དངུལ་ཆུ་བླ་མ་ཆོས་བཟང་ངམ་དྷརྨ་བྷ་དྲའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-05-05 12:01:12     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

 པར་བོད།ཤོག་གྲངས།

00884 ཀ

1 རྗེ་བཀའ་འགྱུར་བླ་མ་སོགས་དམ་པ་ལྔའི་རྣམ་ཐར་རགས་བསྡུས་ངོ་མཚར་དད་པའི་ས་བོན་ལ། 5

2 རྗེ་རང་ཉིད་ཀྱི་མཚན་སྔགས་སུམ་བྲིས་མ་ལ། 1

3 རྗེ་བཙུན་བླ་མ་ཐམས་ཅད་མཁྱེན་པ་དྷརྨ་བྷ་དྲ་དཔལ་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་གསོལ་བ་འདེབས་ཚུལ་དངོས་གྲུབ་ཆར་གཡོ་བའི་སྤྲིན་ཕུང་ལ། 5

4 རྣམ་ཐར་དཀར་ཆག་ལ། 1

5 དུས་གསུམརྒྱལ་བ་ཀུན་གྱི་སྤྱི་གཟུགས་བཀའ་དྲིན་གསུམ་ལྡན་རྗེ་བཙུན་བླ་མ་ཐམས་ཅད་མཁྱེན་པ་དྷརྨ་བྷ་དྲ་དཔལ་བཟང་པོའི་རྣམ་པར་ཐར་པ་ཞྭ་སེར་བསྟན་པའི་མཛེས་ལྡན་ལ། 215

6 རྗེ་ཡབ་སྲས་ཀྱི་བླ་མའི་རྣལ་འབྱོར་ཟབ་གནད་ཅན་དགའ་ལྡན་ལྷ་བརྒྱ་མར་གྲགས་པའི་ཆོག་བསྒྲིགས་དམིགས་འབྱེད་གནད་ཀྱི་ཁོང་གཟེར་ལ། 9

7 རྗེ་བཙུན་བྱམས་མགོན་གྱི་བླ་མའི་རྣལ་འབྱོར་དང་མིག་གཟུངས།མཆོད་རྟེན་ཁང་བུ་མའི་ཐིག་རྩ་བཅས་ལ། 5

8 དགའ་ལྡན་ལྷ་བརྒྱ་མ་དང་འབྲེལ་བའི་འཕོ་བ་ཐུན་མོང་མ་ཡིན་པ་བརྒྱུད་ཡིག་བཅས་ལ། 3

9 དགའ་ལྡན་ལྷ་བརྒྱ་མ་དང་འབྲེལ་བའི་འཕོ་བ་ཐུན་མོང་མ་ཡིན་པ་བརྒྱུད་ཡིག་བཅས་ལ། 3

10 བླ་མ་འཇམ་དཔལ་ཞི་ཁྲོའི་རྣལ་འབྱོར་ལ། 6

11 བླ་མ་འཇམ་དཔལ་ཞི་ཁྲོའི་ས་བཅད་དང༌།དེའི་ཟབ་ཁྲིད་མན་ངག་བཀའ་རྒྱ་མའི་ཟིན་བྲིས་ལེ་ཚན།གཟའ་ཉི་མ་གདུང་གང་མའི་ཉམས་ལེན་ཁྱེར་བདེ་བཅས་ལ། 8

12 འཇིགས་བྱེད་བཅུ་གསུམ་མའི་བསྙེན་ཡིག་མཁས་གྲུབ་དགོངས་འདུས་ལ། 19

13 དཔལ་རྡོ་རྗེ་འཇིགས་བྱེད་ཡབ་ཡུམ་ལྷན་སྐྱེས་ཀྱི་རྣལ་འབྱོར་མདོར་བསྡུས་ལ། 1

14 ཁྱབ་བདག་འཇམ་དཔལ་གཤིན་རྗེའི་གཤེད་པོ་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླང་བའི་ཚུལ་རྣམ་པར་བཤད་པ་འཁྲུལ་ཟད་མཁས་པའི་ཞལ་ལུང་ལ།56

15 འཇིགས་བྱེད་དཔལ་བོ་གཅིག་པའི་དབང་ཆོག་ཟིན་བྲིས་དང་དེའི་བུམ་སྒྲུབ་སོགས་ལ། 8

16 དེའི་བཅུ་ཆའི་སྦྱིན་སྲེག་གི་ཁྱད་ཆོས་གསལ་བར་བྱེད་པའི་ཡི་གེ་དོན་ཡོད་འཕྲུལ་གྱི་ཞགས་པ་ལ། 5

17 དེའི་རྒྱས་པའི་འཁྲུལ་འཁོར་བསྒྲུབ་ཚུལ་གསལ་བར་བཤད་པ་དངོས་གྲུབ་འདོད་འཇོའི་བུམ་བཟང་ལ། 7

18 དེའི་སྔགས་བཏུའི་རྗེས་གནང་བྱ་ཚུལ་རབ་གསལ་སྒྲོན་མེ་ཚོགས་འཁོར་བཅས་ལ། 7

19 དེའི་བཀའ་བསྒོ་ལ། 4

20 དེའི་སེར་ལམ་གཅོད་པ་ལ། 5

21 དེའི་རིམ་པ་གཉིས་པའི་ཉམས་དབྱངས་སོགས་ལ། 5

22 ཀྱཻ་རྡོ་རྗེ་བླ་མའི་རྣལ་འབྱོར་ཟུང་འཇུག་ནོར་བུ་འདྲེན་པའི་ཤིང་རྟ་ལ། 5

23 ཀྱཻ་རྡོ་རྗེ་ལྷན་སྐྱེས་ཀྱི་སྒྲུབ་ཐབས་འཁྲུལ་སྤོང་སྙིང་པོ་དང༌།རྩ་རྒྱུད་བརྟག་གཉིས་ལས་འབྱུང་བའི་རྡོ་རྗེ་སྒྲའི་དོན།ཀྱཻ་རྡོ་རྗེ་བསྐྱེད་རྫོགས་ཀྱི་ས་བཅད་བཅས་ལ། 5

24 ཀྱཻ་རྡོ་རྗེ་ལྷ་དགུའི་ཞི་བའི་སྦྱིན་སྲེག་གི་ཆོ་ག་སྡིག་ལྟུང་མུན་སེལ་ཉི་འོད་དང༌།དེའི་ཞུ་འབུལ་ཕྱུག་བཅོ་བརྒྱད་པའི་ལག་ལེན་བཅས་ལ། 19

དཀར་ཆག་ལ། 3

00885 ཁ

1 དཔལ་བདེ་མཆོག་དྲིལ་བུ་ལྷ་ལྔའི་བླ་བརྒྱུད་གསོལ་འདེབས་དང་དབང་ཆོག་བདེ་ཆེན་སྙིང་པོ་བཅས་ལ། 14

2 དེའི་དཀྱིལ་ཆོག་བདེ་ཆེན་འབྱུང་གནས་ལ། 38

3 དེའི་ལས་རུང་གི་བསྙེན་པ་ཇི་ལྟར་བྱ་ཚུལ་གྱི་ཡི་གེ་གནད་ཀྱི་དོན་གསལ་དང༌།ཞིང་སྐྱོང་དུར་ཁྲོད་བདག་པོའི་བསྙེན་ཡིག་རྟེན་འཆའ་འབུལ་ཚུལ་བཅས་ལ། 9

4 དེའི་བསྙེན་པའི་ཁ་སྐོང་གི་སྦྱིན་སྲེག་མདོར་བསྡུས་བྱ་ཚུལ་ཁྱད་ཆོས་གསུམ་ལྡན་དང༌།ཚོགས་མཆོད།ས་བཅད་བསྡུས་པ།ནང་ཐིག་བཅས་ལ། 9

5 བདེ་མཆོག་དྲིལ་བུ་ལུས་དཀྱིལ་གྱི་བླ་མའི་རྣལ་འབྱོར་དང༌།བདེ་མཆོག་རྫོགས་རིམ་རིམ་པ་ལྔ་པ་པའི་སྨོན་ལམ་དང༌།དེའི་གཏོར་མ་བྱིན་རླབས་བཅས་ལ། 5

6 དེའི་སྒོས་ཆོས་མདོར་བསྡུས།རྣལ་འབྱོར་མའི་གཏོར་མ་བྱིན་རླབས་དང༌།དེའི་ཕྱུག་རྒྱ་བཅས་ལ། 7

7 དཔལ་འཁོར་ལོ་སྡོམ་པའི་རིན་ཆེན་བཞིའི་སྔགས་བཏུའི་རྗེས་གནང་བྱ་ཚུལ་ལེགས་བཤད་གསེར་གྱི་ཐུར་མ་ལ། 12

8 བདེ་མཆོག་དཀར་པོའི་སྒོ་ནས་རྫོགས་རིམ་ལ་བརྟེན་པའི་ཚེ་བསྲིང་ཚུལ་འཆི་མེད་སྲོག་གི་དཔལ་སྟེར་ལ། 3

9 རྗེ་བཙུན་ནྰ་རོ་མཁའ་སྤྱོད་མའི་བླ་མའི་རྣལ་འབྱོར་གནད་དོན་ཀུན་ཚང་ལ། 7

10 དེའི་སིདྡྷུ་རའི་དཀྱིལ་འཁོར་སྒྲུབ་མཆོད་དང༌།དབང་གི་ཆོ་ག་བདེ་ཆེན་གསལ་སྒྲོན།ཚོགས་མཆོད།མཐོང་གྲོལ་ལྡེ་མིག་ལས་གསུངས་པའི་ས་བཅད་བཅས་ལ། 26

11 དེའི་སྒྲུབ་ཐབས་མདོར་བསྡུས་ལ། 1

12 དེའི་ཇ་མཆོད་ལ། 1

13 རྗེ་བཙུན་ནྰ་རོ་མཁའ་སྤྱོད་མའི་བསྙེན་ཡིག་གནད་ཀྱི་ལྡེ་མིག་ལ། 7

14 དེའི་ཞི་བའི་སྦྱིན་སྲེག་མན་ངག་བདུད་རྩིའི་ཡང་སྙིང་ལ། 6

15 དེའི་སྔགས་བཏུའི་རྗེས་གནང་བྱ་ཚུལ་གནས་གསུམ་མཁའ་འགྲོའི་སྙིང་ཐིག་ལ། 6

16 བདེ་མཆོག་ཡབ་ཡུམ་སྐོར་གྱི་དཀར་ཆག་ལ། 1

17 ལྷ་ལྔའི་སྒྲུབ་ཐབས་བདེ་ཆེན་འབྱུང་གནས་ཀྱི་་བསྡུས་དོན་སོགས་བདེ་མཆོག་ཡབ་ཡུམ་གྱི་སྐོར་ཁ་ཤས་ལ། 10

18 གསང་བདེ་འཇིགས་གསུམ་གྱི་གཏོར་འབུལ་དངོས་གྲུབ་ཀྱི་ལྕགས་ཀྱུའི་བཤད་ཁྲིད་མུན་སེལ་སྒྲོན་མེ་ལ། 9

19 རྣམ་བཅུ་དབང་ལྡན་སྒྲུབ་ཚུལ་དང༌།བསྒྲུབས་པའི་མཚོན་དོན་མདོར་བསྡུས་སྟོང་གཟུགས་བདེ་ཆེན་སྙིང་པོ་ལ། 3

20 དཔལ་ཕྱུག་ན་རྡོ་རྗེ་འབྱུང་པོ་འདུས་བྱེད་སྐྱེ་བསྙེན་ཡིག་ལ། 4

21 རྟ་མགྲིན་གསང་སྒྲུབ་ཀྱི་མངོན་དཀྱིལ་བདུད་རྩིའི་ཡང་སྙིང་དང༌།དེའི་བསྟོད་པ་ཚིགས་བཅད།བཀྲས་དགེའི་ཆོས་བདག་ཟངས་ཕུར་བའི་གསེར་སྐྱེམས་བཅས་ལ། 5

22 རྟ་མགྲིན་གསང་སྒྲུབ་སྐྱེ་བརྒྱུད་འདེབས་དང་ནང་མཆོད་ཁ་སྐོང་ལ། 1

23 རྗེ་བཙུན་རིག་བྱེད་དབང་མོའི་ཚོགས་ཁོར་དང་བསྟོད་པ་ལ། 5

24 ཚེ་སྒྲུབ་ཤོག་གཅིག་མ་ལ། 1

25 ཚེ་སྒྲུབ་ཐུན་མོང་མ་ཡིན་པ་ཟབ་གནད་ཅན་ཁྱེར་བདེ་ཀུན་ཕན་ལ། 3

26 གྲུ་རྒྱལ་ལུགས་ཀྱི་ཚེ་དཔག་མེད་ལྷ་གཅིག་བུམ་གཅིག་གི་དབང་བསྐུར་ཚུལ་ལ། 15

27 ཉེ་བརྒྱུད་ཚེ་ཁྲིད་འཆི་མེད་རྡོ་རྗེའི་སྲོག་ཤིང་གི་ངག་འདོན་ནག་འགྲོས་སུ་བཀོད་པ་ལ། 6

28 བཅུད་ལེན་གྱི་རིལ་བུ་བསྒྲུབས་ནས་སྤྱོད་ཚུལ་དང༌།ཞབས་བརྟན་སྲུང་འཇུག་བཅས་ལ། 4

29 འཕོ་འཁྲིད་དཔའ་བོ་གཡུལ་འཇུག་གི་ལྷན་ཐབས་ཟིན་བྲིས་ལ། 4

30 བཀའ་གདམས་ཐིག་ལེ་བཅུ་དྲུག་གི་སྒྲུབ་དཀྱིལ་ཕུལ་བྱུང་དགོངས་ལྡན་སྙིང་པོ།གདམས་ངག་འདོམ་ཚུལ།བཀའ་

གདམས་བསྟན་སྐྱོང་སྒྲོལ་མ་བཅུ་གཉིས་ལ་གཏོར་མ་མདོར་བསྡུས་འབུལ་ཚུལ་བཅས་ལ། 16

31 བཀའ་གདམས་ཐིག་ལེ་བཅུ་དྲུག་གི་བསྟོད་གཟུངས་མདོར་བསྡུས་འབུལ་ཚུལ་ལ། 2

32 དེའི་སྒོམ་བཟླས་སྙིང་པོར་དྲིལ་བ་ལ། 1

33 སྤྱན་རས་གཟིགས་ཀྱི་བླ་མའི་རྣལ་འབྱོར་མདོར་བསྡུས་ལ། 1

34 ཇ་མཆོད་ཁྲིད་ཡིག་མན་ངག་གསལ་སྒྲོན་དང༌།སྤྱན་རས་གཟིགས་ཀྱི་བླ་མའི་རྣལ་འབྱོར་གྱི་ཁྲིད་ཡིག་ཕན་བདེའི་དཔལ་སྟེར་བཅས་ལ། 8

35 འཕགས་པ་བཅུ་གཅིག་ཞལ་ལ་བརྟེན་པའི་སྨྱུང་གནས་ཀྱི་ཆོ་ག་བསྡུས་པ་ལ། 5

36 སྨྱུང་གནས་ཀྱི་ཆོ་ག་བསྡུས་པའི་ཁྲིད་ཡིག་གྲུབ་བརྙེས་དཔལ་མོའི་དགོངས་ལྡན་ལ། 29

37 གྲུབ་དབང་གཉན་ཚེམ་བུ་བའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་དམར་ཁྲིད་སྙན་བརྒྱུད་བདུད་རྩིའི་ཟེགས་མ་ལ། 11

38 སྙིང་པོ་དོན་གསུམ་མདོར་བསྡུས་ཉམས་སུ་ལེན་ཚུལ་གྲུབ་ཆེན་ཞལ་ལུང་ལ། 1

39 སྙིང་པོ་དོན་གསུམ་ལས་བར་དོའི་ཉམས་ལེན་གྱི་སྟོང་ཐུན་ལ། 3

40 སྒྲོལ་མར་ཕྱུག་འཚལ་ཉེར་གཅིག་གིས་བསྟོད་པའི་རྣམ་བཤད་ཡིད་འཕྲོག་ཨུཏྤལའི་ཆེན་པོ་ལ། 12

41 སྒྲོལ་མ་མན་ཌལ་བཞི་པའི་ཆོ་ག་མདོར་བསྡུས་དང༌།དེའི་སྐབས་ཀྱི་འདོད་གསོལ་བཅས་ལ། 5

42 ཕྱུག་མཆོད་སྨོན་ལམ་མདོར་བསྡུས་དང༌།སྒྲོལ་མ་མན་ཌལ་བཞི་པའི་ཆོག་བསྒྲིགས་ལ། 6

43 རྗེ་བཙུན་སེང་ལྡེང་ནགས་ཀྱི་སྒྲོལ་མའི་བསྟོད་པ་ལེགས་བྲིས་མར་གྲགས་པའི་འབྲེལ་པ་ཉུང་དུ་རྣམ་གསལ་ལ། 10

44 བཟང་སྤྱོད་འཆི་བླུ་བྱ་ཚུལ་ལ། 1

45 བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་རྒྱལ་པོ་ལ་བརྟེན་ནས་སྡིག་པ་སྦྱང་བའི་ཆོ་ག་ལེགས་བཤད་རྒྱ་མཚོའི་སྙིང་པོ་དང༌།སྦྱངས་ཆས་སྡོམ་ཚིག་རྣལ་འབྱོར་མའི་སྦྱང་ཆོག་མདོར་བསྡུས་ཀྱི་ཟིན་བྲིས་བཅས་ལ། 18

46སྐྲ་ཆོག་རུས་ཆོག་འཇིམ་པ་བྱིན་རླབས།མཆོག་གསུམ་ཤིས་བརྗོད་ཀྱི་དོན་བཅས་ལ། 3

47 དཔལ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་དག་བྱེད་བདུད་རྩིའི་བུམ་བཟང་ལ། 15

48 རྡོར་སེམས་ཀྱི་སྒོམ་བཟླས་མདོར་བསྡུས།སྟོབས་བཞིས་སྡིག་པ་བཤགས་ཚུལ་སྐྱབས་འགྲོའི་བསླབ་བྱ་དང་ཕན་ཡོན་བཅས་ལ། 4

49 དམ་ཚིག་རྡོ་རྗེའི་སྒོམ་བཟླས་ལ། 1

50 ཟ་བྱེད་རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག་གི་འཁྲིད་ཡིག་སྡིག་སྒྲིབ་མུན་སེལ་ཉི་འོད་ལ། 8

51 ཐུན་དྲུག་གི་རྣལ་འབྱོར་ཉམས་སུ་ལེན་ཚུལ་ཐབས་ལ་མཁས་པའི་དེད་དཔོན་ལ། 10

52 སྨན་བླའི་མདོ་ཆོག་ཉམས་ལེན་བདེ་འཇུག་སྙིང་པོ་ལ། 6

53 སྨན་བླ་མཆེད་བདུན་ལ་གསོལ་བ་གདབ་ཚུལ་ལ། 1

54 བཻ་ཌྰརྱ་དང་སྨན་བླའི་གཟུངས་བོད་སྐད་དུ་བསྒྱུར་བ་ཏོག་གི་བློ་གྲོས་ལ། 4

55 གནས་བརྟན་ཕྱག་མཆོད་རྒྱལ་བསྟན་འཛད་མེད་སྙིང་པོ་དང་དེའི་ཁ་སྐོང་ལ། 12

དཀར་ཆག་ལ། 4

00886 ག

1 བྱང་ཆུབ་ལམ་གྱི་རིམ་པའི་དམར་ཁྲིད་ཐམས་ཅད་མཁྱེན་པར་བགྲོད་པའི་བདེ་ལམ་གྱི་ལྷན་ཐབས་ནག་འགྲོས་སུ་བཀོད་པ།ཁྲུས་གསོལ་བདུད་རྩི་འབེབས་སྦྱངས་བཅས་ལ། 16

2 བྱང་ཆུབ་ལམ་གྱི་རིམ་པ་ཤིན་ཏུ་བསྡུས་པ་ལ། 4

3 བྱང་ཆུབ་ལམ་གྱི་རིམ་པ་བདེ་ལམ་གྱི་སྙིང་པོ་བསྡུས་ཏེ་ཤར་སྒོམ་གྱི་ཚུལ་དུ་ཉམས་སུ་ལེན་ཚུལ་ལ། 7

4 དེའི་ས་བཅད་ལ། 2

5 བྱང་ཆུབ་ལམ་གྱི་རིམ་པའི་དམར་ཁྲིད་ཐམས་ཅད་མཁྱེན་པར་བགྲོད་པའི་བདེ་ལམ་གྱི་ལྷན་ཐབས་ལ། 6

6 བྱང་ཆུབ་ལམ་གྱི་རིམ་པ་བདེ་ལམ་གྱི་སྙིང་པོ་དང་ལམ་རིམ་རྣམ་གཞག་ལ། 10

7 ཡན་ལག་བདུན་པའི་རྣམ་བཤད་ཕན་བདེའི་ལམ་སྟོན་ལ། 6

8 བདེ་བར་གཤེགས་པ་སུམ་ཅུ་རྩ་ལྔ་ལ་བསྟོད་པའི་རབ་ཏུ་བྱེད་པ་གངྒྰའི་ཆུ་རྒྱུན།བློ་སྦྱོང་གཅིག་དང་ལྔ་པ།རང་ཉིད་ཀྱི་མཚན་བསྟོད་ལེ་ཚན།

མཚན་སྔགས་བཅས་ལ། 5

9 མན་ཌལ་གྱི་ཁྲིད་ཡིག་བསོད་ནམས་ཆེ་གཏེར་ལ། 9

10 ལམ་གྱི་གཙོ་བོ་གསུམ་གྱི་ཁྲིད་ཡིག་སྐལ་ལྡན་འཇུག་ངོགས་དང༌།ཏིང་ངེ་འཛིན་གྱི་དབང་བཞི་ལེན་ཚུལ།ཐུན་མོང་མ་ཡིན་པ་བཅས་ལ། 7

11 རྟེན་འབྲེལ་བསྟོད་པའི་ཚིག་དོན་ཉུང་ངུར་བཀྲོལ་བ་ཟབ་དོན་ལྟ་བའི་འདྲེན་བྱེད་ལ། 13

12 བློ་སྦྱོང་དོན་བདུན་མའི་ཡང་སྙིང་ཐེག་ཆེན་ལམ་གྱི་ལྡེ་མིག་ལ། 5

13 བློ་སྦྱོང་ཚིག་བརྒྱད་མའི་ཁྲིད་ཡིག་ཐེག་ཆེན་དགའ་སྟོན་སྙིང་པོ་ལ། 5

14 མ་ཅིག་གི་གཅོད་སྐོར་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། 46

15 གཅོད་བསྡུས་པ་ལ། 1

16 བླ་མཆོད་བདེ་སྟོང་དབྱེར་མེད་མའི་བསྡུས་དོན་ལ། 3

17 དཀོན་མཆོག་རྗེས་དྲན་གྱི་མདོ་འགྲེལ་དད་པའི་ལྕགས་ཀྱུ་ལ། 8

18 རྒྱལ་བའི་ཡོན་ཏན་མདོར་བསྡུས་པར་བརྗོད་པའི་གཏམ་དད་པའི་སྒོ་འབྱེད་ལ། 15

19 འཕགས་པ་སྒོ་དྲུག་པའི་གཟུངས་ཀྱི་རྣམ་བཤད་རབ་གསལ་སྒྲོན་མེ་ལ། 9

20 འཕགས་པ་འདའ་ཀ་ཡེ་ཤེས་ཀྱི་མདོ་འགྲེལ་འཇིགས་སེལ་ཀྱིལ་མ་ལ། 6

21 བར་དོ་འཕྲང་སྒྲོལ་གྱི་གསོལ་འདེབས་འཇིགས་སྒྲོལ་གྱི་དཔའ་བོའི་རྣམ་བཤད་པཎ་ཆེན་དགོངས་ལྡན་ལ། 14

22 སེམས་དང་སེམས་བྱུང་གི་ངོས་འཛིན་མདོར་བསྡུས་ཏེ་བརྗོད་པ་ཆོས་སྔོན་རྒྱ་མཚོའི་ཡང་སྙིང་ལ། 5

23 ཟག་མེད་གསུར་བསྔོའི་ཁྲིད་ཡིག་སྔོན་མེད་ལེགས་བཤད་མཐོང་བ་དོན་ལྡན་ལ། 13

24 འབྱུང་བཞི་གཏོར་མའི་བཤད་ཁྲིད་ལེགས་བཤད་གསར་པའི་དགའ་སྟོན་མཐོང་བ་འཛུམ་ཤོར་ལ། 14

25 བྲུལ་གཏོར་དཀོར་སྒྲིབ་དག་བྱད་ཟླ་ཤེལ་ཆུ་རྒྱུན་གྱི་ཁྲིད་ཡིག་གནད་ཀྱི་དོན་གསལ་ལ། 8

26 ཆབ་གཏོར་ཤྰཀ་ཐུབ་མའི་ཁྲིད་ཡིག་གནད་དོན་མཛུབ་བཙུགས་ལ། 7

27 ཛམྦྷ་ལ་རིགས་ལྔ་ལ་ཆེ་འབུལ་བའི་ཆོ་ག་དག་བྱེད་བདུད་རྩིའི་བུམ་བཟང་དང༌།ནོར་རྒྱུན་མར་ཆེ་འབུལ་ཚུལ་བཅས་ལ། 3

28 དགེ་ཚུལ་གྱི་བསླབ་བྱའི་སྡོམ་ཚིག་ལ། 3

29 སྡོམ་པ་གསུམ་གྱི་བསླབ་བྱའི་སྡོམ་ཚིག་གི་བསྡུས་དོན་ལ། 12

30 འདུལ་བ་རྒྱ་མཚོའི་སྙིང་པོའི་ཊིཀྐ་བློ་བཟང་དགོངས་དོན་གསལ་བའི་ཉིན་བྱེད་ལ། 13

436

31 འདུལ་བའི་སྐོར་གྱི་དཀར་ཆག་ལ། 1

32 འདུལ་བའི་སྐོར་ཁ་ཤས་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། 12

33 སྒྲུབ་ཐབས་དཀར་ཆག་ལ། 1

34 ཡི་དམ་སྒྲུབ་ཐབས་ཀྱི་རིམ་པ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། 47

35 ལྷག་ལྷའི་རྗེས་གནང་གི་དཀར་ཆག་ལ། 1

36 བདེ་མཆོག་ཚེ་ལྷ་དཀར་པོའི་ཚེ་དབང༌།ཐུན་མོང་མ་ཡིན་པ་སོགས་ལྷག་པའི་ལྷ་འགའ་ཞིག་གི་རྗེས་གནང་གཏོང་ཚུལ་ལ། 61

37 བསླབ་བྱ་རྗེས་འཛིན་གྱི་རིམ་པ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། 11

དཀར་ཆག་ལ། 3

00886 ང

1 མངོན་རྟོགས་ལྡན་གྱི་བསྡུས་དོན་ཤེར་ཕྱིན་ལྡེ་མིག་ལ། 12

2 བསྡུས་དོན་ས་བཅད་དཀར་ཆག་ལ། 1

3 བསྡུས་དོན་ས་བཅད་ཀྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། 43

4 ཐོར་བུའི་དཀར་ཆག་ལ། 2

5 མདོ་སྔགས་ཀྱི་བླ་བརྒྱུད་གསོལ་འདེབས་སོགས་གསུང་ཐོར་བུ་བ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། 51

6 དྲིས་ལན་གྱི་དཀར་ཆག་ལ། 2

7 དྲིས་ལན་གྱི་རིམ་པ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། 147

8 སྐོར་ཚད་དཀར་ཆག་ལ། 1

9 དཀར་ཆག་སྐོར་ཚད་ཀྱི་རིམ་པ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། 31

10 འཇིགས་བྱེད་བཅུ་གསུམ་མའི་དཀྱིལ་འཁོར་གྱི་ཐིག་རྩ་མན་ངག་ལུགས་སོགས་ཐིག་རྩ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། 6

11 མགོན་པོ་ཕྱུག་དྲུག་པའི་བསྙེན་ཡིག་མདོར་བསྡུས་གནད་ཚང་དང་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་བསྙེན་ཡིག་བཅས་ལ། 7

12 མགོན་དཀར་ཡིད་བཞིན་ནོར་བུའི་གསོལ་མཆོད་བཟླས་པ་མདོར་བསྡུས་ལ། 1

13 མགོན་དཀར་ཡིད་བཞིན་ནོར་བུའི་དབང་གི་སྦྱིན་སྲེག་ལ། 4

14 ཆོས་རྒྱལ་ནང་སྒྲུབ་ཀྱི་གཏོར་ཆེན་ཐུན་མོང་བའི་ཆོག་བསྒྲིགས་ལ། 5

15 ཆོས་སྐྱོང་རྗེས་གནང་གི་དཀར་ཆག་ལ། 1

16 ཞྭ་སེར་ཅོད་པན་འཆང་བའི་ཆོས་སྲུང་གཙོ་བོ་རྣམས་ཀྱི་རྗེས་གནང་བྱ་ཚུལ་ནོར་བུའི་ཕྲེང་བ་ལ། 32

17 ལྷ་ཆེན་ཚངས་པ་ཞི་དྲག་དང་ནེ་སེར་ཇོ་བོ་ཆེན་པོའི་རྗེས་གནང་གཏོང་ཚུལ་བློ་སྦྱོངས་སྙིང་གི་མུན་སེལ་ལ། 11

18 དཔལ་ལྡན་ཚོགས་ཀྱི་་བདག་པོའི་གཏོར་འབུལ་གྱི་དོན་བཤད་པ་ལ། 3

19 གཏོར་འབུལ་གསེར་སྐྱེམས་སོགས་ཀྱི་དཀར་ཆག་ལ། 1

20 བླ་མ་ཡི་དམ་ཆོས་སྲུང་གི་གཏོར་འབུལ་དང་གསེར་སྐྱེམས་མཆོད་འཕྲིན་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ།25

21 རབ་གནས་ལེགས་བཤད་གནད་བསྡུས་ལ། 5

22 རབ་གནས་ཤིན་ཏུ་བསྡུས་པ་ལ། 1

23 བརྒྱ་བཞིའི་ཆོ་ག་ཇི་ལྟར་བྱ་ཚུལ་ནག་འགྲོས་སུ་བཀོད་པ་ལ། 8

24 རྗེ་རང་ཉིད་ཀྱི་ཞབས་བརྟན་དང་གསོལ་འདེབས་ཚིགས་བཅད་བཅས་ལ། 1

25 རྗེ་གྲུ་འཛིན་པའི་བརྟན་བཞུགས་ལ། 1

26 བདེ་ཆེན་སྤྲུལ་པའི་སྐུའི་བརྟན་བཞུགས་ལ། 1

27 དབྱངས་ཅན་གྲུབ་པའི་རྡོ་རྗེའི་མཚན་བསྟོད་དང་བརྟན་བཞུགས་སོགས་ལ། 2

དཀར་ཆག་ལ། 2

00888 ཅ

1 ཡུལ་གངས་ཅན་གྱི་སྐད་སྐྱེ་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་རྣམ་བཤད་མཁས་མཆོག་སི་ཏུའི་ཞལ་ལུང་ལ། 26

2 འགྲེལ་པ་དེ་དང་མཐུན་པའི་སུམ་རྟགས་ཀྱི་རྩ་བ་ལ། 4

3 སུམ་རྟགས་ཀྱི་རྣམ་བཤད་ནོར་བུ་ཀེ་ཏ་ཀའི་དོ་ཤལ་དུ་འབོད་པའི་དགག་ལན་ཚངས་པའི་ཐིག་གི་བྲན་ཟླ་ལ། 8

4 མངོན་བརྗོད་སྐྱེ་བསྟན་བཅོས་རྒྱ་མཚོའི་ཆེ་ཐིགས་དང༌།དག་ཡིག་མདོར་བསྡུས་བཅས་ལ། 13

5 གྲངས་ཀྱི་མངོན་བརྗོད་ཀྱི་རྣམ་བཤད་ལ། 8

6 སྙན་ངག་དཔེར་བརྗོད་དང་མཚུངས་པ་གསལ་བྱེད་ཀྱི་སྒྲའི་དོགས་གཅོད་བཅས་ལ། 10

7 སྙན་ངག་མེ་ལོང་གི་ནང་ནས་གབ་ཚིག་གི་སྙན་ངག་ལོགས་སུ་བཀོལ་ཏེ་བཤད་པ་ལ། 9

8 སྙན་ངག་གི་བསྟན་བཅོས་རྒྱ་མཚོའི་སྙིང་པོ་ལ། 5

9 ཡིག་བསྐུར་རྣམ་གཞག་མདོར་བསྡུས་ལ། 8

10 ཞུ་འཕྲིན་གྱི་རིམ་པ་ཕྱོགས་གཅིག་ཏུ་བསྡེབས་པ་ཁ་བའི་དུས་ཀྱི་མེ་ཏོག་ལ། 17

11 སྒྲའི་ས་བཅད་ལ། 1

12 ཉེ་བསྒྱུར་ཉི་ཤུའི་བཤད་སྦྱརརྒྱ་མཚོའི་ཆེ་ཐིགས་ལ། 1

13 མཁས་གྲུབ་ངག་དབང་རྡོ་རྗེས་མཛད་པའི་སྔགས་ཀྱི་ཡི་གེའི་ཀློག་ཚུལ་དངོས་བསྟན་པ།དབང་པོའི་སྡེས་མཛད་པའི་ལེགས་སྦྱར་སྨྲ་བའི་སྒྲོན་མེ།དེའི་ས་བཅད་རྗེ་རང་ཉིད་ཀྱིས་མཛད་པ་བཅས་ལ། 4

14 སྔགས་ཀྱི་ཀློག་ཚུལ་དངོས་བསྟན་པ་མདོར་བསྡུས་ཀྱི་འགྲེལ་པ་དཔེར་བརྗོད་དང་བཅས་པ་ལ། 8

15 ལེགས་ལྡན་གཟའ་ལྔ་ཉིན་ཞག་མའི་མགྱོགས་སྟེར་བསྒྲུབ་ཚུལ་ལ། 4

16 ལམ་རིམ་བླ་མ་བརྒྱུད་པའི་སྣང་བརྙན་འབྲི་ཚུལ་ལ། 6

17 ལམ་གྱི་གཙོ་བོ་རྣམ་གསུམ་གྱི་ཊིཀྐ་ཚིག་དོན་རབ་ཏུ་གསལ་བར་བྱེད་པའི་སྒྲོན་མེ་ལ། 13

18 ཕྱུག་རྡོར་དྲག་པོ་གསུམ་སྒྲིལ་གྱི་སྒོམ་བཟླས་དང་རྗེས་གནང་ཟིན་བྲིས་ལ། 7

19 བཅོམ་ལྡན་འདས་མ་ཀུ་རུ་ཀུལླེའི་འཁོར་ལོའི་ལས་ཚོགས་ལ། 3

20 བླ་རྩིས་དཀར་ཆག་ལ། 1

21 བླ་རྩིས་མདོར་བསྡུས་ལ། 12

22 འཇིག་ལྷའི་གསོལ་མཆོད་དཀར་ཆག་ལ། 1

23 འཇིག་རྟེན་གྱི་ལྷ་སྲུང་འགའི་གསོལ་མཆོད་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། 20

24 བདེ་ཅན་སྨོན་ལམ་ལ། 1

25 ཡིད་ལ་སྨོན་པའི་དོན་ཚིགས་བཅད་དུ་བསྒྲིགས་པ་ལ། 1

26 རྗེ་ཉིད་ཀྱི་གསུང་ལ་ཐུགས་སྲས་རྗེ་གྲུ་འཛིན་པས་ཟིན་བྲིས་མཛད་པ་ཁ་ཤས་པར་དུ་བསྒྲུབས་པ་ལས་བླ་མཆོད་བདེ་སྟོང་དབྱེར་མེད་མ་དེའི་འཕོ་27

རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བསྐྱེད་རྫོགས་ཀྱི་ཟིན་བྲིས་མཁའ་སྤྱོད་བགྲོད་པའི་

གསང་ལམ་སྙིང་གི་ཐིག་ལེ་ལ། 57

28 དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་བསྐྱེད་རིམ་གྱི་ཟིན་བྲིས་དྲང་སྲོང་བླ་མའི་ཞལ་ལུང་ལ། 86

29 དེའི་བསྐྱེད་རིམ་གྱི་ས་བཅད་ལ། 1

30 དེའི་རིམ་པ་གཉིས་པའི་ལམ་ལ་ཇི་ལྟར་བགྲོད་པའི་ཚུལ་གྱི་ཟིན་བྲིས་གསང་ཆེན་མྱུར་ལམ་ས་བཅད་བཅས་ལ། 26

00889 ཆ

1 བླ་མ་ལྔ་བཅུ་པའི་ཟིན་བྲིས་འདོད་རྒུའི་བུམ་བཟང་ལ། 16

2 རྩ་ལྟུང་སྦོམ་པོའི་ཟིན་བྲིས་ལ། 10

3 བྱང་སེམས་ཀྱི་་བསླབ་བྱའི་ཟིན་བྲིས་བྱང་ཆུབ་གཞུང་ལམ་སྙིང་པོ་ལ། 20

4 བྱང་ཆུབ་ལམ་ཀྱི་རིམ་པའི་དམར་ཁྲིད་ཐམས་ཅད་མཁྱེན་པར་བགྲོད་པའི་བདེ་ལམ་གྱི་ཟིན་བྲིས་རིན་ཆེན་བང་མཛོད་ལ། 133

5 གྲུབ་ཆེན་དྲིལ་བུ་ལུགས་ཀྱི་་བདེ་མཆོག་ལྷ་ལྔའི་བསྐྱེད་རིམ་གྱི་ཟིན་བྲིས་བདེ་ཆེན་ཡང་སྙིང་ལ། 52

6 ཟབ་ལམ་ཕྱུག་རྒྱ་ཆེན་པོའི་རྩ་བརྒྱལ་བའི་གཞུང་ལམ་གྱི་སྟེང་ནས་ཟབ་ཁྲིད་གནང་སྐབས་ཀྱི་ཟིན་བྲིས་འཁྲུལ་པ་ཀུན་སེལ་ལ། 28

7 གཅོད་ཤོག་གཅིག་མའི་བཀའ་བཤད་ཟིན་བྲིས་དང་ཐུགས་རྟེན་འཛུགས་ཚུལ་གྱི་ལག་ལེན་ཟིན་བྲིས་བཅས་ལ། 12

8 སྙིང་པོ་དོན་གསུམ་གྱི་ཟིན་བྲིས་གྲུབ་ཆེན་ཞལ་ལུང་གསལ་བའི་མེ་ལོང་ལ། 15

9 གཏོར་མ་བརྒྱ་རྩའི་ཟིན་བྲིས་སྐལ་ལྡན་ཡིད་ཀྱི་རེ་སྐོང་ལ། 27

10 ཐུན་དྲུག་ཆོ་གའི་དམིགས་རིམ་ཟིན་བྲིས་སྐལ་བཟང་རྣ་བའི་མཛེས་ལྡན་ལ། 14

11 བློ་སྦྱོང་དོན་བདུན་མའི་ཟིན་བྲིས་རྒྱལ་སྲས་སྙིང་ནོར་ལ། 93

12 ནྰ་རོཆོས་དྲུག་གི་ཟིན་བྲིས་ཡིད་ཆེས་དགོངས་ལྡན་ལ། 45

དཀར་ཆག་ལ། 1

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།དངུལ་ཆུ་བླ་མ་ཆོས་བཟང་ངམ་དྷརྨ་བྷ་དྲ་ནི་གཙང་གཡས་རུའི་ཆ་རོང་སྟོད་ཕྱུག་མོའི་ཡུལ་དུ་ཡབ་བཀྲ་ཤིས་དཔལ་འབྱོར་དང༌།ཡུམ་མཁའ་འགྲོ་དཔལ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ཆེ་འབྲུག 1772 ལོ་ལ་འཁྲུངས།ཡུལ་དེར་ཡི་གེ་ཤེས་མཁན་དཀོན་པ་དང༌།ཁྱིམ་གྱི་འཚོ་བར་དཀའ་བའི་དབང་གིས་དགུང་ལོ་བཅུ་གཅིག་པའི་ཐོག་ད་གཟོད་སྐུ་ཞང་རྒན་པོ་ལྷ་བུ་ཞེས་པ་གཅིག་ཡོད་པ་དེའི་མདུན་ནས་ཀ་ཁ་སྦྱོང་བའི་དབུ་བཙུགས།དེ་ནས་མུ་མཐུད་དེ་ཡི་གེ་ཤེས་མཁས་སུ་དང་ཐུག་ཀྱང་ཅུང་ཟད་རེ་སྦྱོང་ཞིང༌།ར་ལུག་རྫི་བོ་བྱེད་ཞོར་རྡོ་ལེབ་ངོས་འཇམ་དང༌།ས་གཞི་ངོས་སྙོམས་སོགས་ལ་མཛུབ་མོས་ཡི་གེ་བྲིས་ནས་མཛུབ་རྩེ་ཐེངས་མང་རྡོལ་ཀྱང་ཅི་མི་སྙམ་པར་རྒྱུན་འཁྱོངས་མཛད་དེ་ཡུན་མི་རིང་བར་དབུ་ཆེན་དབུ་ཆུང་ཚང་མ་འབྲི་ཤེས་པར་གྱུར།ཁྱིམ་ན་ཇོ་ཇོ་རྟ་མགྲིན་དབང་རྒྱལ་མིན་པ་དེ་མིན་བྲན་རྣམས་ལོ་ན་ཕྲ་བས།ཁོང་ནི་ཡབ་ཡུམ་གྱི་སྲི་ཞུ་དང་ར་ལུག་འཚོ་བ་སོགས་གོ་ཆོད་པ་ཞིག་ཡོད་པས།ཡུན་རིང་པོར་ཁྱིམ་དུ་གནས་དགོས་བྱུང༌།འོན་ཀྱང་ཡི་གེ་འབྲི་ཀློག་ལ་ཐོགས་པ་མེད་པར་གྱུར།ཁོང་དགུང་ལོ་བཅུ་གསུམ་བཞེས་པ་ན།བཀྲ་ཤིས་དགེ་འཕེལ་གྱི་གྲྭ་བཙུན་མང་པོས་ཡབ་ཡུམ་ལ་ཁོང་གྲྭ་པ་བྱེད་དགོས་པར་བསྐུལ་བར་བརྟེན་དགུང་ལོ་བཅུ་བཞི་པ་ཤིང་མོ་སྦྲུལ་གྱི་ལོའི་ཟླ་བ་དང་པོར་བཀྲ་ཤིས་དགེ་འཕེལ་གྱི་ཆོས་གྲྭར་ཞུགས།སློབ་དཔོན་བློ་བཟང་རྒྱལ་མཚན་ལ་གཙུག་ཕུད་ཕུལ་ནས་མཚན་བློ་བཟང་ཚེ་རིང་དུ་གསོལ།ལོ་དེའི་ཟླ་བ་བཞི་པའི་ཚེས་བཅོ་ལྔའི་ཕྱི་དྲོར་མཁན་ཆེན་ངག་དབང་རྡོ་རྗེའི་དྲུང་དུ་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་རིམ་ཅན་དུ་བཞེས།དགུང་ལོ་བཅུ་དྲུག་པ་མེ་ལུག་ལོའི་སྟོན་ཁར་ཡོངས་འཛིན་ས་ནས་ཟུར་དུ་བཞུགས།སྐབས་དེར་སྐུ་ཆས་ཤིན་ཏུ་ཞན་མོད།ཚོགས་པ་ན་འགྱེད་ཆུང་རེ་རྙེད་ནའང་དཔེ་ཆ་བླུ་བ་སོགས་མཛད་ནས་རང་གི་འཚོ་བ་ཧ་ཅང་ངན་ངོན་ཁོ་ནར་བསྟེན།དགུང་ལོ་བཅོ་བརྒྱད་པར་གཅེན་པོ་རྟ་མགྲིན་དབང་རྒྱལ་དགུང་ལོ་ཉི་ཤུའི་ཐོག་སྐུ་གཤེགས་པར་བརྟེན།རང་ཁྱིམ་དུ་ཡབ་ཡུམ་ལ་སེམས་གསོའི་ཆེད་དུ་ཕེབས་ཏེ་བསྔོ་སྨོན་སོགས་འདོན།དགུང་ལོ་བཅུ་དགུ་ལ་ཕེབས་སྐབས་ཁོང་གི་ཡུམ་དང་སྲུ་མོ་གཉིས་སྔ་རྟིང་གིས་གཤེགས་ནས།ཡབ་རྒད་པོ་གཅིག་པུར་ལུས་པ་ལ་ཐུགས་ཡིད་སྐྱོ་ནས་དབེན་པ་ཞིག་ལ་སྒྲུབ་པ་རྩེ་གཅིག་ཏུ་བཞུགས་རྒྱུ་བླ་མའི་བཀའ་མཆན་ཐོབ་སྟེ་དགུང་ལོ་ཉི་ཤུ་ལོར་དངུལ་ཆུ་རི་ཁྲོད་དུ་ཕེབས།ལོ་དེའི་ཟླ་བ་བཅུ་པར་སློབ་དཔོན་ཡེ་ཤེས་དཔལ་གྲུབ་དྲུང་ནས་དགེ་སློང་གི་སྡོམ་པ་མནོས།དགུང་ལོ་ཉེར་གཅིག་པར་བློ་བཟང་བསྐལ་བཟང་ཆོས་རྒྱལ་སློབ་དཔོན་དུ་བསྟེན་ནས་གསན་སྦྱོང་མཛད།བླ་མའི་གསུང་རྩོམ་འགའི་ཕྱུག་བྲིས་ཀྱང་ཁོང་གིས་མཛད།དགུང་ལོ་ཉེར་གཉིས་ནས་སོ་གཉིས་པར་ལོ་བཅུའི་རིང་བཀྲ་ཤིས་ལྷུན་པོར་ཐེངས་མང་ཕེབས་ཏེ་འབྲོང་རྩེ་བློ་བཟང་ཚུལ་ཁྲིམས་དང༌།གུ་གེ་ཡོངས་འཛིན་བློ་བཟང་བསྟན་འཛིན།གྲུབ་དབང་བསྐལ་བཟང་ཆོས་རྒྱལ་སོགས་མཁས་གྲུ་དུ་མའི་དྲུང་ནས་མདོ་སྔགས་ཀྱི་ཆོས་གསན།ཁྱད་པར་རྗེ་དྲུང་བློ་བཟང་དགེ་འདུན་དྲུང་དུ་སྒྲ་དང༌།སྙན་ངགསུམ་རྟགས།མངོན་བརྗོད།སྡེབ་སྦྱོར་སོགས་གསན།མདོར་ན་རིག་གནས་ཆེ་ཕྲ་ཀུན་ལ་མཁས་པ་ཆེན་པོར་གྱུར་ཏེ་མཁས་གྲུབ་ཀྱི་གྲགས་པ་ཀུན་ཏུ་ཁྱབ་བོ།།དགུང་ལོ་སོ་གཅིག་བཞེས་པའི་ལོ་དེའི་ཟླ་བ་དགུ་པར་ཡབ་འདས།དགུང་ལོ་སོ་གཉིས་པར་རྩ་བའི་སློབ་དཔོན་མཁས་གྲུབ་ཆེན་པོ་ངག་དབང་རྡོ་རྗེ་སྐུ་གཤེགས།དགུང་ལོ་སོ་ལྔ་པ་ནས་སྒྲུབ་པ་ཉམས་ལེན་གཙོ་བོར་མཛད།ཁྱད་པར་ཞེ་གཅིག་པ་ནས་རང་གཡོག་རང་གིས་བྱས་ཏེ་ཆེ་ལེན་པའང་དགེ་སློང་ཁ་ཅིག་ལ་བཅོལ་ཏེ།ཉེ་གཉེན་སོགས་སྐུ་འཁོར་ཚང་མ་གདན་སར་བརྫངས།དེ་ནས་བཟུང་དགུང་ལོ་བརྒྱད་ཅུའི་བར་གྲུ་འཛིན་དུ་འཆད་ཉན་མཛད་པར་ཐེངས་འགའ་ཕེབས་པ་མ་གཏོགས་དུས་ཕལ་ཆེ་བ་དངུལ་ཆུ་རི་ཁྲོད་དུ་སྒྲུབ་པ་ཁོ་ནས་དུས་འདའ་བར་མཛད།དགུང་ལོ་བརྒྱད་ཅུ་སྟེ་ལྕགས་ཕག 1851 ལོ་ཟླ་བ་བཞི་པའི་ཚེས་བརྒྱད་ཀྱི་ཕྱིར་དྲོར་དངུལ་ཆུ་རི་ཁྲོད་དུ་སྐུ་གཤེགས།འདིར་གསུང་འབུམ་པོད་དྲུག་བཞུགས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn      

བརྒྱུད་འགོད།