བིས་པ་མི་ཕམ་ངག་དབང་ཟླ་བའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-05-05 11:58:45     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

པར་པོད།ཤོག་གྲངས།

00873 ཀ་

1 རྗེ་བཙུན་བླ་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོའི་རྣམ་པར་ཐར་པ་ངོ་མཚར་རྨད་དུ་བྱུང་བའི་གཏམ་པདྨ་དཀར་པོའི་ཆེན་པོ་ལ། 31

2 འཇམ་དབྱངས་ཆོས་ཀྱི་རྒྱལ་པོ་ནག་དབང་དགེ་འདུན་ཟླ་བ་གྲགས་པའི་འཁྲུངས་རབས་དང་འབྲེལ་བའི་རྣམ་པར་ཐར་པ་ངོ་མཚར་གསེར་གྱི་སྒོ་མང་ལ།

00874 ཁ་

1 རྒྱལ་བ་གཉིས་པའི་ཞལ་ལུང་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་གདམས་པའི་དོན་རྒྱ་ཆེར་བཤད་པ་དམིགས་ཁྲིད་དང་བཅས་པ་ངོ་མཚར་ཞིང་དུ་བགྲོད་པའི་མྱུར་ལམ་འཇམ་དཔལ་སྙིང་པོ་ལ། 36

2 བྱང་ཆུབ་སེམས་སྦྱོང་གི་གདམས་པ་གཞན་ཕན་མེ་ཏོག་བཅུད་ལེན་ལ། 9

3 ལེགས་བཤད་ཕྲང་རྩིའི་སྙིང་པོ་ལ། 4

4 བསླབ་བྱ་ཕྲང་རྩིའི་སྙིང་པོའི་རང་འགྲེལ་ཕྲང་རྩིའི་ཟ་མ་ཏོག་ལ། 6

5 ཕྱག་ཆེན་གངྒྰ་མའི་འགྲེལ་པ་ལ། 10

6 དགེ་ལྡན་ཕྱུག་རྒྱ་ཆེན་པོའི་གདམས་ངག་ངོ་མཚར་ལྟ་བའི་མེ་ལོང་ལ། 16

7 ཕྱག་ཆེན་ཉམས་མགུར་དྲི་མེད་རྡོ་རྗེའི་གསུང་གི་དཀའ་འགྲེལ་ཟབ་གསལ་མེ་ལོང་ལ། 8

8 ལྟ་བའི་གསུང་མགུར་གྱི་ཊིཀྐ་ལེགས་བཤད་མཐོང་བ་དོན་ལྡན་ལ། 14

9 ཟབ་མོ་དེ་ཁོ་ན་ཉིད་ཀྱི་དོན་ལ་དཔྱད་པ་རྣམ་པར་རྡོག་པའི་འགྱུ་འཁྲིལ་ལ། 7

10 བསླབ་པ་གསུམ་གྱི་དཀའ་གནས་རྣམ་པར་བཤད་པ་མཁས་པའི་ཡིད་འཕྲོག་ལ། 12

11 དམ་པའི་ཆོས་ལ་བསྐུལ་བའི་བསླབ་བྱ་མདོར་བསྡུས་བདུད་རྩིའི་ཡང་ཞུན་ལ། 3

12 ཟིན་བྲིས་ཉིན་བྱེད་འདྲེན་པའི་སྐྱ་རེངས་ལ། 6

13 མཁས་གྲུབ་ཆེན་པོ་སྟག་གེ་རིན་པོ་ཆེའི་མཆོག་སྤྲུལ་བསྟན་པ་རབ་རྒྱས་བཀའ་འདྲིའི་ལན་མཁས་པའི་དགྱེས་རོལ་ལ། 8

14 ཉེ་གནས་རྒྱལ་མཚན་པས་དྲི་བ་མི་འདྲ་བ་འགའ་ཞིག་སྔ་ཕྱིར་བྱས་པའི་ལན་ཚིགས་སུ་བཅད་པ་རིགས་པ་རྒྱུད་

མང་ལ། 7

15 དྲིས་ལན་དོན་གསལ་མེ་ལོང་ལ། 5

16 འཕྲིན་ཡིག་གི་རྣམ་གཞག་བློ་གྲོས་སྒོ་བརྒྱ་འབྱེད་པའི་ལེགས་བཤད་འཕྲུལ་གྱི་ལྡེ་མིག་ལ། 38

00875 ག་

1 བྱང་ཆུབ་ལམ་གྱི་རིམ་པའི་ཟིན་བྲིས་སྙན་བརྒྱུད་རྡོ་ཡི་རི་མོ་ལ། 5

2 རོང་པོ་དཔལ་གྱི་དགོན་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པརརྒྱལ་བ་བདེ་ཆེན་ཆོས་འཁོར་གླིང་གི་གནས་ཀྱི་རང་བཞིན་མདོ་ཙམ་བསྔགས་པ་དབྱངས་ཅན་འཛུམ་པའི་རོལ་མོ་ལ། 6

3 ཆོས་སྡེ་ཆེན་པོ་བཀྲ་ཤིས་དར་རྒྱས་གླིང་གི་བསྔགས་པ་བརྗོད་པ་མེ་ཏོག་གཡོ་བའི་འཁྲི་ཤིང་ལ། 10

4 འཁོར་ལོ་སྡོམ་པ་དྲིལ་བུ་ལུགས་ཀྱི་བླ་བརྒྱུད་ལ། 4

5 བླ་མ་འཁོར་ལོ་སྡོམ་པའི་རྣལ་འབྱོར་ཉམས་སུ་ལེན་ཚུལ་དངོས་གྲུབ་གསེར་གྱི་འབྱུང་ཁུངས་ལ། 11

6 བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་གྱི་ཆོ་ག་པད་དཀར་དགོངས་ལྡན་ལ། 11

7 བདེ་བ་ཅན་དུ་སྐྱེ་བའི་ཚོགས་གསོག་དག་ཞིང་སྒོ་འབྱེད་ལ། 8

8 ལྷ་མོ་ཤྲམ་ནའི་སྒྲུབ་བསྙེན་གྱི་ཡི་གེ་ཀུན་གསལ་ནོར་བུའི་མེ་ལོང་ལ། 12

9 བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ཆོ་ག་འཆི་མེད་གྲུབ་པའི་བཅུད་ལེན་

ལ། 13

10 བཅོམ་ལྡན་འདས་ཚེ་དཔག་མེད་ལྷ་དགུའི་དཀྱིལ་ཆོག་གསལ་བར་བཀོད་པ་ཟབ་དོན་གསེར་གྱི་ཤིང་རྟ་ལ། 14

11 གྲུབ་དབང་དཔལ་མོ་ལུགས་ཀྱི་སྤྱན་རས་གཟིགས་ཞལ་བཅུ་གཅིག་པའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཚུལ་གསལ་བར་བཤད་པ་པདྨ་དཀར་པོའི་ཕྲེང་བ་ལ། 9

12 ཚེ་རྟ་མགོན་གསུམ་གྱི་རྗེས་གནང་བྱ་ཚུལ་དགེ་ལེགས་འོད་འབར་ལ། 15

13 འབུམ་ཁང་གི་སྲོག་ཤིང་དང་གནོད་སྦྱིན་ཚོགས་བདག་འཁོར་ལོ་བུམ་གཏེར་རྣམས་ལྷན་ཅིག་ཏུ་སྒྲུབ་ཚུལ་རབ་གནས་དང་བཅས་པ་ལ། 7

14 སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དབྱངས་ཅན་དགྱེས་པའི་མཆོད་སྤྲིན་སོགས་

གསུང་ཐོར་བུའི་སྐོར་ལ། 17

15 རྒྱལ་བའི་སྲས་པོ་ངག་དབང་མི་ཕམ་ཟླ་བའི་ཞལ་སྔ་ནས་གསུང་འབུམ་གྱི་དཀར་ཆག་གསལ་བར་བཀོད་པ་རྫོགས་ལྡན་ངག་གི་རང་སྒྲ་ལ། 22

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།བིས་པ་མི་ཕམ་ངག་དབང་ཟླ་བ་ནི་མར་ནང་ཚོ་ལྔར་བིས་ཐང་འཇམ་མོའི་རིགས་སུ་རབ་བྱུང་བཅུ་གསུམ་པའི་མེ་ཕག 1767 ལོར་འཁྲུངས།མཁན་ཆེན་དངོས་སློབ་བིས་པ་དགེ་བཤེས་ཤེས་རབ་བསྟན་འཛིན་གྱི་སྤྲུལ་སྐུར་ངོས་འཛིན་ཞུས།དགུང་ལོ་བཅུ་གསུམ་ལ་ཆོས་གྲྭར་ཞུགས།རིགས་སྨྲ་རྩེར་སོན་བདེ་ཆེན་པ་ཤེས་རབ་འོད་ཟེར་ལ་སུམ་རྟགས་སོགས་དང༌།ཨ་ཁྱུང་ངག་དབང་མཁྱེན་རབ་ལ་སྙན་དངགས་གསན།དགུང་ལོ་ཉི་ཤུ་ར་ཕེབས་སྐབས་ཤར་མཆོག་

སྤྲུལ་སྐུ་རིན་པོ་ཆེ་ལས་བསྙེན་པར་རྫོགས།རྗེ་འདིས་ལྕང་ལུང་ཁྲི་རྒན་དང་ཐུའུ་བཀྭན་སོགས་ལ་མདོ་སྔགས་ཀྱི་ཆོས་མང་དུ་གསན།དགུང་ལོ་ཞེ་གཅིག་ལོར་ཚོགས་ཆེན་གྱི་ཁྲིར་ཕེབས།སྐུ་ཚེ་སྨད་ཀྱི་མཛད་པ་མ་རྙེད་པས་འདིར་འབྲི་མ་སྤོབས།གསུམ་འབུམ་པོད་གསུམ་བཞུགས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn   

བརྒྱུད་འགོད།