གསེར་ཁང་བློ་བཟང་བསྟན་འཛིན་གྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-05-05 12:04:24     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

 པར་པོད།ཤོག་གྲངས།

00897

ཀབདེ་གསང་འཇིགས་གསུམ་གྱི་བསྙེན་ཆེན་སོགས་ཀྱི་སྔོན་འགྲོའི་རིམ་པ་རྣམས་བླ་མཆོད་བདེ་སྟོང་དབྱེར་མེད་ཀྱི་སྟེང་ནས་བསགས་ཚུལ་ནག་འགྲོས་སུ་བཀོད་པ་མཆོག་དམན་ཀུན་གྱི་ཁྱེར་བདེ་དངོས་གྲུབ་ཀུན་འབྱུང་ལ། 19

ཁའཇམ་མགོན་སྙན་བརྒྱུད་ཀྱི་མན་ངག་ཐུན་མོང་མ་ཡིན་པ་དཔལ་འཁོར་ལོ་སྡོམ་པ་ཡབ་ཡུམ་གྱི་བསྙེན་སྒྲུབ་ལས་གསུམ་གྱི་རྣམ་གཞག་གསང་ཆེན་བཅུད་ཐིག་དངོས་གྲུབ་ནོར་བུའི་གཏེར་མཛོད་ཅེས་བྱ་བ་རྗེ་གསེར་ཁང་པའི་ཞལ་ཆབ་དྲོན་མོ་མཁའ་འགྲོའི་སྙིང་ཁྲག་ལ། 16

གབྱིན་རླབས་ཆེས་མྱུར་བ་དཔལ་འཁོར་ལོ་བདེ་མཆོག་ཡབ་ཡུམ་གྱི་བསྙེན་སྒྲུབ་ལས་གསུམ་གྱི་སྐབས་ཉེ་བར་མཁོ་བའི་ལག་ལེན་རིམ་པར་བསྒྲིགས་པ་སྙན་བརྒྱུད་ནོར་བུའི་ཕྲེང་བ་དངོས་གྲུབ་ཀུན་འབྱུང་ལ། 14

ངབདེ་མཆོག་ལྰུ་ཨི་པའི་ཆོ་ག་བསྡུས་པ་འདོན་ཚུལ་ནག་འགྲོས་སུ་བཀོད་པ་དངོས་གྲུབ་བདེ་ཆེན་འབྱུང་གནས་ལ། 24

ཅདཔལ་འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་བུམ་སྒྲུབ་དང་དབང་བཞི་ལེན་ཚུལ་ཉེས་ལྟུང་དག་བྱེད་བདེ་ཆེན་བདུད་རྩིའི་ཆུ་རྒྱུན་ལ། 17

ཆདཔལ་འཁོར་ལོ་སྡོམ་པ་ལྰུ་ཨི་པའི་ལུགས་ཀྱི་ཞི་བའི་སྦྱིན་སྲེག་གི་ཆོ་ག་སྒྲིབ་གཉིས་དག་བྱེད་བདེ་ཆེན་བདུད་རྩིའི་ཆུ་རྒྱུན་ལ། 10

451

ཇདཔལ་འཁོར་ལོ་སྡོམ་པའི་སྦྱིན་སྲེག་གི་ར་ལྡན་བློ་གསར་དོན་གཉེར་ཅན་རྣམས་ལ་ཉེ་བར་མཁོ་བ་མཛེས་ལྡན་པདྨའི་ཕྲེང་བ་ལ། 5

ཉབཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པའི་བསྙེན་ཡིག་ཡང་གསལ་སྒྲོན་མེ་དང་བསྙེན་ཆེན་གྱི་ཐོ་ཡིག་བདེ་ཆེན་མཆོག་སྦྱིན་ལ། 11

ཏགྲུབ་ཆེན་ལྰུ་ཨི་པའི་ལུགས་ཀྱི་་བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་ལ་བརྟེན་པའི་འཇིག་རྟེན་པའི་མེ་ལྷའི་བསྙེན་པ་གཏོང་ཚུལ་བདེ་ཆེན་སྣང་བ་རབ་གསལ་ལ། 3

ཐདེའི་བཅུ་ཆའི་སྦྱིན་སྲེག་བྱ་ཚུལ་བདེ་ཆེན་ཡེ་ཤེས་རབ་འབར་ལ། 4

དགྲུབ་ཆེན་ལྰུ་ཨི་པའི་ལུགས་ཀྱི་དཔལ་འཁོར་ལོ་བདེ་མཆོག་ལ་བརྟེན་པའི་བསྙེན་སྒྲུབ་སྦྲགས་མའི་ཆོ་ག་དངོས་གྲུབ་གཏེར་མཛོད་ལ། 7

ནགྲུབ་ཆེན་ལྰུ་ཨི་པའི་ལུགས་ཀྱི་དཔལ་འཁོར་ལོ་བདེ་མཆོག་གི་བསྙེན་སྒྲུབ་སྦྲགས་མའི་བཟླས་པ་རྫོགས་ནས་དངོས་

གྲུབ་ཀྱི་རྫས་སྒྲུབ་ཚུལ་བདེ་ཆེན་མཆོག་སྦྱིན་ལ། 3

པགྲུབ་ཆེན་ལྰུ་ཨི་པའི་ལུགས་ཀྱི་་བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་ལ་བརྟེན་པའི་ལྷ་དབང་དུ་བྱེད་པའི་བཅུ་ཆའི་སྦྱིན་

སྲེག་མཆོག་མཐུན་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ལ། 7

ཕདཔལ་འཁོར་ལོ་བདེ་མཆོག་གི་བཀའ་སྲུང་རྣམས་ཀྱི་གཏོར་འབུལ་འཕྲིན་བཅོལ་བྱ་ཚུལ་འདོད་དོན་དོན་གྲུབ་དང༌།མཚམས་ཐོ་གཤེགས་གསོལ་བྱ་ཚུལ་དགེ་ལེགས་པད་མོ་བཞད་པའི་དགའ་སྟོན་ལ། 7

བརྗེ་བླ་མ་ཙོང་ཁ་པ་ཆེན་པོས་མཛད་པའི་དཔལ་འཁོར་ལོ་བདེ་མཆོག་གི་སྨོན་ལམ་ཤིས་བརྗོད་ཚངས་དབྱངས་སྙན་པའི་སྒྲ་ལྡན་དྲུག་ཅུའི་ཡོན་ཏན་ཀུན་ཚང་བདེ་ཆེན་ལང་ཚོ་རྒྱས་པའི་དཔལ་ཡོན་ལ། 9

དཀར་ཆག་ལ། 3

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།གསེར་ཁང་བློ་བཟང་བསྟན་འཛིན་ནི་མདོ་སྨད་ཨ་རིག་ཆེ་སྟོད་དུ་ཡབ་ནོའི་རིགས་དང༌།ཡུམ་ཛ་ཏི་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ལྕགས་བྱི་1780 ལོ་ལ་འཁྲུངས།དགུང་ལོ་བདུན་ལ་རབ་བྱུང་བསྒྲུབས།མཚན་བློ་བཟང་བསྟན་འཛིན་རྒྱ་མཚོ་གསོལ།དགུང་ལོ་བཅུ་གསུམཐོག་ར་རྒྱ་སྒར་གྱི་ཆོས་གྲྭར་ཞུགས་ནས་གཞུང་ཆེན་བཀའ་པོད་ལྔར་གསན་བཞེས་མཛད།དགུང་ལོ་ཉི་ཤུ་ཐམ་པར་ཤིང་བཟའ་བློ་བཟང་དར་རྒྱས་དྲུང་དུ་བསྙེན་

རྫོགས་བསྒྲུབས།ཤིང་བཟའ་རྡོ་རྗེ་འཆང་དང་ར་བླ་དངོས་གྲུབ་རྒྱ་མཚོ་སོགས་བསྟེན་ནས་མདོ་སྔགས་ཀྱི་དབང་ལུང་ཡོངས་རྫོགས་གསན།དགུང་ལོ་ཉེར་དྲུག་ཐོག་དབུས་གཙང་དུ་ཕེབས་ནས་གནས་མཇལ་དང༌།རྒྱལ་བ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་དང་ནོར་གླིང་དུ་མཇལ།དེ་ནས་ཕྱིར་ཕེབས་ཀྱིས་ར་རྒྱའི་ཉེ་འགྲོ་རྒོད་པོ་རྫོང་དང༌།གསེར་ཁང་རྩེའི་སྒྲུབ་གནས་སོགས་ཁག་བརྒྱད་ལ་སྐུ་མཚམས་ལ་བཞུགས།དེ་ནས་རོང་པོ་དགོན་ཆེན་ལ་མཚན་ཉིད་སྐྱེ་བཤད་གྲྭ་བཙུགས།ལ་མོ་བདེ་ཆེན་དང་རོང་པོ་རང་དུ་གཞུང་ཆེན་བཀའ་ཁྲིད་གནང༌།འཇིགས་བྱེད་བསྙེན་ཆེན་ཐེངས་འགའ་ཤས་དང༌།ཕྱུག་འབུམ་སུམ་ཅུ་ཙམ་གཏོང་བ་གནང༌།དགུང་ལོ་རེ་དགུ་ས་སྤྲེ་སྟེ་1848 ལོ་ལ་སྤང་ལུང་རི་ཁྲོད་དུ་སྐུ་གཤེགས།གསུང་འབུམ་པོད་གཅིག་བཞུགས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn    

བརྒྱུད་འགོད།