སྡེ་ཁྲི་འཇམ་དབྱངས་ཐུབ་བསྟན་ཉི་མའམ་གསང་མཚན་རཏྣ་བཛྲའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-05-05 12:03:02     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

པར་པོད།ཤོག་དྲངས།

00893 དང་པོ།

1 རྗེ་བཙུན་འཇམ་དབྱངས་ཐུབ་བསྟན་ཉི་མ་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་གསང་གསུམ་བཀྲ་ཤིས་རི་མོ་ལ། 117

2 བསྟོད་འགྲེལ་དོན་གསལ་ལ། 8

3 རྗེ་བཙུན་བྱམས་པ་མགོན་པོའི་རྟོགས་བརྗོད་པད་དཀར་ཕྲེང་བ་ལ། 20

4 ཇོ་བོའི་ལོ་རྒྱུས་རིན་ཆེན་ཟ་མ་ཏོག་ལ། 6

5 ཉན་ཐོས་ཀྱི་ས་ལས་རྣལ་འབྱོར་གྱི་གནས་དང་པོའི་བསྡུས་དོན་ལ། 12

6 སྐལ་བཟང་ལྷ་ཁང་རྟེན་དང་བརྟེན་པའི་དཀར་ཆག་རྫོགས་ལྡན་རྔ་སྒྲ་ལ། 29

7 དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་གྱི་རྣམ་གཞག་འཇམ་དཔལ་ཞལ་ལུང་ལ། 80

8 དེའི་ཐུགས་དཀྱིལ་འདོན་བསྒྲིགས་བུམ་བཟང་ལ། 19

9 དེའི་བསྙེན་ཡིག་བདུད་རྩི་ཐིགས་པ་ལ། 7

10 དེའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་གའི་ངག་འདོན་ལ། 26

11 དེའི་ཞི་བའི་སྦྱིན་སྲེག་འདོན་བསྒྲིགས་ལ། 13

12 དེའི་ལྷན་ཀྱིས་སྒྲུབ་ཐབས་དང་རྣལ་འབྱོར་ལ། 4

13 གསང་བདག་འཁོར་ལོ་ཆེན་པོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ལ། 5

14 དཔལ་དུས་ཀྱི་འཁོར་ལོའི་ཞི་བའི་སྦྱིན་སྲེག་འཇམ་དབྱངས་དགོངས་ལྡན་ལ། 34

15 དེའི་རྩ་བ་དང་ཡན་ལག་གི་ལྟུང་བ་གཏན་ལ་དབབ་པ་པད་ཕྲེང་ལ། 15

16 རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཡིད་བཞིན་ནོར་བུའི་དོ་ཤལ་ལ། 56

00894 གཉིས་པ།

1 རྡོར་དབྱིངས་ཀྱི་མདུན་བསྐྱེད་ལ། 29

2 དེའི་ས་ཆོག་ལ། 24

3 དེའི་བདག་འཇུག་ལ། 27

4 དེའི་ཕྱུག་རྒྱ་འཆིང་ཚུལ་ལ། 12

5 དེའི་རྒྱུད་འདེབས་ཤིས་བརྗོད་ལ། 5

6 དཔལ་གསང་བ་འདུས་པ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ལ། 5

7 དཔལ་རྡོ་རྗེ་འཇིགས་བྱེད་ལྷ་དགུའི་སྒྲུབ་ཐབས་ལ། 12

8 གྲུབ་ཆེན་ལྰུ་ཨི་པའི་ལུགས་ཀྱི་འཁོར་ལོ་སྡོམ་པའི་བསྙེན་པ་བྱ་ཚུལ་ལ། 8

9 དེའི་བདག་འཇུག་ལ། 20

10 དེའི་ལུས་དཀྱིལ་གྱི་བདག་འཇུག་མདོར་བསྡུས་ལ། 16

11 དཔལ་ཀྱཻ་རྡོ་རྗེའི་སྒྲུབ་ཐབས་མཁས་གྲུབ་ཞལ་ལུང་ལ། 16

12 ཕྱུག་ན་རྡོ་རྗེ་འཁོར་ལོ་ཆེན་པོ་ལྷ་བཅོ་བརྒྱད་ཀྱི་རས་བྲིས་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླང་བའི་ཚུལ་ལ། 22

13 སྤྱན་རས་གཟིགས་རྒྱལ་བརྒྱ་མཚོའི་བདག་འཇུག་ལ། 14

14 ཕྲེང་བ་ཀྲི་ཡའི་ལྷ་ཚོགས་རྣམས་ཀྱི་སྒོམ་བཟླས་བྱ་ཚུལ་ལ། 7

15 གྲུབ་ཆེན་བརྒྱད་བུའི་རྗེས་གནང་བྱ་ཚུལ་ལ། 13

16 དྲག་པོ་གསུམ་བསྒྲིལ་གྱི་སྒོ་ནས་བཀྲུ་བྱབས་སྲུང་བའི་ཆོ་ག་ལ། 6

17 བཅོམ་ལྡན་འདས་ཀླུའི་དབང་ཕྱུག་རྒྱལ་པོའི་ཀྲུབ་ཐབས་ཆུ་རྒྱུན་ལ། 8

18 སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ལ་བརྟེན་པའི་ཚེ་སྒྲུབ་ཡིད་བཞིན་དབང་རྒྱལ་ལ། 8

19 བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པ་ལ་བརྟེན་པའི་སྨྱུང་གནས་ཆོ་ག་ལ། 21

20 དེའི་ཆོ་ག་མདོར་བསྡུས་ཟ་མ་ཏོག་ལ། 9

21 དེའི་སྟོང་མཆོད་བྱ་ཚུལ་ལ། 12

22 འཇིགས་བྱེད་དཔའ་བོ་གཅིག་པ་སོགས་ལྷག་ལྷ་དུ་མའི་སྒྲུབ་ཐབས་སྐོར་ལ། 51

23 ལྷ་མོ་འོད་ཟེར་ཅན་མའི་ཞི་བའི་སྦྱིན་སྲེག་ལ། 13

24 དཔལ་མྱུར་མཛད་ཡེ་ཤེས་མགོན་པོ་ཕྱུག་དྲུག་པའི་བསྙེན་ཡིག་ཆར་འབེབས་ལ། 13

25 དེའི་བསྙེན་ཡིག་བདུད་རྩི་བུམ་བཟང་ལ། 13

26 བསྟན་སྲུང་རྣམས་ཀྱི་གཏོར་འབུལ་སྐོར་ལ། 37

27 འཇམ་དབྱངས་ཀུན་གཟིགས་སྟོང་ལ་མཆོད་ཕྱུག་འབུལ་ཚུལ་ལ། 31

28 གཙུག་ཏོར་རྣམ་རྒྱལ་མའི་སྒོ་ནས་ཞི་བའི་སྦྱིན་སྲེག་བྱ་ཚུལ་ལ། 9

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།སྡེ་ཁྲི་འཇམ་དབྱངས་ཐུབ་བསྟན་ཉི་མའམ་གསང་མཚན་ར་བཛྲ་ནི་མཚོ་སྔོན་གཡོན་རུ་རྩེ་དྲུག་སྙིང་བདུན་རྩེ་ནྰ་མོ་ཆེ་བ་བཅོ་བརྒྱད་དུ་གྲགས་པའི་ནང་ཚན་བེ་ལེན་ནྰ་རྒན་ཞེས་པར་ཡབ་སོག་རིགས་ཀ་འབུམ་སྨན་པ་ངག་དབང་ཕུན་ཚོགས་དང༌།ཡུམ་ལྷ་མོ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ས་ཕག 1779 ལོ་ལ་འཁྲུངས།དགུང་ལོ་བཞི་ལ་ཕེབས་དུས་རོང་པོའ་ཤར་ནོ་མོན་ཧན་རིན་པོ་ཆེར་ཡབ་ཡུམ་གཉིས་ནས་མཚན་ཞུས་པར་

འཇམ་དབྱངས་ཐུབ་བསྟན་ཉི་མ་ཞེས་གསོལ།དགུང་ལོ་དྲུག་ལ་ཕེབས་སྐབས་དགའ་ལྡན་བཀྲ་ཤིས་འཁྱིལ་རྒྱུད་པ་གྲྭ་ཚང་ལ་གདན་དྲངས།ཀུན་མཁྱེན་འཇིགས་མེད་དབང་པོའི་ཞལ་སྔ་ནས་རབ་ཏུ་བྱུང་སྟེ།མཚན་སྔར་ལྟར་འཇམ་དབྱངས་ཐུབ་བསྟན་ཉི་མ་ཞེས་གསོལ།དགུང་ལོ་དགུ་ནས་བཅུ་བར་ཀུན་མཁྱེན་ཆེན་པོའི་ས་ནས་མདོ་སྔགས་ཀྱི་ཆོས་གསན།དགུང་ལོ་བཅུ་གཅིག་ལ་བཀྲ་ཤིས་འཁྱིལ་ཐོས་བསམ་གླིང་གི་ཆོས་གྲྭར་ཞུགས་ནས་གཞུང་ཆེན་བཀའ་པོད་ལྔར་གསན་བཞེས་མཛད།དགུང་ལོ་བཅུ་བཞིར་གུང་ཐང་བསྟན་པའི་སྒྲོན་མེའི་དྲུང་དུ་རབ་བྱུང་སྡོམ་པ་བཞེས།དགུང་ལོ་ཉི་ཤུ་ཐམ་པར་གུང་ཐང་པའི་དྲུང་དུ་བསྙེན་རྫོགས་བསྒྲུབས།དགུང་ལོ་ཉེར་བཞི་པར་དཀའ་ནམ་འཛིན་གྲྭར་ཕེབས།རྡོ་རམས་པའི་མཚན་བཏགས་ཕུལ་ཡང་སྐུ་ལྟུང་བསྙུན་ནད་ཀྱི་རྐྱེན་བྱས་དམ་བཞེས་མ་མཛད།དགུང་ལོ་ཉེར་བདུན་སྐབས་གྲྭ་ཚང་གི་ཁྲི་པ་ལོ་གཉིས་མཛད།དགུང་ལོ་སུམ་ཅུ་ཐམ་པར་ཨུ་རུ་ཧོར་ཆེན་གྱི་གདན་ཞུ་ལྟར་རྒྱ་སོག་ཡུལ་གྲུར་ཕེབས་ནས།ཆེ་རྟ་བར་ལོ་བཅོ་ལྔ་རིང་ཆོས་ཀྱི་འཁོར་ལོ་བསྐོར།དགུང་ལོ་ཞེ་ལྔ་ལོ་རྒྱ་སོག་ཡུལ་གྲུ་ནས་ཕྱིར་ལོག་ཕེབས།དགུང་ལོ་ཞེ་དྲུག་ལོ་བཀྲ་ཤིས་འཁྱིལ་གྱི་ཁྲི་པ་མཛད།དགུང་ལོ་ཞེ་བརྒྱད་ལོར་རྗེ་ཉིད་སླར་ཡང་སོག་ཡུལ་དུ་ཕེབས།མཁས་གྲུབ་རྗེའི་དཀྱིལ་ཆོག་ཡོངས་རྫོགས་སོག་སྐད་དུ་བསྒྱུར་ཏེ་ས་སྐྱའི་དུས་ལྟར་ཧོར་གྱིས་རང་སྐད་དུ་འདོན་རྒྱུའི་སྲོལ་འཇགས་མཛད།དགུང་ལོ་རེ་གསུམ་ལ་ལྕང་སྐྱ་བླ་བྲང་ཟུང་ཀྲུ་སིར་ཕྱུག་ཕེབས་ཏེ།ལྕང་སྐྱ་རིན་པོ་ཆེར་མཇལ་འཕྲད་མཛད།དོ་ལོན་བུ་ལག་ཏུ་དེ་གར་བསྙེན་རྫོགས་བརྒྱ་དང་རེ་བརྒྱད་དང༌།དགེ་ཚུལ་སུམ་ཅུ།རབ་བྱུང་བཅུ་སྒྲུབ་པ་སོགས་མཛད།དགུང་ལོ་རེ་བཞི་ལ་ཕེབས་སྐབས་པྰེ་ལིའི་དགོན་དུ་ལོ་གསར་གྱི་དགྱེས་སྟོན་དུ་ལམ་རིམ་ཆེན་མོའི་བཤད་ལུང་སོག་སྐད་དུ་བསྒྱུར་ནས་ཉིན་བཅོ་བརྒྱད་རྒྱས་པར་གནང༌།དགུང་ལོ་བདུན་ཅུ་ཐམ་པར་ཕེབས་པ་ན་གོང་མ་ཁྲི་ཐོག་དྲུག་པ་ཏའོ་ཀང་ནས་ཐམ་ཀ་དང༌།བཀའ་ཤོག་གི་བདག་རྐྱེན་གཟེངས་བསྟོད་གནང༌།དགུང་ལོ་གྱ་བཞི་སྟེ་ཆེ་ཁྱི་1862 ལོ་ལ་དགོངས་པ་ཆོས་དབྱིངས་སུ་ཕེབས།འདིར་གསུང་འབུམ་པོད་གཉིས་བཞུགས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn   

བརྒྱུད་འགོད།