སེང་ཆེན་བློ་བཟང་བསྟན་འཛིན་དཔལ་འབྱོར་གྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-05-05 12:05:58     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

 པར་པོད།ཤོག་གྲངས།

00914

ཀརྗེ་དགེ་ལེགས་རབ་རྒྱས་ཀྱིས་མཛད་པའི་ལམ་རིམ་ཚིགས་བཅད་མར་རྗེ་ཉིད་ཀྱིས་མཆན་བུ་གནང་བ་ལ། 18

ཁརྗེ་བཙུན་བྱམས་མགོན་ལ་བརྟེན་པའི་བླ་མའི་རྣལ་འབྱོར་གྱི་འགྲེལ་བ་བྱིན་རླབས་འོད་འཇོ་ལ། 9

གབཅོམ་ལྡན་འདས་ཁྲོ་བོ་རྒྱལ་པོ་རྟ་མགྲིན་གསང་སྒྲུབ་ཀྱི་སྒྲུབ་དཀྱིལ་དབང་ཆོག་དང་བཅས་བགེགས་དཔུང་ཀུན་འཇོམས་ཀྱི་རྒྱལ་པོ་ལ།16

ངས་བཅུད་བུམ་པ་གཅིག་འཐུས་ཀྱི་ཚུལ་དུ་སྒྲུབ་པའི་ལྷན་ཐབས་བདུད་རྩིའི་ཟེགས་མ་ལ། 5

ཅའབྱུང་བཞི་གཏོར་མའི་ཚིག་དོན་དམིགས་རིམ་དང་བཅས་པའི་གསལ་བྱེད་དམ་པའི་ཞལ་ལུང་ལ། 13

ཆདཔལ་རྡོ་རྗེ་འཇིགས་བྱེད་ལ་བསྟོད་པའི་ཚིག་དོན་རྣམ་པར་བཤད་པ་འཇམ་དཔལ་ཞི་ཁྲོ་དགྱེས་བྱེད་ལེགས་བཤད་གསལ་བའི་མཆོད་སྤྲིན་ལ། 22

ཇརྡོ་རྗེ་མཁའ་ལྡིང་ནག་པོའི་སྦྱིན་སྲེག་གི་ཆོ་ག་བདུད་རྩིའི་བུམ་བཟང་ལ། 4

ཉཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་དབང་ལུང་མན་ངག་སོགས་ཀྱི་ཐོབ་ཡིག་བདུད་རྩིའི་ཆུ་རྒྱུན་ལ། 110

ཏབྱང་ཆུབ་ལམ་གྱི་རིམ་པ་འཇམ་དཔལ་ཞལ་ལུང་གྱི་སྔོན་འགྲོའི་སྦྱོར་ཆོས་ལག་ཏུ་ལེན་ཚུལ་ལམ་བཟང་སྒོ་འབྱེད་ལ།7

ཐདུས་འཁོར་ཆོག་གྲྭ་བ་རྣམས་ཀྱི་་བཅའ་ཡིག་གི་བཤད་པ་མདོར་བསྡུས་ལ། 5

དས་ཕག་རྒྱུད་གྲྭའི་བཅའ་ཡིག་བཤད་པའི་ཟིན་བྲིས་ལ། 7

ནསྒྲུབ་གནས་བྱ་བྲལ་སྒྲུབ་སྡེའི་ལྷ་མོའི་གཏོར་འབུལ་ལ། 2

པདཔལ་འཁོར་ལོ་སྡོམ་པ་བོང་ཞལ་ཅན་གྱི་བླ་བརྒྱུད་སྨོན་ལམ་ཤིས་བརྗོད་དང་བཅས་པ་ལ། 2

ཕདཔལ་འཁོར་ལོ་སྡོམ་པ་བོང་ཞལ་ཅན་གྱི་སྒྲུབ་དཀྱིལ་ནག་འགྲོས་སུ་བཀོད་པ་དངོས་གྲུབ་བུམ་བཟང་ལ། 37

བམ་ཎི་ལག་སྐོར་སོགས་ཀྱི་ལག་ལེན་དང་ཕན་ཡོན་བཤད་པ་དད་ལྡན་དགའ་བསྐྱེད་ལ། 6

མབླ་མའི་རྣལ་འབྱོར་དང་འབྲེལ་བའི་རྡོར་སེམས་སྒོམ་བཟླས་བྱ་ཚུལ་བྱིན་རླབས་ཆུ་རྒྱུན།དཔལ་གསང་བ་འདུས་པའི་བསྙེན་པ་བྱ་ཚུལ་ཀླག་ཆོག་མ།འཇིགས་བྱེད་དཔའ་བོ་གཅིག་པ་དང་རོ་ལངས་བརྒྱད་སྐོར་གྱི་བུམ་བསྐྱེད།མགོན་པོ་ཡིད་བཞིན་ནོར་བུའི་གཏོར་འབུལ་མདོར་བསྡུས།བསྟན་སྐྱོང་འབྲོག་ཆེན་འཁོར་འདུས་མའི་གཏོར་འབུལ།དུར་བདག་ཡབ་ཡུམ་གྱི་གཏོར་འབུལ།མཁས་གྲུབ་རིན་པོ་ཆེའི་རྣམ་ཐར་བྲིས་ཐང་དང༌།ཤབྷ་ལའི་ཞིང་བཀོད་ཀྱི་ཐང་སྐུའི་རྒྱབ་ཡིག་ཕྱུག་ན་རྡོ་རྗེའི་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་རྒྱུན་ཁྱེར།པཎ་ཆེན་ཐམས་ཅད་མཁྱེན་གཟིགས་ཆེན་པོའི་བྲིས་སྐུའི་རྒྱབ་ཡིག་འདོད་གསོལ།བསྟན་སྐྱོང་རྡོ་རྗེ་རབ་བརྟན་མའི་བསངས་དང་གསེར་སྐྱེམས།འབྲོང་རྩེ་རྗེ་བཙུན་རིན་པོ་ཆེའི་གསོལ་འདེབས་རྒྱལ་བསྟན་རིན་ཆེན་མ།རྒྱལ་དབང་ཡབ་སྲས་དང་རྗེ་རང་ཉིད་བཅས་ཀྱི་མཚན་བསྟོད་སྨོན་ཚིག་ལེ་ཚན།སྤྱན་རས་གཟིགས་ཀྱི་སྒྲ་བཤད།ལམ་ཁྲིད་འཇམ་དཔལ་ཞལ་ལུང་གི་བླ་བརྒྱུད་ཁ་སྐོང༌།འཇིགས་བྱེད་བདུད་ལས་རྣམ་རྒྱལ་གྱི་དབང་གི་ཉེ་བརྒྱུད་གསོལ་འདེབས།བློ་སྦྱོང་གི་བླ་བརྒྱུད་གསོལ་འདེབས་ཁ་སྐོང༌།བདེ་མཆོག་གི་བླ་བརྒྱུད་ཁ་སྐོང༌།དཔལ་རྡོ་རྗེ་འཇིགས་བྱེད་ལ་བརྟེན་པའི་འཕོ་བ་བསྡུས་པ།དགེ་བསྙེན་གྱི་བསླབ་གཞི་སྲུང་ཚུལ་ཉུང་ངུ་རྣམ་གསལ།འདུས་ཚོགས་སུ་མཛད་རྒྱུན་བསྔོ་དཔེ།རྒྱལ་ཆེན་རྣམ་སྲས་ལ་མཆོད་གཏོར་འབུལ་ཚུལ་རྒྱུན་ཁྱེར་བཅས་གསུང་ཐོར་བུ་སྣ་ཚོགས་ཕྱོགས་གཅིག་ཏུ་བསྡེབས་པ་ལ། 19

ཙལྷ་ཆེན་ཚངས་པའི་རྟེན་གསུམ་བཅའ་ཚུལ་ཚངས་པ་དགྱེས་པའི་མཆོད་སྤྲིན་ལ། 6

ཚཨོ་རོང་ཇུན་གར་གྱི་རྒྱལ་རབས་སོགས་མདོར་བསྡུས་སུ་བཀོད་པ་དད་པའི་ཤིང་རྟ་ལ། 7

ཛརྒྱལ་ཆེན་རྩེ་ཇོ་བོ་ལ་དབུ་ལྡན་སྤྲུལ་བའི་དཀར་ཆག་དགེ་ལེགས་སྙིང་པོ།

འབྲོང་ཆོས་གཙུག་ལག་ཁང་ལ་ཉམས་གསོ་མཛད་པའི་དཀར་ཆག་རྟ་ནག་རི་ཁུད་དུ་མན་ཐང་བཞེངས་པའི་དཀར་ཆག་བཅས་ལ། 8

ཝསྐྱབས་མགོན་བསྟན་པའི་བདག་པོར་དགུང་སྐེག་སོགས་ཀྱི་སྐབས་བརྟན་བཞུགས་འབུལ་བའི་གསོལ་འདེབས་ཀྱི་འཆར་ཟིན་ལ། 14

ཞདཔལ་རྡོ་རྗེ་འཇིགས་བྱེད་སེར་པོ་ལ་བརྟེན་པའི་ཚེ་སྒྲུབ་ཟབ་གནད་ཅན་བདུད་རྩི་བུམ་བཟང༌།རྒྱུད་པ་གྲྭ་ཚང་གི་འདུ་ཁང་དུ་མགོན་པོ་ཚེ་དཔག་མེད་ཀྱི་སྣང་བརྙན་རིན་ཆེན་གཉིས་པ་ལས་གྲུབ་པ་སྦྱོར་འབུལ་ཞུས་པའི་སྨོན་ཚིག་དུང་དཀར་དངུལ་ཤོག་མ་ཆ་གཅིག་ལ་དངུལ་སྲང་བཅོ་བརྒྱད་ཡོད་པའི་ནང་ཤ་ཟངས་ཚ་གསེར་བཏང་བ་བཞེངས་སྐབས་ཀྱི་དཀར་ཆག་བཅས་ལ། 4

ཟདྲིས་ལན་སྡོམ་པའི་རྡོ་རྗེ་ལ། 4

འདུས་འཁོར་ལ་བརྟེན་པའི་བླ་མའི་རྣལ་འབྱོར་གྱི་དོན་འགྲེལ་དངོས་གྲུབ་འབྱུང་གནས།གྲུབ་ཆེན་ཚེམ་བུ་པའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་སྒོམ་བཟླས་དང་འབྲེལ་ཚོགས་མཆོད་བྱ་ཚུལ་དང་འཕོ་བའི་དམིགས་རིམ་བཅས་ལ། 10

ཡའཇམ་དབྱངས་སྨྲ་བའི་སེང་གེའི་བསྟོད་འགྲེལ་ལེགས་བཤད་གསར་པའི་དགའ་སྟོན་ལ། 4

རཚེ་དབང་བསྐུར་ཚུལ་མདོར་བསྡུས་ཁྱེར་བདེར་བཀོད་པ་ལག་ལེན་རབ་གསལ་ལ། 7

ལདྲུག་ཅུ་པའི་ལག་ལེན་གྱི་རིམ་པ་གསལ་བར་བཀོད་པ་ལ། 5

ཤབཟང་སྤྱོད་སྨོན་ལམ་གྱི་འདོན་ཐབས་ཀུན་བཟང་འཛུམ་ཞལ་ལ། 8

སགཡུ་ཐོག་སྙིང་ཐིག་གི་བཀའ་སྡོད་ཆེན་པོ་སྡེ་དགུའི་གསོལ་མཆོད་འདོད་དགུའི་མཆོག་སྦྱིན་ལ། 4

ཧམཁས་གྲུབ་ཆེན་པོ་ལེགས་པ་དོན་གྲུབ་ཀྱི་རྣམ་ཐར་གསོལ་འདེབས་ཀྱི་ཚིགདོན་ཅུང་ཟད་བཤད་པ་ལ། 7

ཨབཅོམ་ལྡན་འདས་འཁོར་ལོ་ཆེན་པོ་ལྷ་བཅོ་བརྒྱད་ཀྱི་སྒྲུབ་ཐབས་བསྡུས་པ་རྡོ་རྗེ་ལྷུན་པོ་བརྩེགས་པའི་དགོངས་ལྡན་ལ། 10

ཀིའཇིགས་མཛད་རྗེའི་རྣལ་འབྱོར་དངོས་གྲུབ་གཏེར་མཛོད་ལ། 3

དཀར་ཆག་ལ། 3

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།སེང་ཆེན་བློ་བཟང་བསྟན་འཛིན་དཔལ་འབྱོར་ནི་ཉང་སྟོད་འབྲོང་རྩེ་གསེར་ཕུ་སྤེལ་ཞེས་པར་ཡབ་ཚེ་རིང་རྡོ་རྗེ་དང༌།ཡུམ་རྡོ་རྗེ་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ཤིང་འབྲུག་1784 ལོ་ལ་འཁྲུངས།དགུང་ལོ་དྲུག་ལ་ཕེབས་སྐབས་བཀྲ་ཤིས་ལྷུན་པོ་དགོན་དུ་ཞབས་སོར་འཁོད།བློ་བཟང་ཚེ་བརྟན་གྱི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་བཞེས།མཚན་བློ་བཟང་བསྟན་འཛིན་དཔལ་འབྱོར་གསོལ།ཀ་ཁ་ཀློག་སྡེབ་དང་ཆོས་སྤྱོད་ལྗགས་འཛིན་གྱི་དབུ་

ཚུགས།དགུང་ལོ་བདུན་པར་འདུལ་འཛིན་ཆོས་འཕེལ་དོན་གྲུབ་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་མཛད།དགུང་ལོ་བཅུ་དགུའི་ཐོག་དཀའ་ཆེན་གྱི་མཚན་བཏགས་བཞེས།དགུང་ལོ་ཉེར་གཉིས་ལ་བཀྲས་ལྷུན་སྔགས་པ་གྲྭ་ཚང་དུ་ཞུགས།དགུང་ལོ་ཉེར་གསུམ་མེ་སྟག་ལོར་པཎ་ཆེན་བསྟན་པའི་ཉི་མའི་དྲུང་དུ་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།ཁོང་གིས་ཡོངས་འཛིན་འབྲོང་རྩེ་བློ་བཟང་ཚུལ་ཁྲིམས་དང༌།ཡོངས་འཛིན་བློ་བཟང་བསྟན་འཛིན།པཎ་ཆེན་བསྟན་པའི་ཉི་མ་སོགས་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་གསན།དགུང་ལོ་ཉེར་དགུ་ལ་རྒྱུད་པ་གྲྭ་ཚང་གི་ཁྲི་ཐོག་ཉེར་གཅིག་པའི་མཚན་བཞེས་ནས་ལོ་བཅུའི་རིང་ཁྲི་བསྐྱངས།དགུང་ལོ་ཞེ་གཅིག་ནས་དགུང་ལོ་ང་གསུམ་བར་ཀྱི་བོ་དུ་མར་མདོ་སྔགས་ཆོས་འཁོར་བསྐོར།རྟ་ནག་ཏུ་མན་ཐང་གསར་བཞེངས་མཛད།དགོན་པའི་ནང་དུ་ཐ་མི་ཁ་དང༌།ཆང་རག་སོགས་བཀག་སྡོམ་ནན་པོ་མཛད།དགུང་ལོ་དྲུག་ཅུ་སྟེ་ཆེ་ཡོས་1843 ལོར་སྐུ་གཤེགས།འདིར་གསུང་འབུམ་པོད་གཅིག་བཞུགས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn        

བརྒྱུད་འགོད།