཆོས་ཚན་སྤྱིའི་མཚན་ བྱང་ཙམ་ལས་ནང་གསེས་བྱེ་བྲག་གི་ཆོས་ཚན་སོ་སོའི་དཀར་ཆག་མི་གསལ་ཡང་། འདིར་ དོན་གཉེར་ཅན་ཚོར་འཚོལ་བདེ་བའི་ཆེད་དུ་དམིགས་ཏེ་ནང་གསེས་དཀར་ཆག་ཇི་སྙེད་ཅིག་ ཀྱང་ཤོག་ངོས་དང་བཅས་ཏེ་ཅུང་རྒྱས་པར་བཀོད་ཡོད། ཡིན་ནའང་། ཤོ་ལོ་ཀ་དང་ཐིག་ཕྲེང་ འགའ་རེ་ལས་མེད་པའི་གསུང་ཐོར་བུ་བ་དག་དཀར་ཆག་གཞན་གྱི་ཁོངས་སུ་བསྡུས་པ་ལས་ ཟུར་དུ་འགོད་ཐུབ་མེད་པ་དེ་དོན་དགོངས་འཇགས་འཚལ།

ཞེས་དཀར་ཆག་སྒྲིག་པ་བོས།

ཕྱི་ལོ་ ༢༠༡༩ ཟླ་ ༠༡ ཚེས་༡༥ ཉིན།

1

༄༅། །ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་དཀོན་མཆོག་འཇིགས་མེད་དབང་པོའི་གསུང་འབུམ་དཀར་ཆག

༼ཀ༽ གླེགས་བམ་དང་པོ།

༡ དུས་གསུམ་རྒྱལ་བའི་སྤྱི་གཟུགས་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་བོའི་རྣམ་པར་ཐར་བ་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་ཞེས་བྱ་བ།(ལྡེབ་གྲངས།༢༧༨) མཛད་པ་བོ། གུང་ཐང་བསྟན་པའི་སྒྲོན་མེ། ཤོག་གྲངས། 1-391

༢ རྗེ་དཀོན་མཆོག་འཇིགས་མེད་དབང་བོའི་གསང་བའི་རྣམ་ཐར།(ལྡེབ་གྲངས།༥) མཛད་པ་བོ། གུང་ཐང་བསྟན་པའི་སྒྲོན་མེ། ཤོག་གྲངས། 393-398

༼ཁ༽ གླེགས་བམ་གཉིས་པ།

༡ ཆོས་ཀྱི་རྗེ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་རྣམ་པར་ཐར་བ་དད་པ་དང་ལྡན་པ་དག་ལ་གཏམ་དུ་བྱ་བ་ངོ་མཚར་གངྒཱའི་ཆུ་རྒྱུན་ཞེས་བྱ་བ།(ལྡེབ་གྲངས།༣༧) ཤོག་གྲངས། 1-48

༢ མཁས་ཤིང་གྲུབ་པའི་དབང་ཕྱུག་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་རྣམ་པར་ཐར་བ་ངོ་མཚར་སྐལ་བཟང་འཇུག་ངོགས་ཞེས་བྱ་བ་ལ།(ལྡེབ་གྲངས། ༡༢༣) ཤོག་གྲངས། 49-235

༣ རྗེ་བཙུན་བླ་མ་ཐམས་ཅད་མཁྱེན་པ་ལྕང་སྐྱ་རོལ་བའི་རྡོ་རྗེའི་འཁྲུངས་རབས་ཀྱི་ཕྲེང་བ་གཏམ་དུ་བརྗོད་པ་ངོ་མཚར་དད་པའི་ལྗོན་ཤིང་ཞེས་བྱ་བ།(ལྡེབ་གྲངས།༡༢༡) ཤོག་གྲངས། 237-416

༤ སྐྱེ་དགུའི་འདྲེན་མཆོག་དམ་པ་བྲག་གཡབ་ཆུང་ཚང་སྤྲུལ་བའི་སྐུ་རིན་པོ་ཆེ་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་གི་རྣམ་ཐར་དད་པའི་སྒོ་འབྱེད་ཅེས་བྱ་བ། (ལྡེབ་གྲངས།༡༣) ཤོག་གྲངས། 417-433

༥ དཔལ་ལྡན་བླ་མ་ཀུན་སྤངས་ཆེན་པོ་ངག་དབང་བློ་བཟང་དཔལ་བཟང་པོའི་རྣམ་པར་ཐར་བ་དད་པའི་མྱུ་གུ་ཞེས་བྱ་བ།(ལྡེབ་གྲངས།༡༦) ཤོག་གྲངས། 435-456

༦ གདན་ས་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་གདན་རབས་མུ་ཏིག་འཕྲེང་བ་ཞེས་བྱ་བ།(ལྡེབ་གྲངས།༤༢) ཤོག་གྲངས། 457-518

༼ག༽ གླེགས་བམ་གསུམ་པ།

རྗེ་བླ་མ་སྲིད་ཞིའི་གཙུག་རྒྱན་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་བོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་བ་ཉི་མའི་འོད་ཟེར་ཞེས་བྱ་བའི་སྟོད་ཆ།(ལྡེབ་གྲངས།༣༥༨) ཤོག་གྲངས།

༼ང༽ གླེགས་བམ་བཞི་བ།

རྗེ་བླ་མ་སྲིད་ཞིའི་གཙུག་རྒྱན་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་བོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་བ་ཉི་མའི་འོད་ཟེར་ཞེས་བྱ་བའི་སྨད་ཆ།(ལྡེབ་གྲངས།༢༩༡) ཤོག་གྲངས། 1-443

༼ཅ༽ གླེགས་བམ་ལྔ་བ།

༡ བདེ་བར་གཤེགས་པའི་བཀའ་དགོངས་འགྲེལ་བསྟན་བཅོས་འགྱུར་རོ་ཅོག་པར་དུ་སྒྲུབ་པའི་ཚུལ་ལས་ཉེ་བར་བརྩམས་པའི་གཏམ་ཡང་དག་པར་བརྗོད་པ་དཀར་ཆག་ཡིད་བཞིན་ནོར་བུའི་ཕྲེང་བ་ཞེས་བྱ་བ།(ཅོ་ནེའི་བསྟན་འགྱུར་དཀར་ཆག) (ལྡེབ་གྲངས།༢༦༩) ཤོག་གྲངས། 1-378

༢ དགེ་ལྡན་ཆོས་འབྱུང་ནོར་བུའི་འཕྲེང་བ་རྩོམ་འཕྲོ།(ལྡེབ་གྲངས།༨༥) ཤོག་གྲངས། 379-492

༣ མཁས་གྲུབ་ཐམས་ཅད་མཁྱེན་པ་དགེ་ལེགས་དཔལ་བཟང་བོའི་རྣམ་པར་ཐར་བ།(ལྡེབ་གྲངས།༡༣) ཤོག་གྲངས། 493-509

༼ཆ༽ གླེགས་བམ་དྲུག་པ།

༡ བསྟན་བཅོས་ཆེན་པོ་དབུ་མ་ལ་འཇུག་པའི་མཐའ་དཔྱོད་ལུང་རིགས་སྒྲོན་མེ་ཞེས་བྱ་བ།(ལྡེབ་གྲངས།༢༤༢) ཤོག་གྲངས། 1-380

༢ གྲུབ་པའི་མཐའི་རྣམ་པར་བཞག་པ་རིན་པོ་ཆེའི་འཕྲེང་བ་ཞེས་བྱ་བ།(ལྡེབ་གྲངས།༢༦) ཤོག་གྲངས། 381-419

༣ བསམ་གཟུགས་ཆེན་མོ་ལས་མདོར་བསྡུས་ཏེ་བཀོད་པ་བསམ་གཟུགས་ཀྱི་རྣམ་བཞག་ལེགས་བཤད་བུམ་བཟང་ཞེས་བྱ་བ།(ལྡེབ་གྲངས།༢༥) ཤོག་གྲངས། 421-470

༤ དངོས་བརྒྱད་དོན་བདུན་ཅུའི་རྣམ་བཞག་བསྡུས་པ།(ལྡེབ་གྲངས།༩) ཤོག་གྲངས། 471-481

༥ མཁྱེན་གསུམ་གྱི་རྣམ་པ་བརྒྱ་དང་དོན་གསུམ་གྱི་རང་བཞིན་ཡང་དག་པར་བརྗོད་པ་ལེགས་བཤད་པདྨ་དཀར་པོའི་འཁྲི་ཤིང་ཞེས་བྱ་བ།(ལྡེབ་གྲངས།༡༠) ཤོག་གྲངས། 483-497

༦ ཕར་ཕྱིན་སྐབས་བརྒྱད་པའི་མཐའ་དཔྱོད་མདོར་བསྡུས་པ།(ལྡེབ་གྲངས།༣༩) ཤོག་གྲངས། 499-553

༼ཇ༽ གླེགས་བམ་བདུན་པ།

༡ དམ་པའི་ཆོས་མངོན་པ་མཛོད་ཀྱི་དོན་ལེགས་པར་བཤད་པ་རིན་པོ་ཆེའི་གྲུ་གཟིངས་ཞེས་བྱ་བའི་གནས་དང་པོ།(ལྡེབ་གྲངས།༣༨) དེའི་གནས་གཉིས་པ།(ལྡེབ་གྲངས།༤༩) གནས་གསུམ་པ།(ལྡེབ་གྲངས།༦༡) གནས་བདུན་པ།(ལྡེབ་གྲངས།༢༦) ཤོག་ཀུན་གྲངས། 1-249

༢ མཛོད་འདུལ་གྱི་ཟིན་བྲིས་དོགས་སློང་གི་ཚུལ་དུ་བཀོད་པ།(ལྡེབ་གྲངས།༥༢) (གསུང་རྩོམ་འདི་གསུང་འབུམ་མ་ཕྱིའི་ནང་དུ་མི་བཞུགས་ཀྱང་མཚམས་འདིར་གསར་དུ་བཅུག་པ་ཡིན།) ཤོག་གྲངས།251-315

༣ རྟེན་འབྲེལ་རྩོམ་འཕྲོ་སོགས་ལྗགས་རྩོམ་འཕྲོ་ཅན་གྱི་སྐོར།(ལྡེབ་གྲངས།༣༦) ཤོག་གྲངས།317-367

༤ ས་ལམ་གྱི་རྣམ་བཞག་ཐེག་གསུམ་མཛེས་རྒྱན་ཞེས་བྱ་བ།(ལྡེབ་གྲངས།༢༢) ཤོག་གྲངས།369-398

༥ མདོ་རྒྱུད་བསྟན་བཅོས་དུ་མ་ནས་འབྱུང་བའི་ཆོས་ཀྱི་རྣམ་གྲངས་ཤེས་ལྡན་ཡིད་ཀྱི་དགའ་སྟོན་ཞེས་བྱ་བ།(ལྡེབ་གྲངས།༣༩) ཤོག་གྲངས།399-444

༦ དཀོན་མཆོག་རྗེས་སུ་དྲན་པའི་མདོའི་དགོངས་འགྲེལ་དོན་གསལ་སྒྲོན་མེ་ཞེས་བྱ་བ།(ལྡེབ་གྲངས།༢༧) ཤོག་གྲངས། 445-483

༧ ལྟ་བའི་གསུང་མགུར་གྱི་འགྲེལ་བ་ཚིག་གི་སྒྲོན་མེ་ཞེས་བྱ་བ།(ལྡེབ་གྲངས།༡༡) ཤོག་གྲངས། 485-500

༨ གསོལ་འདེབས་ཀཻ་ཏ་ཀའི་འཕྲེང་མཛེས་ཀྱི་རྣམ་བཤད་ཚིག་དོན་རབ་གསལ་ཞེས་བྱ་བ།(ལྡེབ་གྲངས།༢༦) ཤོག་གྲངས། 501-537

༩ རྣམ་འགྲེལ་གྱི་རྣམ་བཤད་རིགས་པའི་རྒྱ་མཚོའི་མགོ་མཇུག་བར་གསུམ་གྱི་སྙན་དངགས་ཀྱི་ཚིག་འགྲེལ་རིན་པོ་ཆེའི་སྒྲོན་མེ་ཞེས་བྱ་བ།(ལྡེབ་གྲངས།༡༢)

གྲངས། 539-563

༡༠ འཕགས་མཆོག་སྤྱན་རས་གཟིགས་ཀྱི་གསོལ་འདེབས་ཕན་བདེ་ཆར་འབེབས་ཀྱི་འགྲེལ་བ་མདོར་བསྡུས་པ།(ལྡེབ་གྲངས།༩) ཤོག་གྲངས། 565-576

༡༡ འཇམ་དབྱངས་སྨྲ་སེང་གི་བསྟོད་འགྲེལ། བར་དོ་འཕྲང་སྒྲོལ་གྱི་མཆན་འགྲེལ། མགོན་པོའི་སྒྲུབ་ཐབས་ཀྱི་རྣམ་བཤད་དང་བཅས་པ།(ལྡེབ་གྲངས།༢༡) ཤོག་གྲངས། 577-604

༼ཉ༽ གླེགས་བམ་བརྒྱད་པ།

༡ སྐྱེས་རབས་ཀྱི་ས་བཅད།(ལྡེབ་གྲངས།༩) ཤོག་གྲངས། 1-11

༢ སྐྱེས་རབས་སོ་བཞི་བའི་འགྲེལ་བ་མཁས་པའི་མགྲིན་རྒྱན་ཞེས་བྱ་བ།(ལྡེབ་གྲངས།༨༣) ཤོག་གྲངས། 13-134

༣ པད་དཀར་ཆོས་གླིང་གི་མཚན་ཉིད་བླ་མ་རྒྱལ་མཚན་དོན་གྲུབ་ཀྱི་དྲིས་ལན་སོགས་དྲིས་ལན་གྱི་སྐོར།(ལྡེབ་གྲངས།༢༡)

མཚན་ཉིད་བླ་མ་དོན་གྲུབ་རྒྱལ་མཚན་གྱི་དྲིས་ལན། (ཤོག་ངོས། 135)

ཐུ་མེད་དཀའ་བཅུ་འཇིགས་མེད་ཆོས་གྲགས་ཀྱི་དྲིས་ལན། (ཤོག་ངོས། 140)

དགེ་སློང་ཚུལ་ཁྲིམས་རྒྱ་མཚོའི་དོགས་ལན། (ཤོག་ངོས། 146)

རྒྱུད་སྨད་རབ་འབྱམས་པ་རྣམ་རྒྱལ་ཚེ་རིང་གི་དྲིས་ལན། (ཤོག་ངོས། 147)

བྱ་ཁྱུང་དགེ་བཤེས་ངག་དབང་རྒྱ་མཚོའི་དྲིས་ལན། (ཤོག་ངོས། 152)ཀུན་མཁྱེན་འཇིགས་མེད་དབང་པོའ་ིགསུང་འབུམ་དཀར་ཆག 7

དྲིས་ལན་ཚངས་པའི་འཁོར་ལོ། (ཤོག་ངོས། 156)

༤ བྱང་ཆུབ་ལམ་གྱི་རིམ་པའི་དམར་ཁྲིད་འཇམ་དཔལ་ཞལ་ལུང་གི་སྔོན་འགྲོ་སྦྱོར་བའི་ཆོས་དྲུག་ཉམས་སུ་ལེན་ཚུལ།(ལྡེབ་གྲངས།༡༣) ཤོག་གྲངས། 163-192

༥ བྱང་ཆུབ་ལམ་གྱི་རིམ་པའི་དམིགས་སྐོར་མདོར་བསྡུས་པ་བྱིན་རླབས་ཀྱི་གཏེར་མཛོད་ཅེས་བྱ་བ།(ལྡེབ་གྲངས།༢༣) ཤོག་གྲངས། 193-209

༦ ཞལ་གདམས་མགུར་མའི་སྐོར།(ལྡེབ་གྲངས།༡༨) ཤོག་གྲངས། 211-233

༧ འཇམ་དབྱངས་ཆོས་ཀྱི་རྒྱལ་བོ་དཀོན་མཆོག་འཇིགས་མེད་དབང་བོའི་གསུང་འབུམ་ལས་སྣ་ཚོགས་ཀྱི་སྐོར།(ལྡེབ་གྲངས།༡༨) ཤོག་གྲངས། 235-258

སྐྱབས་འགྲོ་ཉམས་སུ་ལེན་ཚུལ་མདོར་བསྡུས། (ཤོག་ངོས། 235)

ཁྲུས་གསོལ་མདོར་བསྡུས་བྱ་ཚུལ། (ཤོག་ངོས། 238)

སེམས་བསྐྱེད་མཆོད་པའི་རིམ་པ་འདོན་བསྒྲིགས་ཟིན་བྲིས། (ཤོག་ངོས། 242)

ལམ་རིམ་སོགས་ཀྱི་ཟིན་ཐོ། (ཤོག་ངོས། 248)

༨ སླད་ནས་བསྡུས་པའི་གསུང་ཐོར་བུ་བའི་རིམ་པ།(ལྡེབ་གྲངས།༡༧) ཤོག་གྲངས། 259-284

རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་སོགས། (ཤོག་ངོས། 259)

ཚིག་བཀྲ་བློ་གསལ་དགའ་སྐྱེད། (ཤོག་ངོས། 276)

༩ བླ་མའི་རྣལ་འབྱོར་གྱི་རིམ་པ་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ།(ལྡེབ་གྲངས།༤༣) ཤོག་གྲངས། 285-342

༡༠ རང་བསྟོད་གསོལ་འདེབས་ཀྱི་སྐོར།(ལྡེབ་གྲངས།༢༦) ཤོག་གྲངས། 343-374ཀུན་མཁྱེན་འཇིགས་མེད་དབང་པོའ་ིགསུང་འབུམ་དཀར་ཆག 8

༡༡ བརྒྱུད་འདེབས་ཀྱི་སྐོར།(ལྡེབ་གྲངས།༡༩) ཤོག་གྲངས། 375-398

༡༢ རྡོ་རྗེ་འཆང་ཆེན་པོ་དཀོན་མཆོག་འཇིགས་མེད་དབང་བོའི་བཀའ་རྩོམ་ལས་བསྟོད་ཚིག་གི་རིམ་པ་དོན་ལྡན་ཚངས་པའི་སྒྲ་དབྱངས་ཞེས་བྱ་བ།(ལྡེབ་གྲངས། ༣༦) ཤོག་གྲངས། 399-444

༡༣ སྐྱེས་བུ་དམ་པ་རྣམས་ལ་ཞབས་བརྟན་གསོལ་འདེབས་ཀྱི་རིམ་པ་བྱིན་རླབས་ཀྱི་རོལ་མཚོ་ཞེས་བྱ་བ།(ལྡེབ་གྲངས།༤༨) ཤོག་གྲངས། 445-508

༡༤ ཡང་སྲིད་མྱུར་བྱོན་གྱི་སྐོར།(ལྡེབ་གྲངས།༢༩) ཤོག་གྲངས། 509-536

༼ཏ༽ གླེགས་བམ་དགུ་བ།

༡ རྡོ་རྗེ་འཕྲེང་བའི་དབང་ཆོག(ལྡེབ་གྲངས།༢༡) ཤོག་གྲངས། 1-28

༢ མི་ཏྲ་བརྒྱ་རྩའི་བླ་མེད་ཀྱི་དབང་ཆོག་དངོས་གཞི་ངག་འདོན་གྱི་རིམ་པར་བསྒྲིགས་པ།(ལྡེབ་གྲངས།༢༠) ཤོག་གྲངས། 29-55

༣ ཚེ་ཆོག་འཆི་མེད་བུམ་བཟང་ཞེས་བྱ་བ།(ལྡེབ་གྲངས།༣༨) ཤོག་གྲངས། 57-104

༤ མ་ཅིག་གྲུབ་པའི་རྒྱལ་མོ་ནས་བརྒྱུད་པའི་ཚེ་དཔག་མེད་ལྷ་གཅིག་བུམ་གཅིག་གི་སྒོ་ནས་ཚེ་དབང་བསྐུར་ཚུལ་ཞིབ་ཏུ་བརྗོད་པ་ཚེ་དཔལ་པདྨོ་རྒྱས་པའི་ཉིན་བྱེད་ཅེས་བྱ་བ།(ལྡེབ་གྲངས།༡༨) ཤོག་གྲངས། 105-129

༥ འཕགས་པ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དབང་གི་མཚམས་སྦྱོར་པདྨ་དཀར་པོའི་མྱུ་གུ་ཞེས་བྱ་བ།(ལྡེབ་གྲངས།༡༩) ཤོག་གྲངས། 131- 155

༦ ནམ་མཁའ་སྒོ་འབྱེད་ཀྱི་བྱིན་རླབས་ཇི་ལྟར་བྱ་བའི་ལག་ལེན་གསལ་བར་བཀོད་པ་བཀླགས་པས་དོན་གྲུབ་ཅེས་བྱ་བ།(ལྡེབ་གྲངས།༡༢) ཤོག་གྲངས། 157-172

༧ བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་ཞེ་དགུའི་སྒྲུབ་ཐབས་དཔག་བསམ་གྱི་སྙེ་མ་ཞེས་བྱ་བ།(ལྡེབ་གྲངས།༢༤) ཤོག་གྲངས། 173-204

༨ དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་སྒྲུབ་ཐབས་བདུད་ལས་རྣམ་རྒྱལ་གྱི་ངག་འདོན་ཁྲིག་ཆགས་སུ་བསྡེབས་པ།(ལྡེབ་གྲངས།༢༠) ཤོག་གྲངས། 205-231

༩ དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་སྒྲུབ་ཐབས་མདོར་བསྡུས་པ་རིན་ཆེན་བུམ་བཟང་ཞེས་བྱ་བ།(ལྡེབ་གྲངས།༡༠) ཤོག་གྲངས། 233-244

༡༠ བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་དགྲ་ནག་གི་སྨོན་ལམ་ཤིས་བརྗོད་པད་དཀར་ཕྲེང་བ།(ལྡེབ་གྲངས།༤) ཤོག་གྲངས། 245-249

༡༡ སྤྱན་རས་གཟིགས་ཀྱི་དམར་ཁྲིད་སྙིང་བོ་དོན་གསུམ་གྱི་གདམས་པ་ཉམས་སུ་ལེན་ཚུལ་དྲི་མེད་ཆུ་རྒྱུན་ཞེས་བྱ་བ།(ལྡེབ་གྲངས།༩) ཤོག་གྲངས། 251-262

༡༢ སྒྲོལ་མ་མཎྜལ་བཞི་བའི་ཆོ་ག་དཔག་བསམ་གྱི་སྙེ་མ།(ལྡེབ་གྲངས།༡༣) ཤོག་གྲངས། 263-278

༡༣ ཚེ་བདག་མགོན་པོ་ལ་བསྟེན་ནས་ཚེའི་དངོས་གྲུབ་སྒྲུབ་པའི་ཆོ་ག་འཆི་མེད་འདོད་འཇོའི་བུམ་བཟང་ཞེས་བྱ་བ།(ལྡེབ་གྲངས།༩) ཤོག་གྲངས། 279-289

༡༤ ཡི་དམ་སྒྲུབ་སྐོར་གྱི་རིམ་པ་དགོས་འདོད་ཀུན་འབྱུང་ཞེས་བྱ་བ།(ལྡེབ་གྲངས།༡༡༡) ཤོག་གྲངས། 291-427

གསང་བ་འདུས་པ་ལྷན་སྐྱེས་ཀྱི་སྒྲུབ་ཐབས། (ཤོག་ངོས། 291)

དུས་འཁོར་གྱི་ལྷན་སྐྱེས་སྒྲུབ་ཐབས།(ཤོག་ངོས། 294)

རྡོ་རྗེ་སེམས་དཔའི་བསྒོམ་བཟླས།(ཤོག་ངོས། 297)

དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྒོམ་བཟླས།(ཤོག་ངོས། 298)

འཇམ་དབྱངས་ཞི་ཁྲོ་བླ་མ་ཡི་དམ་དབྱེར་མེད་པའི་སྒྲུབ་ཐབས། (ཤོག་ངོས། 301)

རྣལ་འབྱོར་དབང་མོའི་སྒྲུབ་ཐབས།(ཤོག་ངོས། 307)

ཕག་དཀར་ཤེས་རབ་གསལ་བྱེད་ཀྱི་སྒྲུབ་ཐབས། (ཤོག་ངོས། 309)

ཕྱག་རྡོར་གཏུམ་ཆེན་གྱི་སྒྲུབ་ཐབས། (ཤོག་ངོས། 311)

ཛམྦྷ་ལ་ནག་པོའི་སྒྲུབ་ཐབས། (ཤོག་ངོས། 315)

ཁྱུང་ཁྲའི་སྒྲུབ་ཐབས་དུག་རིགས་གཞོམ་པའི་གྲུ་ཆར། (ཤོག་ངོས། 317)

འཇམ་དཔལ་ན་གཱ་རཀྴའི་སྒྲུབ་ཐབས། (ཤོག་ངོས། 321)

རྟ་མགྲིན་གསང་སྒྲུབ་ཀྱི་སྒྲུབ་ཐབས། (ཤོག་ངོས། 323)

སྒྲ་དབྱངས་ལྷ་མོ་དམར་མོའི་གསང་སྒྲུབ། (ཤོག་ངོས། 326)

དབྱངས་ཅན་མ་དམར་པོའི་གསང་སྒྲུབ་ཀྱི་རྗེས་གནང། (ཤོག་ངོས། 331)

སྤྱན་རས་གཟིགས་ཀྱི་བསྒོམ་བཟླས་གྲུ་འཛིན་ཞིང་བགྲོད། (ཤོག་ངོས། 336)

ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་མུ་ཏིག་ཕྲེང་བ། (ཤོག་ངོས། 338)

གསང་བའི་བདག་པོའི་སྒྲུབ་ཐབས་དང་ནོར་རྒྱུན་མ། (ཤོག་ངོས། 341)

ཛམྦྷ་ལ་དང་ཕྱག་རྡོར་གྱི་ཆུ་སྦྱིན་དང་སྒྲུབ་ཐབས། (ཤོག་ངོས། 344)

འཇམ་དབྱངས་ཨ་ར་པ་ཙ་སོགས་ཀྱི་སྒྲུབ་ཐབས། (ཤོག་ངོས། 349)

ཚེ་སྒྲུབ་དང་འཇམ་གདུགས་འདོན་ཐབས། (ཤོག་ངོས། 356)

སོ་སོར་འབྲང་མ་ལ་སོགས་པའི་སྒྲུབ་ཐབས། (ཤོག་ངོས། 361)

ཐུགས་རྗེ་ཆེན་པོ་དང་རྣམ་འཇོམས་ཀྱི་བུམ་སྒྲུབ་སོགས། (ཤོག་ངོས། 375)

མགོན་ཆོས་ཀྱི་བསྒོམ་བཟླས་བྱ་ཚུལ། (ཤོག་ངོས། 385)

ཛམྦྷ་ལ་དཀར་པོའི་སྒྲུབ་ཐབས། (ཤོག་ངོས། 392)

བདེ་མཆོག་དཀར་པོ་ཡབ་ཡུམ་གྱི་ཚེའི་དངོས་གྲུབ། (ཤོག་ངོས། 396)

ཐུགས་རྗེ་ཆེན་པོའི་སྙུང་གནས་དང་མི་འཁྲུགས་པའི་བསྟོད་པ། (ཤོག་ངོས། 408)

༡༥ ཀུན་རིག་གི་བསྙེན་ཡིག་དང་སྦྱིན་སྲེག་གི་རིམ་པ་སོགས་སྡིག་ལྟུང་མུན་པ་སེལ་བའི་ཉིན་བྱེད་ཅེས་བྱ་བ།(ལྡེབ་གྲངས།༦༡) ཤོག་གྲངས། 429-507

ཀུན་རིག་གི་བསྙེན་ཡིག (ཤོག་ངོས། 429)

འཕགས་མ་ཡིད་བཞིན་འཁོར་ལོའི་ཞི་བའི་སྦྱིན་སྲེག (ཤོག་ངོས། 434)

མ་ཏིའི་ལུགས་ཀྱི་འཇམ་དཀར་སྦྱིན་སྲེག་བྱ་ཚུལ། (ཤོག་ངོས། 444)

བཅུ་གཅིག་ཞལ་གྱི་སྦྱིན་སྲེག་བྱ་ཚུལ། (ཤོག་ངོས། 455)

གདུགས་དཀར་མོའི་ལས་བཞིའི་སྦྱིན་སྲེག་བྱ་ཚུལ། (ཤོག་ངོས། 465)

བདེ་མཆོག་དཀར་པོའི་ཞི་རྒྱས་ཀྱི་སྦྱིན་སྲེག་བྱ་ཚུལ། (ཤོག་ངོས། 474)

བར་དོའི་ངོ་སྤྲོད་འཁྲུལ་སྣང་རང་གྲོལ། (ཤོག་ངོས། 480)

འཆི་ཁའི་གདམས་པ་ཉམས་ལེན། (ཤོག་ངོས། 489)

འཇིགས་བྱེད་དབང་བཞིའི་སྡོམ་ཚིག (ཤོག་ངོས། 492)

གསུང་ལན་དང་ཕྱག་ལེན་ཐོར་བུ་འགའ། (ཤོག་ངོས། 495)

༡༦ གཅོད་ཀྱི་རྒྱུན་འཁྱེར་མདོར་བསྡུས་སྐོར།(ལྡེབ་གྲངས།༡༥) ཤོག་གྲངས། 509-527

༡༧ དམིགས་བརྩེ་མ་ལ་བསྟེན་པའི་ཆར་འབེབས་བྱ་ཚུལ་གྱི་ལྷན་ཐབས།(ལྡེབ་གྲངས།༡༠) ཤོག་གྲངས། 529-540

༡༨ དགེ་ལྡན་རིལ་སྒྲུབ་བྱ་ཚུལ་ལག་ཏུ་བླངས་བདེ་བར་བཀོད་པ་བྱིན་རླབས་ཆར་འབེབས་ཞེས་བྱ་བ།(ལྡེབ་གྲངས།༦) ཤོག་གྲངས། 541-547

༡༩ རབ་གནས་ཀྱི་བཤད་པ་སྐལ་བཟང་ཁ་འབྱེད་ཅེས་བྱ་བ།(ལྡེབ་གྲངས།༩) ཤོག་གྲངས། 549-560

༢༠ བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་སོགས་ཀྱི་ཕན་ཡོན་བཤད་པ་དགེ་ལེགས་རིན་ཆེན་འདྲེན་པའི་ཤིང་རྟ་ཞེས་བྱ་བ།(ལྡེབ་གྲངས།༢༥) ཤོག་གྲངས། 561-593

༼ཐ༽ གླེགས་བམ་བཅུ་བ།

༡ ཞྭ་སེར་ཅོད་པཎ་འཛིན་པའི་པཎྜིཏ་དཀོན་མཆོག་འཇིགས་མེད་དབང་བོའམ་འཇམ་དབྱངས་ལེགས་བཤད་ཕྲེང་བའི་བློ་གྲོས་ཀྱི་པདྨོ་ལས་བྱུང་བའི་འཕྲིན་ཡིག་སྙ་དངགས་ཀྱི་རིམ་པ་བུང་བ་མྱོས་པའི་གླུ་དབྱངས་ཞེས་བྱ་བ།(ལྡེབ་གྲངས།༥༩) ཤོག་གྲངས། 1-77

པཎ་ཆེན་རིན་པོ་ཆེ་ལ་ཕུལ་བའི་ཞུ་ཡིག་གི་བར་སྐབས་ཚིགས་བཅད།(ཤོག་ངོས། 4)

ལྕང་སྐྱ་རིན་པོ་ཆེ་མཆོག་ལ་སྔ་ཕྱིར་ཕུལ་བའི་ཞུ་ཡིག་ཁག (ཤོག་ངོས། 27)

ཁྲི་ཆེན་དགེ་འདུན་ཕུན་ཚོགས་ཀྱི་སྤྲུལ་སྐུ་ལ་ཕུལ་བའི་ཞུ་འཕྲིན། (ཤོག་ངོས། 31)

མཁན་ཆེན་དགེ་འདུན་རྒྱ་མཚོ་ལ་ཕུལ་བའི་ཞུ་ཡིག (ཤོག་ངོས། 33)

མཁན་ཆེན་དགེ་འདུན་རྒྱ་མཚོའི་བཀའ་ལན་དུ་ཕུལ་བའི་ཞུ་མཆིད། (ཤོག་ངོས། 34)

ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ལ་ཕུལ་བའི་ཞུ་ཡིག (ཤོག་ངོས། 35)

མཚུར་ཕུལ་རྒྱལ་ཚབ་པ་ལ་ཕུལ་བའི་ཞུ་ཡིག (ཤོག་ངོས། 37)

སི་ཏུ་ཆོས་ཀྱི་འབྱུང་གནས་ལ་ཕུལ་བའི་ཞུ་འཕྲིན། (ཤོག་ངོས། 38)

ཐོའུ་བཀྭན་སྤྲུལ་བའི་སྐུ་རིན་པོ་ཆེར་ཕུལ་བའི་ཆབ་ཤོག (ཤོག་ངོས། 41)

དགའ་ལྡན་ཁྲི་རིན་པོ་ཆེ་ངག་དབང་ཆོས་གྲགས་ལ་ཕུལ་བ། (ཤོག་ངོས། 43)

ཧལ་ཧ་འཇམ་དཔལ་རྡོ་རྗེ་ནོ་མོན་ཧན་ལ་གནང་བའི་ཆབ་ཤོག (ཤོག་ངོས། 44)

མོང་གོལ་ཅིན་ཆ་གན་ཏི་ཡན་ཆིའི་སྤྲུལ་སྐུ་ལ་ཕུལ་བའི་འཕྲིན་ཡིག (ཤོག་ངོས། 45)

ཉང་ཚང་སྐུ་སྐྱེས་ལ་སྤྲིངས་པའི་ཡི་གེ། (ཤོག་ངོས། 46)

ཆོས་འཁོར་གྱི་ཧོར་སྤྲུལ་སྐུ་ལ་སྤྲིངས་པའི་འཕྲིན་ཡིག (ཤོག་ངོས། 47)

མི་ཉག་ཞབས་དྲུང་ཚུལ་ཁྲིམས་ཉི་མར་སྤྲིངས་པ། (ཤོག་ངོས། 48)

ཤིང་སྤྲེལ་ལོར་བྱམས་པ་རྒྱ་མཚོ་ལ་སྩལ་བའི་ཆབ་ཤོག (ཤོག་ངོས། 48)

རོང་པོའི་ཚོ་འདུ་མཁན་པོའི་སྤྲུལ་སྐུ་ལ་གནང་བའི་ཆབ་ཤོག (ཤོག་ངོས། 50)

དགུང་ལོ་ཕྲ་མོའི་དུས་ལ་སྐྱེས་བུ་དམ་པ་ཞིག་ལ་སྩལ་བའི་ཞུ་མཆིད།(ཤོག་ངོས། 51)

ཅོ་ནེ་དགོན་གྱི་སྤྱི་སོ་དང་ཅོ་ནེ་ནང་སོ་སོགས་ལ་སྤྲིངས་པ། (ཤོག་ངོས། 52)

གཡེར་གཤོང་སྤྲུལ་སྐུ་དགེ་འདུན་ཟླ་གྲགས་ལ་སྩལ་བའི་འཕྲིན་ཡིག (ཤོག་ངོས། 56)

དགེ་འདུན་རྒྱལ་མཚན་ལ་སྤྲིངས་པའི་འཕྲིན་ཡིག (ཤོག་ངོས། 57)

དགེ་བཤེས་ངག་དབང་བསོད་ནམས་ཀྱི་གསུང་ལན་དུ་སྤྲིངས་པ། (ཤོག་ངོས། 58)

ཆས་པ་བློ་བཟང་ལེགས་འབྱོར་ལ་གནང་བའི་ཆབ་ཤོག (ཤོག་ངོས། 60)

ཅོ་ནེའི་བདེ་ཐང་བློ་བཟང་ཡོན་ཏན་ལ་གནང་བ། (ཤོག་ངོས། 61)

སྤོ་འབོར་བ་བློ་བཟང་སྦྱིན་པ་ལ་ཕུལ་བའི་ཞུ་ཡིག (ཤོག་ངོས། 62)

ལྕགས་ཟམ་སྤྲུལ་སྐུ་ལ་ཕུལ་བའི་ཆབ་ཤོག (ཤོག་ངོས། 64)

ཧོར་ཏྲེ་བོ་ལ་གནང་བའི་ཆབ་ཤོག (ཤོག་ངོས། 65)

ཅོག་ཙེ་རྒྱལ་པོ་ལ་གནང་བ། (ཤོག་ངོས། 67)

རྫིང་འགག་རྒྱལ་པོ་ལ་གནང་བ། (ཤོག་ངོས། 68)

དཔུང་ཚོགས་སྡེ་བཞིའི་ཁ་ལོ་བ་མདའ་ཞབས་ལ་གནང་བའི་ཆབ་ཤོག(ཤོག་ངོས། 69)

ཚ་ཁོའི་རྒྱལ་མོ་བཀྲ་ཤིས་ལྷ་མོ་ལ་གནང་བ། (ཤོག་ངོས། 71)

ཨུ་ཅུ་མུ་ཆིན་ལྷ་བཙུན་ཆོས་རྗེ་ལ་གནང་བ། (ཤོག་ངོས། 73)

ཨ་ཁྱུང་མཁས་མཆོག་སྤྲུལ་སྐུས་ཞུས་པའི་ལན་དུ་གནང་བ།(ཤོག་ངོས། 73)

ཚ་ཁོའི་སོ་མང་རྒྱལ་མོ་སྒྲོལ་མ་མཚོ་ལ་གནང་བའི་འཕྲིན་ཡིག (ཤོག་ངོས། 75)

༢ དཀར་ཆག་དང་བཅའ་ཡིག་གི་རིམ་པ་ཤེལ་དཀར་མེ་ལོང་ཞེས་བྱ་བ།(ལྡེབ་གྲངས།༩༥) ཤོག་གྲངས། 79-214

སྐུ་འབུམ་གསེར་སྡོང་ཆེན་མོ་ཇི་ལྟར་བཞེངས་པའི་ཚུལ་བརྗོད་པ། (ཤོག་ངོས། 80)

གནས་མཆོག་འོལ་ཁ་ཆོས་ལུང་གི་དཀར་ཆག (ཤོག་ངོས། 90)

དབུས་སྐྱིད་ཤོད་ཀྱི་གྲུབ་གནས་རི་བོ་དགེ་འཕེལ་གྱི་གནས་བསྟོད། (ཤོག་ངོས། 96)

ཆོས་གྲྭ་ཆེན་པོ་བཀྲ་ཤིས་འཁྱིལ་གླིང་གི་བསྔགས་པ་བརྗོད་པ། (ཤོག་ངོས། 100)

དབེན་གནས་ཤ་བ་རྫོང་གི་དཀར་ཆག (ཤོག་ངོས། 105)

མདོ་སྨད་བདེ་ཐང་དགོན་གྱི་དཀར་ཆག (ཤོག་ངོས། 108)

བྱམས་སྐུ་མཐོང་གྲོལ་ཆེན་མོའི་དཀར་ཆག (ཤོག་ངོས། 115)

ཆོས་གྲྭ་ཆེན་པོ་བཀྲ་ཤིས་འཁྱིལ་གྱི་ཐོས་བསམ་གླིང་གི་བཅའ་ཡིག (ཤོག་ངོས། 124)

ཐོས་བསམ་གླིང་གི་རྩོད་གྲྭའི་བཅའ་ཡིག (ཤོག་ངོས། 136)

འཛིན་གྲྭ་གཏུགས་ཀྱི་བཅའ་ཡིག (ཤོག་ངོས། 144)

ཆོས་སྡེ་ཆེན་པོ་བཀྲ་ཤིས་འཁྱིལ་གྱི་གླིང་བསྲེའི་བཅའ་ཡིག (ཤོག་ངོས། 149)

ཆོས་སྡེ་ཆེན་པོ་བཀྲ་ཤིས་འཁྱིལ་གྱི་རྒྱུད་པ་གྲྭ་ཚང་གི་བཅའ་ཡིག (ཤོག་ངོས། 164)

ཇག་རོང་ཐུར་ཆེན་དགོན་གྱི་རྒྱུད་གྲྭའི་བཅའ་ཡིག (ཤོག་ངོས། 173)

བཅའ་ཡིག་མདོར་བསྡུས། (ཤོག་ངོས། 179)

བདེ་མོ་ཐང་དགའ་ལྡན་ཆོས་འཁོར་གླིང་གི་བཅའ་ཡིག་མདོར་བསྡུས།(ཤོག་ངོས། 183)

བཀྲ་ཤིས་ཆོས་འཕེལ་གླིང་གི་བཅའ་ཡིག (ཤོག་ངོས། 184)

ཨུར་གེ་གྲྭ་ཚང་གསང་སྔགས་སྨིན་རྒྱས་གླིང་གི་བཅའ་ཡིག (ཤོག་ངོས། 189)

དབེན་གནས་བྲག་ལུང་དགའ་ལྡན་རབ་རྒྱས་ཀྱི་བཅའ་ཡིག (ཤོག་ངོས། 192)

དབེན་གནས་བཀྲ་ཤིས་དགེ་འཕེལ་གྱི་བཅའ་ཡིག (ཤོག་ངོས། 194)

ལིན་ཐོའུ་དགའ་ལྡན་འཕེལ་རྒྱས་གླིང་གི་བཅའ་ཡིག (ཤོག་ངོས། 196)

རི་ཁྲོད་བསམ་གཏན་རབ་རྒྱས་གླིང་གི་བཅའ་ཡིག (ཤོག་ངོས། 197)

སྒོ་མེའི་དགོན་གསང་སྔགས་བདེ་ཆེན་གླིང་གི་བཅའ་ཡིག (ཤོག་ངོས། 200)

སྨན་པ་རྣམས་ཀྱི་སྒྲིག་ལམ་ཀུན་སྤྱོད་ཀྱི་རིམ་པ། (ཤོག་ངོས། 202)

བཀྲ་ཤིས་འཁྱིལ་གྱི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་བཅའ་ཡིག (ཤོག་ངོས། 203)

སྐུ་འབུམ་བྱམས་པ་གླིང་གི་སྐོར་ཚད། (ཤོག་ངོས། 211)

༣ འཇམ་དབྱངས་ཆོས་ཀྱི་རྒྱལ་པོ་དཀོན་མཆོག་འཇིགས་མེད་དབང་པོའི་གསུང་འབུམ་ལས་བཤད་པའི་རིམ་པ་མུ་ཏིག་ཕྲེང་བ་ཞེས་བྱ་བ།(ལྡེབ་གྲངས།༥༤) ཤོག་གྲངས། 215-291

སློབ་མ་གྲགས་པ་བཟང་པོས་བསྐུལ་བའི་བཤད་པ། (ཤོག་ངོས། 215)

སྐུ་མདུན་ཞབས་དྲུང་ཚོགས་ལངས་ཀྱི་བཤད་པ། (ཤོག་ངོས། 218)

བློ་གསར་རྣམས་ལ་ཕན་པའི་བཤད་པ། (ཤོག་ངོས། 220)

༸རྒྱལ་བ་རིན་པོ་ཆེར་ཞབས་བརྟན་གྱི་མཆོད་སྤྲིན་ཕུལ་ཐོ། (ཤོག་ངོས། 223)

གདན་གསུམ་ལ་མང་འགྱེད་ཀྱི་སྐྱབས་ཐོ། (ཤོག་ངོས། 227)

༸རྒྱལ་བ་པཎ་ཆེན་གཉིས་ལ་ལེགས་འབུལ་གྱི་བཤད་པ། (ཤོག་ངོས། 232)

ཁྲི་ཆེན་ངག་དབང་མཆོག་ལྡན་ལ་ཞབས་བརྟན་འབུལ་ཐོ། (ཤོག་ངོས། 239)

ས་སྐྱ་གདུང་རྒྱུད་རིན་པོ་ཆེར་ཞབས་བརྟན་འབུལ་ཐོ། (ཤོག་ངོས། 241)

བཀྲས་ལྷུན་ལ་མང་འགྱེད་འབུལ་ཐོ། (ཤོག་ངོས། 243)

མི་ཆེན་རྣམས་ལ་ཕུལ་བའི་ཞུ་འཕྲིན། (ཤོག་ངོས། 245)

ཞབས་བརྟན་འབུལ་ཐོ་ཁག་གཉིས། (ཤོག་ངོས། 251)

འཁྲུངས་རབས་གསེར་རིའི་ཕྲེང་བ། (ཤོག་ངོས། 253)

ཐེག་ཆེན་གྱི་ཆོས་ཉན་ཚུལ། (ཤོག་ངོས། 261)

༸པཎ་ཆེན་རིན་པོ་ཆེ་མདོ་སྨད་དུ་ཕེབས་སྐབས་ཀྱི་ཟིན་བྲིས། (ཤོག་ངོས། 263)

དུས་དང་ཉི་ཟླ་འཆར་ཚུལ་སོགས་ལ་བསྔགས་པ། (ཤོག་ངོས། 269)

༸པཎ་ཆེན་རིན་པོ་ཆེར་གསོལ་སྟོན་ཕུལ་བའི་བཤད་པ་སོགས། (ཤོག་ངོས། 271)

སྲད་རྒྱུད་དུ་མཆོད་འབུལ་ཞུས་ཐོ་སོགས། (ཤོག་ངོས། 290)

༤ དགེ་བའི་བཤེས་གཉེན་བསོད་ནམས་དབང་རྒྱལ་གྱིས་ཞུས་པའི་ཁྲི་བཤད།(ལྡེབ་གྲངས།༦) ཤོག་གྲངས། 293-298

༥ དཔལ་ལྡན་དམག་ཟོར་རྒྱལ་མོའི་སྒོ་ནས་ཤོ་བརྟགས་ཚུལ་ཀུན་གསལ་མེ་ལོང་ཞེས་བྱ་བ།(ལྡེབ་གྲངས།༡༡) ཤོག་གྲངས། 299-313

༦ བསྐང་གསོའི་ལེ་ཚན།(ལྡེབ་གྲངས།༥༨) ཤོག་གྲངས། 315-393

མགོན་པོ་ཡིད་བཞིན་ནོར་བུའི་བསྐང་བཤགས་མདོར་བསྡུས། (ཤོག་ངོས། 315)

མགོན་དཀར་གྱི་སྒྲུབ་ཐབས་བསྐང་བཤགས་དང་བཅས་པ། (ཤོག་ངོས། 318)

གནོད་སྦྱིན་ཀྵེ་ཏྲ་པཱ་ལའི་མངོན་རྟོགས་བསྐང་བཤགས་སོགས། (ཤོག་ངོས། 325)

སེང་གདོང་གཙོ་འཁོར་གསུམ་གྱི་བསྐང་བཤཊ་གཏོར་བཟློག་སོགས།(ཤོག་ངོས། 336)

བསྟན་སྲུང་རྡོ་རྗེ་གྲགས་རྒྱལ་གྱི་མངོན་རྟོགས་སྒྲུབ་ཐབས། (ཤོག་ངོས། 361)

བསེ་ཁྲབ་པའི་མངོན་རྟོགས་བསྐང་བཤགས་སོགས། (ཤོག་ངོས། 368)

རྨ་རྒྱལ་སྦོམ་རའི་མངོན་རྟོགས་བསྐང་བཤགས་དང་བཅས་སོགས། (ཤོག་ངོས། 376)

དམ་ཅན་རྡོར་ལེགས་དང་དཔལ་ལྡན་ལྷ་མོར་ཕྱི་རྟེན་འཛུགས་པའི་ཆོ་ག (ཤོག་ངོས། 390)

༧ བསྟན་སྲུང་རྒྱ་མཚོའི་གཏོར་འབུལ་གྱི་སྐོར།(ལྡེབ་གྲངས།༣༡) ཤོག་གྲངས། 395-436

ཆོས་སྐྱོང་བསྟན་སྲུང་སྤྱིའི་གཏོར་འབུལ། (ཤོག་ངོས། 395)

མགོན་པོ་ཕྱག་དྲུག་པ་དང་མགོན་དཀར་གྱི་གཏོར་འབུལ། (ཤོག་ངོས། 398)

དཔལ་མགོན་ཕྱག་བཞི་བའི་གཏོར་འབུལ། (ཤོག་ངོས། 401)

གནོད་སྦྱིན་ཀྵེ་ཏྲ་པ་ལའི་གཏོར་འབུལ། (ཤོག་ངོས། 402)

ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་གཏོར་འབུལ། (ཤོག་ངོས། 403)

དཔལ་ལྡན་དམག་ཟོར་རྒྱལ་མོའི་འཕྲིན་བཅོལ། (ཤོག་ངོས། 407)

རྣམ་སྲས་མདུང་དམར་ཅན་གྱི་གཏོར་འབུལ། (ཤོག་ངོས། 408)

ཞང་བློན་ཆེན་པོའི་བསངས་མཆོད་དང་གཏོར་འབུལ། (ཤོག་ངོས། 410)

གནོད་སྦྱིན་བསེ་ཁྲབ་ཅན་གྱི་གཏོར་འབུལ། (ཤོག་ངོས། 413)

དམ་ཅན་རྡོ་རྗེ་ལེགས་པའི་གཏོར་འབུལ། (ཤོག་ངོས། 418)

དགྲ་ལྷའི་རྒྱལ་པོ་ཨ་བསེའི་གཏོར་འབུལ། (ཤོག་ངོས། 420)

གནས་ཆུང་པེ་ཧར་རྒྱལ་པོའི་གསོལ་མཆོད་མདོར་བསྡུས། (ཤོག་ངོས། 425)

དགྲ་ལྷ་སྐྱེས་གཅིག་གསང་ཡུམ་དང་བཅས་པའི་གསོལ་མཆོད།(ཤོག་ངོས། 426)

ལྷ་གཉན་ཆེན་པོ་རྨ་ཆེན་སྦོམ་རའི་གཏོར་འབུལ། (ཤོག་ངོས།432)

མགོན་པོ་དབང་གི་རྒྱལ་པོའི་གཏོར་འབུལ་སོགས། (ཤོག་ངོས། 432)

༨ བསང་མཆོད་ཀྱི་རིམ་པ་དངོས་གྲུབ་ཀྱི་རོལ་མཚོ་ཞེས་བྱ་བ།(ལྡེབ་གྲངས།༩༧) ཤོག་གྲངས། 437-569

མགོན་པོའི་བསངས་མཆོད་དང་གཡང་འབོད། (ཤོག་ངོས། 437)

སྣང་རའི་གཞི་བདག་རྣམས་ཀྱི་བསང་མཆོད། (ཤོག་ངོས། 442)

གསེར་ཐོག་དགའ་ལྡན་འགྲོ་ཕན་གླིང་གི་སའི་ཆར་གནས་པའི་གཞི་བདག་རྣམས་ཀྱི་བསངས་མཆོད། (ཤོག་ངོས། 449)

ཨོས་རོད་ཡུལ་གྱི་གཞི་བདག་རྣམས་ཀྱི་བསངས་མཆོད། (ཤོག་ངོས། 453)

དགྲ་ལྷའི་རྒྱལ་པོ་གཉན་དམར་འཁོར་བཅས་ཀྱི་གསོལ་མཆོད།(ཤོག་ངོས། 458)

དགེ་བསྙེན་བྲག་ནག་སོགས་ཀྱི་བསང་མཆོད། (ཤོག་ངོས། 480)

ལྕམ་སྲིང་ལ་སོགས་པར་བསང་མཆོད་བྱ་ཚུལ། (ཤོག་ངོས། 505)

ཨ་མྱེ་ཁྱུང་རྩེ་སོགས་ཀྱི་བསང་མཆོད། (ཤོག་ངོས། 530)

དགེ་བསྙེན་བྱ་ལག་སོགས་ཀྱི་བསང་མཆོད། (ཤོག་ངོས། 555)

༩ ཆོས་སྤྱོད་འགའ་ཞིག་གི་ས་བཅད་དང་སྨོན་ཚིག་གི་རིམ་པ་ལེགས་ཚོགས་ལྷུན་གྲུབ་ཅེས་བྱ་བ།(ལྡེབ་གྲངས།༢༦) ཤོག་གྲངས། 571-605

བྱམས་བསྟོད་དང་རྒྱལ་ཚབ་རྗེའི་བསྟོད་པ་སོགས་ཀྱི་ས་བཅད། (ཤོག་ངོས། 571)

སྙན་ཤལ་འབུལ་བའི་སྨོན་ཚིག་སོགས། (ཤོག་ངོས། 583)

༼ད༽ གླེགས་བམ་བཅུ་གཅིག་པ།

རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་བླ་མ་རྡོ་རྗེ་འཆང་ཆེན་པོ་དཀོན་མཆོག་འཇིགས་མེད་དབང་པོའི་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་གསན་ཡིག་ཐུབ་བསྟན་མཛེས་རྒྱན་གསུང་རབ་རིན་པོ་ཆེའི་འབྱུང་གནས་མ་དྲོས་ཀླུང་ཆེན་ཞེས་པའི་སྟོད་ཆ།(ལྡེབ་གྲངས། ༢༨༣) ཤོག་གྲངས། 1-391ཀུན་མཁྱེན་འཇིགས་མེད་དབང་པོའ་ིགསུང་འབུམ་དཀར་ཆག 20

༼ན༽ གླེགས་བམ་བཅུ་གཉིས་པ།

རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་བླ་མ་རྡོ་རྗེ་འཆང་ཆེན་པོ་དཀོན་ མཆོག་འཇིགས་མེད་དབང་པོའི་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་གསན་ ཡིག་ཐུབ་བསྟན་མཛེས་རྒྱན་གསུང་རབ་རིན་པོ་ཆེའི་འབྱུང་གནས་མ་དྲོས་ཀླུང་ ཆེན་ཞེས་པའི་སྨད་ཆ།(ལྡེབ་གྲངས། ༢༤༥) ཤོག་གྲངས། 1-334




རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།