སྟག་ཕུ་སྤྲུལ་སྐུ་བློ་བཟང་ཆོས་ཀྱི་དབང་ཕྱུག་གམ་གར་གྱི་དབང་པོའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-05-05 11:57:52     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

བྲིས་བོད།ཤོག་གྲངས།

00865 ཀ་

1 གསོལ་འདེབས་བྱིན་རླབས་ཐུགས་རྗེའི་ཆར་རྒྱུན་ལ། 3

2 བླ་མའི་རྣལ་འབྱོར་ཉམས་སུ་ལེན་ཚུལ་ཟུང་འཇུག་བགྲོད་བའི་མྱུར་ལམ་ལ། 11

3 འཕགས་མཆོག་ཕྱུག་ན་པདྨོ་ཐུགས་སྲས་སྤྲུལ་པ་མཆེད་བདུན་དང་བཅས་པར་གསོལ་བ་འདེབས་ཚུལ་ལ། 4

4 རྣལ་འབྱོར་དབང་ཕྱུག་མི་ཏྲ་ཛོ་ཀིས་གསུངས་པའི་གསོལ་འདེབས་ལ། 3

5 གསོལ་འདེབས་སྙན་ཚིག་འདབ་བརྒྱ་བཀྲ་བའི་དོ་ཤལ་ལ། 3

6 བ་སོ་རྗེ་དྲུང་མཆོག་གི་སྤྲུལ་སྐུ་རིན་པོ་ཆེའི་འཁྲུངས་རབས་གསོལ་འདེབས་ལ། 5

7 བཀའ་གདམས་ལྷ་བཞི་གཙོ་གྱུར་གྱི་བླ་མའི་རྣལ་འབྱོར་ལ། 4

8 འཕགས་པ་བཅུ་གཅིག་ཞལ་གྱི་སྒྲུབ་ཐབས་བསགས་སྦྱངས་དང་བཅས་པ་ཇི་ལྟར་བྱ་བའི་ཚུལ་ལ། 6

9 རྗེ་ས་སྐྱ་པའི་གསེར་ཆོས་བཅུ་བཞིའི་ནང་ཚན་འཕགས་པ་སེང་ཧ་ནྰ་དའི་སྒོ་ནས་ངག་གི་ཉེས་སྐྱོན་སྦྱོང་བའི་མན་

ངག་ཡིད་ཆེས་གསུམ་ལྡན་ལ། 4

10 རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས་ཉུང་ངུ་སྙིང་པོ་ལ། 2

11 འཚོ་བྱེད་རྣམས་ལ་ཉེ་བར་མཁོ་བའི་གཅེས་བསྡུས་ལ། 7

12 འཕགས་པ་ཛམྦྷ་ལ་ནག་པོའི་སྒྲུབ་ཐབས་ལ། 4

13 དགའ་ལྡན་ཕྱུག་རྒྱ་ཆེན་པོའི་མན་ངག་གི་གནད་གསལ་བར་སྟོན་པའི་ཡིག་ཆུང་གསང་བའི་མཛོད་ལ། 5

14 སྤྲང་སྨྱོན་དྷརྨའི་མིང་ཅན་གྱི་འཆལ་གཏམ་ལ། 11

15 སྒྲ་ཆུང་གདུང་སེལ་བདུད་རྩིའི་ཆར་རྒྱུན་ལ། 3

16 དབེན་གནས་བྷོ་རྡི་དི་པའི་གནས་ཀྱི་ཡོན་ཏན་བརྗོད་པའི་གཏམ་ལ། 10

17 ཡ་མཚན་སྲོག་ཆགས་དཀར་པོ་བདེ་འགྲོར་བགྲོད་པའི་འཆལ་གཏམ་ལ། 4

18 ཆབ་ཤོག་གི་རིམ་པ་ཐོར་བུ་འགའ་ཞིག་ལ། 29

19 སྒྲོལ་མ་ལ་བརྟེན་པའི་ཀླུའི་གདོན་འགྲོལ་གྱི་ཆོ་ག་ལ། 11

20 འཕོངས་པ་སེལ་བའི་སྒྲོལ་མའི་སྒོ་ནས་བུམ་གཏེར་སྒྲུབ་ཚུལ་ལ། 6

21 བཅོམ་ལྡན་འདས་ཀླུའི་དབང་ཕྱུག་རྒྱལ་པོའི་སྒོ་ནས་ཆར་འབེམས་བྱ་ཚུལ་ལ། 4

22 ཆར་འབེབས་ངོ་མཚར་བདུད་རྩིའི་ཆུ་རྒྱུན་ལ་ཉེ་བར་མཁོ་བའི་མན་ངག་ལ། 3

23 གང་ཟག་ཁྱད་པར་ཅན་གྱི་བྲར་ལ་ཁྲུས་ཆོག་དང་དབང་བསྐུར་བྱ་ཚུལ་ཆོག་སྒྲིག་ལ། 4

24 སྟག་གདོང་རི་བོ་དཔལ་འབར་གྱི་ཆོས་སྡེའི་བཅའ་ཡིག་ལ། 9

25 གཡབ་ཁྲབ་རི་བོ་མདངས་ལྡན་གྱི་ཆོས་སྡེའི་བཅའ་ཡིག་ལ། 8

26 རྟེན་འཛུགས་བྱ་ཚུལ་ལ། 3

27 ཚེ་ནོར་གྱི་ལྷའི་སྒོ་ནས་དངོས་གྲུབ་འགུགས་ཚུལ་ལ། 4

28 དཔལ་ལྡན་ལྷ་མོ་ལ་མཆོད་གཏོར་འབུལ་ཚུལ་ལ། 2

29 བསྟན་སྲུང་ཆེན་མོ་དམག་ཟོར་རྒྱལ་མོ་ལ་གསོལ་མཆོད་བྱ་ཚུལ་དེ་ཝེ་དགྱེས་པ་ལ། 2

30 བཀའ་སྲུང་ཆེན་མོ་ཧེ་ལེ་འབར་མའི་གསོལ་མཆོད་ལ། 3

31 རྟ་སྦྱོས་ཆོས་འཁོར་གླིང་གི་རྒྱབ་རིར་བཞུགས་པའི་འདོད་ཁམས་དབང་མོ་མཆེད་གསུམ་གྱི་གསོལ་མཆོད་ལ། 4

32 རྒྱལ་བའི་བཀའ་སྲུང་རྒྱལ་ཆེན་མེ་ལོང་གདོང་གི་སྒྲུབ་ཐབས་བསྐང་བཤགས་བསྟོད་པ་དང་བཅས་པ་ལ། 5

33 གཉན་སྲས་ནགས་ལྷ་ཛབྷར་རྟེན་འཛུགས་བྱ་ཚུལ་ལ། 3

34 བཙན་རྒོད་གཉན་རྗེརྒྱལ་བ་ཐོད་དཀར་གྱི་བསྐང་བཤགས་བསྟོད་པ་འཕྲིན་བཅོལ་དང་བཅས་པ་ལ། 5

35 ཡུལ་སྐྱོང་མགོན་ལྷ་དཀར་པོའི་གསོལ་མཆོད་བྱ་ཚུལ་ལ། 9

36 སྲས་མཆོག་ཁྱུང་རི་སྨུག་པོ་ལ་གསོལ་མཆོད་བྱ་ཚུལ་ལ། 2

37 གཉན་སྲས་ནགས་ལྷའི་བཀའ་སྡོད་ལས་བྱེད་ཆེན་པོ་ཇོ་བོ་རྐྱང་རི་རྔོག་ནག་ལ་གསོལ་མཆོད་བྱ་ཚུལ་ལ། 3

38 ཕོ་ཉ་ཆེན་པོ་བསམ་བྷ་རི་རྫོང་གི་གསོལ་མཆོད་ལ། 3

39 མེ་མོའི་གནས་བདག་དགེ་བསྙེན་ཆེན་པོའི་གསོལ་མཆོད་ལ། 2

40 རྒྱེ་ཚ་བྲག་དཀར་ལ་གསོལ་མཆོད་བྱ་ཚུལ་ལ། 2

41 གཡོམ་པ་བའི་གཞི་བདག་གཉུག་མར་གནས་པ་བྲག་བཙན་གཡུང་དྲུང་རྡོ་རྗེའི་གསོལ་ཀ་ལ། 3

42 དམུག་གུ་དིལ་ཡག་གི་ཀླུ་དབང་གཟི་ལྡན་དབང་མོ་ལ་གསོལ་མཆོད་བྱ་ཚུལ་ལ། 4

43 བླ་མ་སངས་རྒྱས་བྱང་སེམས་ཀྱི་་བསྟོད་ཚོགས་ཞབས་བརྟན་གསོལ་འདེབས་བདེན་ཚིག་སྨོན་ལམ་གྱི་རིམ་པ་

ཕྱོགས་གཅིག་ཏུ་བཀོད་པ་ལ། 44

44 དགའ་ལྡན་ཕྱུག་རྒྱ་ཆེན་པོའི་མན་ངག་ལས་བརྩམས་པའི་དྲིས་ལན་ཟབ་དོན་ལ། 27

45 གནམ་མཚོ་ཕྱུག་མོའི་གནས་ཀྱི་དཀྱིལ་འཁོརརྒྱ་མཚོའི་ལྷ་ཚོགས་ལ་གསོལ་མཆོད་བྱ་ཚུལ་ལ། 7

46 ཟངས་མདོག་དཔལ་རི་དང་འདོད་ཁམས་དབང་ཕྱུག་བཅས་ཀྱི་གསོལ་མཆོད་ལ། 4

47 ནགས་སོག་ཡུལ་གྲུ་ཟུང་གི་གཞི་བདག་སྤྱིའི་གསོལ་མཆོད་ལ། 5

48 སྐབས་རི་རོང་རྫོང་སྐྱོང་བའི་ལྷ་ཆེན་གྱི་གསོལ་མཆོད་ལ། 2

49 རྟ་ཅག་གྲོང་པའི་རྒྱབ་རིར་གནས་པའི་བཙན་རྒོད་བྲན་གསུམ་གྱི་གསོལ་མཆོད་ལ། 3

50 ཀླུ་མོ་དུང་ཐོད་མའི་གསོལ་མཆོད་ལ། 3

51 འཕྲས་གྲོང་པའི་རྒྱབ་རིར་གནས་པའི་དམུ་བཙན་གྱི་གསོལ་མཆོད་ལ། 3

52 སྲིང་རྫོང་གསོལ་མཆོད་ལ། 3

53 རྡ་ཆེན་གོང་སང་དང་རྫོང་བརྩོང་གི་ཡུལ་ལྷའི་གསོལ་མཆོད་ལ། 3

54 དཀར་ཤོད་ཡུལ་ལྷ་བཟའ་བཙན་བདུད་མགོན་གྱི་གསོལ་མཆོད་ལ། 3

55 བསྟན་སྲུང་དམ་ཅན་རྒྱ་མཚོའི་འཕྲིན་བཅོལ་གཉེར་གཏད་མངའ་གསོལ་རྟེན་འཛུགས་སོགས་ལ། 30

56 མགྲོན་པོ་ལམ་བསང་སོགས་གསོལ་མཆོད་ལ། 4

00866 ཁ་

1 བླ་བརྒྱུད་གསོལ་འདེབས་ཀྱི་རིམ་པ་ལམ་མཆོག་སྒོ་འབྱེད་ལ། 5

2 རྒྱལ་སྲས་རྡོ་རྗེ་འཆང་ཆེན་པོའི་ཞབས་བརྟན་གསོལ་འདེབས་ལ། 2

3 རྣམ་འདྲེན་དམ་པ་ངག་དབང་བློ་བཟང་དཔལ་ལྡན་རྒྱ་མཚོའི་འཁྲུངས་རབས་གསོལ་འདེབས་ལ། 3

4 རོང་པོ་ཆོས་རྗེ་ཡབ་སྲས་ཀྱི་འཁྲུངས་རབས་གསོལ་འདེབས་ལ། 3

5 སེང་གདོང་མ་བསྡུས་པ་བདུད་སྡེའི་གཡུལ་རྒྱལ་ལ། 2

6 བྱིན་རླབས་ཀྱི་གཏེར་ཆེན་པོ་བླ་མའི་རྣལ་འབྱོར་ལ། 3

7 འཇིགས་བྱེད་དཔའ་བོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ལ། 3

8 རྗེ་བཙུན་སྒྲོལ་མར་བརྟེན་པའི་བླ་མའི་རྣལ་འབྱོར་ཟབ་དོན་ལ། 4

9 ཨོ་ལྡན་རིན་པོ་ཆེ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་རྡོར་སེམས་སྒོམ་བཟླས་དང་བཅས་ལ། 5

10 བླ་མ་དང་སྤྱན་རས་གཟིགས་དབྱེར་མེད་པའི་རྣལ་འབྱོར་ཟབ་དོན་ལ། 3

11 ཟབ་ལམ་བླ་མའི་རྣལ་འབྱོར་དགོས་འདོད་ལ། 3

12 བླ་མའི་རྣལ་འབྱོར་དངོས་གྲུབ་འབྱུང་གནས་ལ། 4

13 བླ་མའི་རྣལ་འབྱོར་འདོད་རྒུའི་རེ་སྐོང་ལ། 2

14 ཟབ་ལམ་བླ་མའི་རྣལ་འབྱོར་བདེ་ཆེན་བདུད་རྩི་ལ། 6

15 གཙུག་ཏོར་རྣམ་རྒྱལ་མའི་སྒྲུབ་ཐབས་ལ། 4

16 རྗེ་བཙུན་ཡིད་བཞིན་འཁོར་ལོའི་སྒོ་ནས་འཆི་མེད་ཚེ་ཡི་རིག་འཛིན་སྒྲུབ་ཐབས་ལ། 4

17 འཕགས་པ་ཐུགས་རྗེ་ཆེན་པོ་དང་རྗེ་བཙུན་སེང་ལྡེང་ནགས་སྒྲོལ་མའི་སྒྲུབ་ཐབས་སྨན་བླ་བདེ་གཤེགས་བདུན་གྱི་ཐུགས་རྗེ་བསྐུལ་བའི་ཆོ་ག་ཤིན་ཏུ་བསྡུས་པ་བཅས་ལ། 6

18 བཅོམ་ལྡན་འདས་གདུགས་དཀར་པོའི་བདག་མདུན་བླ་མའི་རྣལ་འབྱོར་དང་བཅས་པ་མདོར་བསྡུས་ལ། 4

19 གསང་བདག་ཕྱུག་ན་རྡོ་རྗེ་གོས་སྔོན་ཅན་གྱི་སྒྲུབ་ཐབས་ལ། 3

20 རྟ་ནག་ལྕགས་རལ་ཅན་གྱི་སྒྲུབ་ཐབས་ལ། 3

21 རྡོ་རྗེ་རྣམ་པར་འཇོམས་པའི་སྒྲུབ་ཐབས་ལ། 4

22 འཇམ་དབྱངས་སྨྲ་སེང་གི་སྒྲུབ་ཐབས་མདོར་བསྡུས་ལ། 4

23 རིག་པའི་རྒྱལ་མོ་གཟའ་ཡུམ་གྱི་སྒྲུབ་ཐབས་ལ། 3

24 སྨན་བླ་བདེ་གཤེགས་བདུན་གྱི་ཐུགས་རྗེ་བསྐུལ་ཞིང་བྱིན་རླབས་ཞུ་བའི་ཆོ་ག་ཉུང་ངུ་ལ། 2

25 འཇམ་དབྱངས་ལ་བརྟེན་པའི་ཤེས་རབ་བློ་འཕེལ་ལ། 8

26 ཐུན་དྲུག་རྣལ་འབྱོར་གསང་ཆེན་བཅུད་བསྡུས་ལ། 3

27 ལྷ་མོ་ཤྲམ་ཎའི་སྒོ་ནས་ལྐོག་གྱུར་བརྟག་ཐབས་ལ། 4

28 དགའ་ལྡན་ཞིང་དུ་སྐྱེ་བ་འཛིན་པའི་སྨོན་ལམ་འཕོ་བ་དང་བཅས་པ་བྱམས་མགོན་གྱི་ཐུགས་རྗེ་བསྐུལ་བའི་བདེན་ཚིག་ལ། 29

29 ནོར་རྒྱུན་མའི་ཆེ་སྦྱིན་ལ། 3

30 རྒྱལ་བའི་གསུང་རབ་ཀློག་པ་དང་ཁ་ཏོན་དུ་བྱ་བའི་སྔོན་འགྲོ་ལ། 4

31 གཅོད་སྟན་ཐོག་གཅིག་མའི་ཉམས་ལེན་དངོས་ཀྱི་དམིགས་སྐོར་མདོར་བསྡུས་ལ། 6

32 སྐྱབས་འགྲོའི་ཁྲིད་ཡིག་མདོར་བསྡུས་ཉུང་ངུ་ལ། 3

33 མི་དགེ་བཅུ་དང་དགེ་བཅུའི་ངོས་འཛིན་ལས་བླ་ཀྱི་རྣམ་གཞག་མདོར་བསྡུས་ལ། 6

34 མགོན་པོ་ཕྱུག་དྲུག་པ་དང་དཔལ་ལྡན་ལྷ་མོའི་བསྙེན་ཡིག་དངོས་གྲུབ་འབྱུང་གནས་ལ། 8

35 དུས་དགྲའི་དབང་པོའི་ལས་རུང་གི་བསྙེན་པ་བྱ་ཚུལ་ཟིན་བྲིས་ལ། 4

36 རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནྰ་རོ་མཁའ་སྤྱོད་མའི་བསྙེན་ཡིག་ཉུང་ངུ་ལ། 3

37 སྒྲོལ་མའི་སྤྲུལ་པ་ལྕེ་སྤྱང་སྔོན་མོའི་སྒོ་ནས་ཆོམ་རྐུན་བསྲུང་བའི་མན་ངག་ལ། 3

38 རྒྱལ་སྲས་རྡོ་རྗེ་འཆང་ཆེན་པོར་ཞབས་བརྟན་རྟེན་འབྱུང་འབུལ་སྐབས་ཀྱི་མན་ཌལ་བཤད་པ་རྒྱས་བསྡུས་གཉིས་ལ།14

39 ཞིང་ཁམས་རྒྱ་མཚོའི་བཀོད་པ་འབུལ་བའི་བཤད་པ་ལ། 7

40 གཏོར་མ་བརྒྱ་རྩ་བསྡུས་པ་བདུད་རྩིའི་སྙིང་པོ་དང་ཡང་བརྒྱ་རྩ་ཤིན་ཏུ་བསྡུས་པ་བཅས་ལ། 5

41 ལན་ཆགས་གཏོར་མ་མདོར་བསྡུས་ཁྱེར་བདེ་ལ། 2

42 རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནྰ་རོ་མཁའ་སྤྱོད་མའི་སྒོ་ནས་གཤིན་པོ་རྗེས་སུ་འཛིན་པའི་ཆོ་ག་ལ། 24

43 ཟབ་ལམ་འཕོ་བའི་གདམས་པ་དཔའ་བོ་གཡུལ་འཇུག་མའི་ཁྲིད་ཡིག་ཟིན་བྲིས་ལ། 4

44 སྡོམ་གསུམ་གྱི་ཉེས་ལྟུང་རགས་པ་ངོས་བཟུང་ནས་བཤགས་སྡོམ་བྱ་ཚུལ་ལ། 9

45 བླ་མའི་ཐུགས་རྗེ་བསྐུལ་བའི་གདུང་དབྱངས་བྱིན་རླབས་ལ། 3

46 མིག་གི་ཉེས་སྐྱོན་སེལ་བའི་གདམས་པ་ལ། 2

47 ཡུལ་ཁམས་ལ་དམིགས་པའི་སྡེ་བརྒྱད་དུག་དབྱུང་བྱ་ཚུལ་གྱི་ལྷན་ཐབས་ལ། 4

48 སེམས་ཀྱི་ངོས་འཛིན་དང་ཞི་ལྷག་སྒོམ་ཚུལ་མན་ངག་གསང་མཛོད་བཅུད་བསྡུས་ལ། 4

49 བསླབ་བྱ་དང་དྲིས་ལན་གྱི་རིམ་པ་ཐོར་བུ་འགའ་ཞིག་ལ། 7

50 འཇིགས་མཛད་རྡོ་རྗེའི་རིམ་པ་དང་པོའི་ཉམས་ལེན་ལས་བརྩམས་པའི་དྲིས་ལན་ལ། 6

51 བླང་དོར་གསལ་བར་སྟོན་པའི་བསླབ་བྱ་ལ། 6

52 ལུགས་ཟུང་བླང་དོར་སྟོན་པ་དཔྱིད་ཀྱི་ཕོ་ཉ་ལ། 6

53 དད་ལྡན་ཚངས་པ་དར་ལ་གདམས་པ་ལ། 4

54 སྔགས་རམས་པ་བློ་བཟང་དགའ་བ་ལ་གདམས་པ་ལུགས་ཟུང་གསལ་སྟོན་ལ། 3

55 ལུགས་ཟུང་བླང་དོར་གསལ་སྟོན་ཆེ་ཀྱིས་གསར་པ་ལ། 4

56 རྡསྦྱའི་མིང་ཅན་གྱི་འཆལ་གཏམ་མགུར་མའི་རིམ་པ་ཕྱོགས་གཅིག་ཏུ་བཀོད་པ་ལ། 15

57 དགེ་སྦྱོང་རྡསྦྱའི་མིང་ཅན་གྱི་དམ་བཅའ་སྤྲུལ་བ་ལ། 2

58 མཆོག་དམན་ཀུན་ལ་གནས་ལུགས་ཀྱི་གཏམ་འཕྲིན་དུ་བྱ་བ་ལ། 11

59 ལུགས་ཀྱི་་བསྟན་བཅོས་བློ་གསར་དགའ་བ་བསྐྱེད་པ་ལ། 5

60 བྱིན་རྟེན་དཀར་ཆག་ཡིད་ནོར་ལ། 3

61 མགོན་པོ་ཕྱུག་བཞི་དྲུག་ལྷ་མོ་སོགས་ཆོས་སྐྱོང་འགའ་ཞིག་གི་གཏོར་འབུལ་ལ། 6

62 མཆོག་དམན་གྱི་མགྲོན་ལ་གསེར་སྐྱེམས་འབུལ་ཚུལ་ལ། 4

63 རྒྱལ་བའི་བསྟན་སྐྱོང་རྡོ་རྗེ་གཡུ་སྒྲོན་ཆེན་མོ་ལ་མཆོད་གཏོར་འབུལ་ཚུལ་ལ། 23

64 རྡོ་རྗེ་གཡུ་སྒྲོན་ཆེན་མོའི་མངའ་གསོལ་ཌ་ཀྐི་དགྱེས་པའི་སྒྲ་དབྱངས་ལ། 4

65 རྡོ་རྗེ་གཡུ་སྒྲོན་མ་གཙོ་འཁོར་གྱི་སྣང་བརྙན་འབྲི་ཚུལ་ལ། 4

66 མྱུར་མཛད་ཡེ་ཤེས་མགོན་པོའི་རྟེན་ཐུགས་འཛུགས་ཚུལ་ལ། 6

67 མགོན་པོ་ཕྱུག་དྲུག་པའི་གསོལ་མཆོད་ཉུང་ངུ་ལ། 2

68 ཆོས་སྐྱོང་དྲག་རྩལ་ཅན་འགའ་ཞིག་གི་འཕྲིན་ལས་བསྐུལ་བ་ལ། 3

69 བཀའ་སྲུང་མཆེད་བདུན་ལ་གཤེགས་གཏོར་འབུལ་ཚུལ་ལ། 3

70 ཀོང་བཙུན་དེ་མོར་གཤེགས་གཏོར་འབུལ་ཚུལ་ལ། 2

71 རྒྱལ་ཆེན་མེ་ལོང་གདོང་གི་རྟེན་འཛུགས་བྱ་ཚུལ་ལ། 2

72 བྱ་སྣའི་གཞི་བདག་རྡོ་རྗེ་དངོས་གྲུབ་རྩལ་གྱི་རྟེན་འཛུགས་བྱ་ཚུལ་ལ། 3

73 དཔལ་ལྡན་ལྷ་མོ་དམག་ཟོར་མའི་གཏོར་ཆོག་བསྡུས་པ་ལ། 3

74 ལྷ་མོའི་བསྐང་བ་མདོར་བསྡུས་དང་ཚོགས་མཆོད་ལ། 4

75 སྲུང་མ་སྤྱིའི་གསོལ་མཆོད་ལ། 2

76 ཚེ་རིང་མཆེད་ལྔའི་གསོལ་མཆོད་ལ། 5

77 དཔལ་ལྷའི་གསོལ་མཆོད་ལ། 3

78 སྲོག་བདག་ཞང་པཎ་ཆེན་པོར་འཕྲིན་ལས་བཅོལ་བ་ལ། 2

79 ཆོས་སྐྱོང་འགའ་ཞིག་གི་གསོལ་མཆོད་མཚམས་སྦྱོར་དང་བཅས་པ་ཆ་ཚང་བ་ལ། 4

00867 ག་

1 བྱང་ཆུབ་ལམ་གྱི་རིམ་པའི་སྙིང་པོ་དངོས་གྲུབ་བདུད་རྩིའི་བུམ་བཟང་ལ། 18

2 ཆོས་སྲུང་རྣམས་ཀྱི་འཕྲིན་བཅོལ་མངའ་གསོལ་གསེར་སྐྱེམས་གསོལ་མཆོད་གཏོར་འབུལ་སོགས་ཀྱི་སྐོར་ལ། 50

3 དབུ་སེར་སྟག་རྩེར་གྲགས་པའི་གཞི་བདག་གི་གསོལ་མཆོད་ལ། 3

4 རྔམ་ཆེན་འབར་བ་རྩལ་གྱི་གསོལ་མཆོད་ལ། 5

5 གནས་མཆོག་དཔལ་གྱི་བྱ་མདའི་གནས་སྲུང་བཙན་རྒོད་རྡོ་རྗེ་འབར་བའི་གསོལ་མཆོད་ལ། 4

6 ཁྲི་ཡི་བཙན་རྒོལ་དམར་པོའི་གསོལ་མཆོད་ལ། 4

7 ལྕམ་མདའ་དགོན་གྱི་བྱང་ཕྱོགས་ན་གནས་པའི་གཞི་བདག་གཡུ་རི་སྔོན་པོའི་གསོལ་མཆོད་ལ། 3

8 གཞི་བདག་གི་བསངས་མཆོད་ཁ་ཐོར་སྣ་ཚོགས་ལ། 7

9 དཔལ་ལྡན་ལྷ་མོ་རྡོ་རྗེ་གཡུ་སྒྲོན་མའི་གསོལ་མཆོད་འཕྲིན་ལས་འདོད་འཇོ་ལ། 3

10 བསྟན་སྲུང་རྡོ་རྗེ་གཡུ་སྒྲོན་མ་དང་ཞང་པཎ་འདབས་ཆེན་པོའི་ཚོགས་མཆོད་ལ། 3

11 སྲོག་བདུད་ཡམ་གའི་རྒྱལ་པོའི་ལས་བྱེད་ཤ་རུ་གྲིབ་བཙན་གྱི་གསོལ་མཆོད་ལ། 3

12 གསང་བདག་འཁོར་ལོ་ཆེན་པོའི་ཚོགས་མཆོད་དངོས་གྲུབ་རྣམ་གཉིས་ལ། 8

13 བླ་མ་སངས་རྒྱས་བྱང་སེམས་ཀྱི་གསོལ་འདེབས་བརྟན་ཞུགས་སྨོན་ཚིག་མྱུར་བྱོན་སོགས་སྣ་ཚོགས་ལ། 39

14 ཕྲེང་ཀྲི་གཉིས་ཀྱི་དབང་གི་བླ་མ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ལ། 3

15 རྒྱལ་སྲས་རྡོ་རྗེ་འཆང་ཆེན་པོའི་སྐུ་ཚེའི་བར་ཆད་ཞི་ཕྱིར་འཁོར་ལོ་སྡོམ་པ་ལུས་དཀྱིལ་གྱི་རྩ་བརྒྱུད་བླ་མ་དཀྱིལ་འཁོར་ལྷ་ཚོགས་དང་བཅས་པར་གསོལ་འདེབས་ལ། 3

16 རྗེ་བླ་མ་བཀའ་དྲིན་མཚུངས་མེད་ཀློང་རྡོལ་རྡོ་རྗེ་འཆང་ཆེན་པོའི་འཁྲུངས་རབས་དང་འབྲེལ་བའི་གསོལ་འདེབས་སྨོན་ལམ་བཅས་པ་ལ། 5

17 འཇམ་མགོན་བསྟན་པའི་གསལ་བྱེད་པན་ཌིཏ་མཁན་པོ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་འཁྲུངས་རབས་གསོལ་འདེབས་བརྟན་བཞུགས་སྨོན་ཚིག་དང་བཅས་པ་ལ། 5

18 བསྟན་པའི་གསལ་བྱེད་མཚུངས་ཟླ་མ་མཆིས་པ་བསེ་སྤྲུལ་སྐུ་ངག་དབང་འཇམ་དབྱངས་བཀྲ་ཤིས་དཔལ་བཟང་པོའི་འཁྲུངས་རབས་གསོལ་འདེབས་ལ། 6

19 རྩ་བའི་བླ་མ་དང་རྒྱལ་བ་རྡོ་རྗེ་འཆང་དབྱེར་མེད་པའི་རྣལ་འབྱོར་ཟབ་མོ་ཉམས་སུ་ལེན་ཚུལ་ལ། 3

20 འཕགས་པ་སྤྱན་རས་གཟིགས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ལ། 6

21 གྲུབ་ཆེན་དྲིལ་བུ་ཞབས་ལུགས་ཀྱི་དཔལ་འཁོར་ལོ་སྡོམ་པ་ལྷ་ལྔའི་དཀྱིལ་འཁོར་དུ་འཇུག་ཅིང་དབང་བླང་བའི་ཆོ་ག་ལ། 24

22 དཔལ་འཁོར་ལོ་སྡོམ་པ་ལྷ་ལྔའི་སའི་ཆོ་ག་སོགས་ཀྱི་ལག་ལེན་དང་ངག་འདོན་གྱི་རིམ་པ་ཁྲིགས་ཆགས་སུ་བསྒྲིགས་པ་ལ། 14

23 ལྷ་ལྔའི་དཀྱིལ་ཆོག་བདེ་ཆེན་རྒྱ་མཚོའི་སྙིང་པོའི་ཆ་ལག་རྡུལ་ཚོན་ཀླུ་ལ་གཏད་པའི་ཆོ་ག་ལ། 4

24 འདོད་ལྷ་འགའ་ཞིག་གི་ཐུགས་རྗེ་བསྐུལ་བའི་ཆོ་ག་ལ། 4

25 དམ་ཚིག་རྡོ་རྗེའི་སྒོམ་བཟླས་བྱ་ཚུལ་དངོས་གྲུབ་མྱུར་འགུགས་ལ། 3

26 འཕགས་པ་ཐུགས་རྗེ་ཆེན་པོ་ཕྱུག་བཞི་པའི་སྒྲུབ་ཐབས་མདོར་བསྡུས་ལ། 6

27 རྗེ་བཙུན་འཇམ་དབྱངས་ནག་པོའི་སྒྲུབ་ཐབས་ཕྱོགས་དང་ཟླ་བའི་གནད་ལྡན་ཞལ་ཤེས་ལ། 3

28 ཐུགས་རྗེ་ཆེན་པོརྒྱལ་བརྒྱ་མཚོའི་སྒོ་ནས་ཚོགས་མཆོད་མདོར་བསྡུས་བྱ་ཚུལ་ལ། 3

29 རྗེ་བཙུན་འཇམ་དབྱངས་ལ་བརྟེན་ནས་ཤེས་རབ་བློ་འཕེལ་བྱ་ཚུལ་བློ་གྲོས་སྣང་བའི་དགའ་སྟོན་ལ། 3

30 སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་ཚེ་སྒྲུབ་བྱ་ཚུལ་འཆི་མེད་བདུད་རྩི་ལ། 4

31 སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་ཐུན་མོང་མ་ཡིན་པ་དཀྱུས་གཅིག་ཏུ་བྱ་ཚུལ་ལ། 7

32 བསྟན་སྐྱོང་རྡོ་རྗེ་གཡུ་སྒྲོན་མ་དང་ཞང་པཎ་ཆེན་པོ་གཙོ་འཁོར་ལ་མཆོད་གཏོར་འབུལ་ཚུལ་མདོར་བསྡུས་ལ། 4

00868 ང་

1 མི་ཏྲ་བརྒྱ་རྩའི་དབང་གི་བླ་མ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་མྱུར་འཇུག་ལ། 3

2 བླ་བརྒྱུད་གསོལ་འདེབས་དང་བླ་མ་སངས་རྒྱས་བྱང་སེམས་ཀྱི་གསོལ་འདེབས་ཞབས་བརྟན་མྱུར་བྱོན་རྗེས་འཛིན་སྨོན་ལམ་སྐོར་ལ། 21

3 དུས་གསུམ་རྒྱལ་བའི་སྤྱི་གཟུགས་བཀའ་དྲིན་གསུམ་ལྡན་གྱི་དྲིན་ཅན་རྩ་བའི་བླ་མ་རྒྱལ་སྲས་རྡོ་རྗེ་འཆང་ཆེན་པོའི་འཁྲུངས་རབས་གསོལ་འདེབས་སྨོན་ཚིག་དང་བཅས་པ་ལ། 5

4 དམ་པ་གོང་མའི་འཁྲུངས་རབས་ངོ་མཚར་པད་དཀར་ཆེན་པོ་ལ། 4

5 དམ་པ་གོང་མའི་འཁྲུངས་རབས་གསོལ་འདེབས་རྒྱས་པ་ངོ་མཚར་པདྨ་དཀར་པོའི་ཆེན་པོ་ལ། 7

6 དམ་པ་གོང་མའི་འཁྲུངས་རབས་ཕན་བདེའི་ལྗོན་པ་སྐྱེས་པའི་ས་བོན་ནང་ལྟར་གྱི་སྐུ་ཐང་རྒྱས་པར་འབྲི་ཚུལ་གྱི་ཐང་བཀོད་ལ། 10

7 འཇམ་མགོན་བསྟན་པའི་སྒྲོན་མེ་སྒྲུབ་ཁང་སྤྲུལ་པའི་རིན་པོ་ཆེའི་འཁྲུངས་རབས་གསོལ་འདེབས་བརྟེན་བཞུགས་སྨོན་ཚིག་དང་བཅས་པ་ལ། 4

8 བསྟན་པའི་གསལ་བྱེད་ཁྲི་དྭགས་སྤྲུལ་སྐུའི་འཁྲུངས་རབས་གསོལ་འདེབས་སྨོན་ཚིག་དང་བཅས་པ་ལ། 4

9 རྣམ་འདྲེན་དམ་པ་ངག་དབང་བློ་བཟང་དཔལ་ལྡན་རྒྱ་མཚོའི་འཁྲུངས་རབས་གསོལ་འདེབས་རྒྱས་པ་སྨོན་ཚིག་དང་

བཅས་པ་ལ། 3

10 རྣམ་འདྲེན་བསྟན་པའི་གསལ་བྱེད་རྒྱ་སྟོན་སྤྲུལ་པའི་སྐུ་རིན་པོ་ཆེ་བློ་བཟང་འཇམ་དཔལ་དོན་གྲུབ་ཀྱི་འཁྲུངས་རབས་གསོལ་འདེབས་བརྟན་བཞུགས་སྨོན་ལམ་དང་བཅས་པ་ལ། 4

11 བསྟན་པའི་གསལ་བྱེད་ཇོ་བོ་བླ་མ་སྐལ་བཟང་དགེ་ལེགས་རྒྱལ་མཚན་གྱི་སྐྱེས་རབས་གསོལ་འདེབས་ལ། 3

12 བསྟན་པའི་གསལ་བྱེད་རྫ་ར་ལོ་སྤྲུལ་སྐུ་བློ་བཟང་བསྟན་པའི་དངོས་གྲུབ་ཀྱི་འཁྲུངས་རབས་གསོལ་འདེབས་དོན་གཉིས་དོན་གྲུབ་ལ། 3

13 བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ལ། 5

14 བླ་མ་དང་གསང་བའི་བདག་པོ་དབྱེར་མེད་པའི་རྣལ་འབྱོར་ཟབ་མོ་ལ། 3

15 བླ་མའི་རྣལ་འབྱོར་ལ། 4

16 ཟབ་ལམ་བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུག་སོགས་བླ་མའི་རྣལ་འབྱོར་གྱི་རིམ་པ་རྣམས་ལ། 20

17 བླ་མརྒྱལ་བ་སྲས་བཅས་ཀྱི་ཕྱག་མཆོད་ཆོ་གའི་སྒོ་ནས་བསགས་སྦྱངས་ཀྱི་གནད་བསྡུས་པ་བྱ་ཚུལ་ལ། 9

18 མི་ཏྲ་བརྒྱ་རྩའི་ནང་ཚན་འཇམ་དཔལ་གཤིན་རྗེ་གཤེད་གདོང་དྲུག་ལྷ་ཉེར་གཅིག་པའི་སྒྲུབ་ཐབས་དངོས་གྲུབ་འདོད་འཇོ་ལ། 11

19 ཀུན་རིག་རྣམ་པར་སྣང་མཛད་ཀྱི་ཆོ་ག་ཤིན་ཏུ་བསྡུས་པ་ལ། 13

20 འཕགས་པ་སྤྱན་རས་གཟིགས་སེང་གེ་སྒྲའི་སྒྲུབ་ཐབས་ཕན་བདེའི་བསིལ་སྦྱིན་ལ། 4

21 འཕགས་པ་སྤྱན་རས་གཟིགས་ཕྱུག་བཞི་པའི་སྒྲུབ་ཐབས་གཏན་བདེ་ལ། 3

22 འཕགས་པ་ཐུགས་རྗེ་ཆེན་པོ་ཕྱུག་བཞི་པའི་སྒྲུབ་ཐབས་མདོར་བསྡུས་ལ། 2

23 ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་སྒོ་ནས་མ་ཎི་རིལ་སྒྲུབ་བྱ་ཚུལ་ལ། 3

24 བཅོམ་ལྡན་འདས་མ་རྣམ་པར་རྒྱལ་མའི་སྒྲུབ་ཐབས་མདོར་བསྡུས་ལ། 3

25 རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་གོང་གནོན་གྱི་ལྷ་དཔལ་གསང་བའི་བདག་པོ་ཕྱུག་ན་རྡོ་རྗེ་གོས་སྔོན་ཅན་གྱི་སྒྲུབ་ཐབས་ལ། 6

26 བདེ་མཆོག་གི་སྒོ་ནས་ཚོགས་མཆོད་ཤིན་ཏུ་བསྡུས་པ་བྱ་ཚུལ་ལ། 2

27 དཔལ་འཁོར་ལོ་སྡོམ་པ་དྲིལ་བུ་ལུགས་གཙོ་བོར་གྱུར་པའི་ཡི་དམ་གྱི་སྒོ་ནས་ལྷོ་སྒོའི་ཆོ་ག་བྱ་ཚུལ་མདོར་བསྡུས་ལ། 7

28 ལྷ་སྣ་ཚོགས་ཀྱི་སྦྱིན་སྲེག་གི་ཟིན་བྲིས་ཐོར་བུ་ལ། 15

29 དཔྱོད་ལྡན་མགུ་བ་བསྐྱེད་པའི་འཕྲིན་ཡིག་གི་རིམ་པ་ལ། 36

30 རྨད་དུ་བྱུང་བའི་གཏམ་གྱི་སྦྱོར་བ་འཆི་མེད་ལྷའི་རྔ་ཆེན་ལ། 6

31 དགེ་སློང་བྱམས་པ་སྐལ་བཟང་གི་དྲིས་ལན་ལ། 6

32 ཐ་མ་ཁའི་ཉེས་དམིགས་མདོར་བསྡུས་ལ། 1

33 རྣམ་འདྲེན་དམ་པ་རྒྱ་སྟོན་སྤྲུལ་པའི་སྐུ་རིན་པོ་ཆེར་ཞབས་བརྟན་རྟེན་འབྱུང་གི་མན་ཌལ་འབུལ་བའི་བཤད་པ་ལ། 9

34 མགོན་ཆོས་ལྷ་མོ་གསུམ་གྱི་སྒོ་ནས་བཀའ་བསྒོ་བྱ་ཚུལ་ལ། 5

35 རྒྱལ་བའི་བསྟན་སྲུང་ཆེན་པོ་འགའ་ཞིག་གི་རྟེན་ཐུགས་བསྐྱེད་ཆོག་ལ། 8

36 རྒྱལ་བའི་བསྟན་སྲུང་ཆེན་པོ་རྣམས་ལ་ལས་བཞིའི་འཕྲིན་ལས་འཆོལ་ཚུལ་ལ། 4

37 ཆོས་སྲུང་རྣམས་ཀྱི་གཏོར་འབུལ་གསེར་སྐྱེམས་བསྐུལ་འཕྲིན་བཅོལ་རྟེན་འཛུགས་ཀྱི་འདོད་གསོལ་སོགས་ཁ་

ཐོར་སྣ་ཚོགས་ཀྱི་སྐོར་ལ། 17

38 དཔལ་ཡེ་ཤེས་ཀྱི་མགོན་པོ་གུར་ལྷ་བརྒྱད་མའི་མངོན་རྟོགས་བསྐང་བཤགས་བསྟོད་བསྐུལ་དང་བཅས་པ་ལ། 11

39 མགོན་པོ་ལྷོ་ནུབ་མའི་མངོན་རྟོགས་བསྐང་བཤགས་བསྟོད་འཕྲིན་དང་བཅས་པ་ལ། 8

40སྣུབས་ལུགས་དཔལ་མགོན་སྟག་བཞོན་གྱི་མངོན་རྟོགས་བསྐང་བཤགས་བསྟོད་འཕྲིན་དང་བཅས་པ་ལ། 7

41 ཚོགས་བདག་མགོན་པོ་སེང་བཞོན་གྱི་མངོན་རྟོགས་བསྐང་བཤགས་བསྟོད་འཕྲིན་དང་བཅས་པ་ལ། 9

00869 ཅ་

1 མ་ཅིག་མཁའ་འགྲོ་སྡེ་ལྔའི་ཚོགས་མཆོད་བྱ་ཚུལ་བདེ་ཆེན་དངོས་གྲུབ་ལ། 5

2 གཅོད་ཡུལ་ཟབ་དོན་ལས་གསུངས་པའི་ཁྲོས་མ་ནག་མོ་ལྷ་ལྔའི་སྒོ་ནས་ཚོགས་མཆོད་བྱ་ཚུལ་རྣམ་གཉིས་ལ། 4

3 གཅོད་ཡུལ་ཟབ་དོན་ནས་གསུངས་པའི་རྡོ་རྗེ་ཕག་མོ་ལྷ་ལྔའི་བསྐང་བཤགས་དང་སྨོན་ལམ་ཤིས་བརྗོད་དང་བཅས་པ་ལ། 4

4 ཁྲོས་མ་ནག་མོ་ལྷ་ལྔའི་སྒོ་ནས་ཞི་བའི་སྦྱིན་སྲེག་བྱ་ཚུལ་ལ། 8

5 བྱ་རྒྱུད་པདྨའི་རིགས་ཀྱི་གཙོ་བོ་མགོན་པོ་ཚེ་དཔག་མེད་ལྷ་དགུའི་སྒོ་ནས་ཞི་རྒྱས་སྦྱིན་སྲེག་བྱ་ཚུལ་ལ། 23

6 དུས་གསུམརྒྱལ་བའི་སྤྱི་གཟུགས་རྗེ་བླ་མ་བཀའ་དྲིན་ཟླ་མེད་ཡོངས་འཛིན་ཆོས་ཀྱི་རྒྱལ་པོ་རྗེ་བཙུན་ཡེ་ཤེས་རྒྱལ་

མཚན་དཔལ་བཟང་པོའི་འཁྲུངས་རབས་གསོལ་འདེབས་ལ། 4

7 འཇམ་མགོན་བསྟན་པའི་སྒྲོན་མེ་འབྲུ་ལ་མཁན་ཆེན་རིན་པོ་ཆེའི་འཁྲུངས་རབས་གསོལ་འདེབས་ལ། 4

8 བསྟན་པའི་གསལ་བྱེད་འཇོག་པོ་བླ་མ་ངག་དབང་བསྟན་འཛིན་འཕྲིན་ལས་རྣམ་རྒྱལ་གྱི་འཁྲུངས་རབས་དང་འབྲེལ་བའི་རྟོགས་བརྗོད་གསོལ་འདེབས་བརྟན་བཞུགས་སྨོན་ལམ་དང་བཅས་པ་ལ། 4

9 དཔལ་མོ་ལུགས་ཀྱི་ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པའི་ཞི་བའི་སྦྱིན་སྲེག་ལ། 4

10 དམ་ཅན་ཆོས་ཀྱི་རྒྱལ་པོའི་སྒོ་ནས་ཞི་བའི་སྦྱིན་སྲེག་བྱ་ཚུལ་གྱི་ཟིན་བྲིས་ལ། 3

11 ས་གཏའི་བུམ་པ་སྦ་སྒྲུབ་དང་ས་སྲིན་བསྐྲད་ཚུལ་གྱི་ངག་འདོན་སོགས་ལ། 5

12 ས་བདག་སྙིང་གཏེར་གྱི་ཆོ་ག་དགོས་འདོད་ཀུན་འབྱུང་ལ། 12

13 རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནྰ་རོ་མཁའ་སྤྱོད་མའི་སྒོ་ནས་རང་གཞན་གྱི་དོན་དུ་སྐྲ་རུས་སོགས་སྦྱང་ཆོག་བྱ་ཚུལ་ལ། 6

14 རྗེ་བཙུན་སེང་གེ་སྒྲ་ལ་བརྟེན་པའི་གདོན་འགྲོལ་གྱི་ལྷན་ཐབས་ཉེ་བར་མཁོ་བ་ལ། 3

15 ལྷ་མོ་སངས་རྒྱས་སྤྱན་མ་ལ་བརྟེན་ནས་ནད་སོགས་ཞི་བའི་ཐབས་ཀྱི་བུམ་པ་སྒྲུབ་ཚུལ་ལ། 6

16 ས་བདག་ལྟོ་འཕྱེ་བརྟག་པའི་སྐབས་སུ་ཉེར་མཁོ་མཆོད་གཏོར་འབུལ་ཚུལ་ལ། 6

17 དྲིས་ལན་གྱི་རིམ་པ་ཕྱོགས་གཅིག་ཏུ་བསྡེབས་པ་ལ། 17

18 གནད་སྐྱེ་བསླབ་བྱ་ཉུང་ངུ་དོན་གསལ་ལ། 4

19 རྨད་དུ་བྱུང་བའི་གཏམ་གྱི་སྦྱོར་བ་བདུད་རྩིའི་ཡང་ཞུན་ལ། 4

20 གཏན་མེད་སྤྲང་བཙུན་གར་དབང་སྨྱོན་པའི་འཆལ་གཏམ་མགུར་ཕྲེང་དུ་སྒྲོ་བཏགས་ཁྲིགས་ཆགས་སུ་བསྡེབས་པ་ལ། 21

21 ཆབ་ཤོག་གི་རིམ་པ་སྣ་ཚོགས་ལ། 30

22 མགོན་དཀར་ཡིད་བཞིན་ནོར་བུའི་གཏོར་ཆོག་དགེ་ལེགས་ཀུན་འབྱུང་གི་སྙིང་པོའི་ཚིག་དོན་རྣམ་བཤད་མདོར་བསྡུས་ལ། 18

23 དཔལ་ལྡན་ལྷ་མོ་དམག་ཟོར་རྒྱལ་མོའི་བསྐང་བ་མདོར་བསྡུས་ཚོགས་མཆོད་ལ། 4

24 རྒྱལ་བའི་བསྟན་སྲུང་ཆེན་པོ་རྣམས་ལ་མཆོད་གཏོར་འབུལ་ཚུལ་ལ། 8

25 བསྟན་སྲུང་ལེགས་ལྡན་བེང་ཆེན་གཙོ་འཁོར་གྱི་བསངས་མཆོད་ལ། 3

26 ཆོས་རྒྱལ་ཞང་པཎ་ཆེན་པོ་གཙོ་འཁོར་གྱི་བསངས་མཆོད་ལ། 4

27 ལྷ་མོ་རྡོ་རྗེ་གཡུ་སྒྲོན་མ་ཆེན་མོའི་གསོལ་མཆོད་འཕྲིན་ལས་འདོད་འཇོ་ལ། 4

28 བཙན་རྒོད་གཉན་ཆེན་རྒྱལ་བ་ཐོད་དཀར་གྱི་བསྐང་བཤགས་བསྟོད་འཕྲིན་ལ། 6

29 བྱ་མདའི་གནས་སྲུང་བཙན་རྒོད་རྡོ་རྗེ་འབར་བའི་གསོལ་མཆོད་ལ། 5

30 ཚེ་དབང་བསྐུར་ཚུལ་གྱི་ཆོག་བསྒྲིགས་ནག་འགྲོས་སུ་གོ་བདེ་ཕྱིར་བཀོད་པ་ལ། 7

31 ཡུལ་སྐྱོང་ནགས་ལྷ་ཛམ་བྷར་མངོན་སྤྱོད་དྲག་པོའི་འཕྲིན་ལས་བསྐུལ་བ་རྔམ་པའི་སྒྲ་དབྱངས་ལ། 3

32 བསངས་མཆོད་བཀྲ་ཤིས་དཔལ་སྟེར་ལ། 3

00870 ཆ་

1 རྗེ་བཙུན་ནྰ་རོ་མཁའ་སྤྱོད་མའི་རྒྱུན་གྱི་ཉམས་ལེན་དང་འབྲེལ་བའི་བསྐྱེད་རྫོགས་ཐུན་མོང་བའི་ཁྲིད་ཡིག་སྐྱོང་ཚུལ་ལ། 13

2 གྲུབ་ཆེན་སྤྱོད་པ་བའི་ལུགས་ཀྱི་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་སྐལ་ལྡན་གྱི་སློབ་མ་འཇུག་ཚུལ་ལ།100

3 མཐུ་སྟོབས་ཀྱི་དབང་ཕྱུག་རྡོ་རྗེ་ནག་པོ་གདོང་བཞི་པའི་ཚོགས་མཆོད་དཔལ་མགོན་དགྱེས་འཛུམ་ལ། 4

4 དེའི་འཕྲིན་ལས་ལས་བཞིའི་སྦྱིན་སྲེག་གི་ཆོ་ག་རྡོ་རྗེ་མེ་འོད་ལ། 43

5 དེའི་བསྙེན་ཡིག་ལ། 26

00871 ཇ་

1 དཔལ་ལྡན་ས་སྐྱ་པའི་གསེར་ཆོས་བཅུ་གསུམ་གྱི་བྱིན་རླབས་དང་རྗེས་གནང་གི་རིམ་པའི་ཆོག་བསྒྲིགས་བཀླག་ཆོག་ཏུ་བཀོད་པ་རྒྱུད་ལྡན་དྲང་སྲོང་བླ་མའི་ཞལ་ཆབ་འཁྲུལ་པའི་རྙོག་པ་བྲལ་བའི་གངྒྰའི་ཆུ་རྒྱུན་ལ། 184

00872 ཉ་

ཀསྟག་ཕུ་རིན་པོ་ཆེའི་དག་སྣང་ཆོས་སྐོར་གྱི་ཐོབ་ཡིག་ལ། 5

ཁརྣལ་འབྱོར་དབང་ཕྱུག་མི་ཏྲ་ཛོ་ཀིས་གསུངས་པའི་སྡིག་སྒྲིབ་སྦྱོང་ཐབས་ཤིན་ཏུ་ཟབ་པ་ལ། 3

གབླ་མའི་རྣལ་འབྱོར་གྱི་སྒོ་ནས་འཆི་མེད་ཚེ་རི་རིག་འཛིན་སྒྲུབ་ཐབས་སྙན་བརྒྱུད་མན་ངག་ལ། 4

ངགསང་སྒྲུབ་མཁའ་འགྲོའི་སྙིང་བཅུད་ཀྱི་སྔོན་འགྲོ་བླ་མའི་རྣལ་འབྱོར་ཐར་པའི་ཐེམ་སྐས་ལ། 3

ཅདེའི་བྱིན་རླབས་བྱ་ཚུལ་ལ། 4

ཆདེའི་དམིགས་རིམ་ལ། 5

ཇབླ་མའི་རྣལ་འབྱོར་གསལ་བར་བྱེད་པའི་སྒྲོན་མེ་ལ། 8

ཉཚེ་དཔག་མེད་ནང་སྒྲུབ་འཆི་མེད་ལྷ་ལྔའི་བླ་བརྒྱུད་གསོལ་འདེབས་བྱིན་རླབས་ལ། 2

ཏབཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་བདུད་རྩི་མཆོག་སྦྱིན་བྱིན་རླབས་བྱ་ཚུལ་ལ། 6

ཐཚེ་དཔག་མེད་ནང་སྒྲུབ་ལྷ་ལྔའི་སྔོན་འགྲོ་བླ་མའི་རྣལ་འབྱོར་ཟུར་འཇུག་སྒྲུབ་པའི་ཐེམ་སྐས་ལ། 3

དདེའི་སྒོ་ནས་ཚེ་དབང་བསྐུར་ཚུལ་རྡོ་རྗེའི་སྲོག་ཤིང་ལ། 9

ནདེའི་དབང་བཞི་བསྐུར་ཚུལ་ཆོག་བསྒྲིགས་ལ། 5

པདེའི་བླ་བརྒྱུད་གསོལ་འདེབས་བསྔོ་སྨོན་ཤིས་བརྗོད་ལ། 2

ཕནམ་མཁའི་རྣལ་འབྱོར་པད་མ་ཤ་རའི་འཕྲུལ་སྣང་རོལ་པར་ཤར་བའི་ཟབ་ཆོས་འཆི་མེད་ཚེའི་དངོས་གྲུབ་སྒྲུབ་པའི་ཐབས་དྲིལ་སྒྲུབ་སྐུ་གསུམ་སྙིང་པོ་ལ། 5

བདེའི་སྒྲུབ་ཐབས་ངོ་མཚར་བདུད་རྩིའི་བུམ་བཟང་ལ། 2

མདེའི་བསྙེན་ཐམས་ག་བུར་ཆེ་ལྡན་ལ། 6

ཅདེའི་ཞི་བའི་སྦྱིན་སྲེག་དངོས་གྲུབ་འདོད་འཇོ་ལ། 6

ཆདེའི་ཚོགས་མཆོད་བྱ་ཚུལ་མཁའ་འགྲོའི་ཞལ་ཆབ་ལ། 5

ཇམི་ཏྲ་ལུགས་དབང་ཆེན་རྟ་མགྲིན་ཡབ་ཡུམ་གྱི་སྒྲུབ་ཐབས་འབྲིང་པོ་ཕ་ལམ་རྡོ་རྗེའི་སྙིང་པོ་ལ། 4

ཝཀྱི་འཆི་ཀུན་སྤངས་བླ་མ་མི་ཏྲ་ཚེ་དཔག་མེད་ཀྱི་སྒོ་ནས་ཚེའི་དབང་བསྐུར་བྱ་ཚུལ་འཆི་མེད་བདུད་རྩིའི་ཆུ་རྒྱུན་ལ། 6

ཞདབང་ཆེན་རྟ་མགྲིན་ཡབ་ཡུམ་གྱི་སྒྲུབ་ཐབས་འཇིགས་བྲལ་རྡོ་རྗེའི་ཕ་ལམ་ལ། 14

ཟདེའི་སྒྲུབ་ཐབས་སྙིང་པོ་བསྡུས་པ་ལ། 3

འཐུགས་རྗེ་ཆེན་པོ་ངན་སོང་ཀུན་གྲོལ་བྱིན་རླབས་བྱ་ཚུལ་ལ། 14

ཡདེའི་ཉེ་བརྒྱུད་ཕྱི་སྒྲུབ་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་ལ། 3

རམི་ཏྲ་ལུགས་ཉེ་བརྒྱུད་ཐུན་མོང་མ་ཡིན་པའི་ཐུགས་རྗེ་ཆེན་པོ་ཕྱི་སྒྲུབ་ངན་སོང་ཀུན་གྲོལ་གྱི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་ལ། 4

ལདེའི་ཞི་བའི་སྦྱིན་སྲེག་བྱ་ཚུལ་ལ། 5

ཤམི་ཏྲ་ལུགས་དབང་ཆེན་རྟ་མགྲིན་ཡབ་ཡུམ་གྱི་བྱིན་རླབས་བྱ་ཚུལ་ལ། 7

སཐུགས་རྗེ་ཆེན་པོརྒྱལ་བརྒྱ་མཚོའི་བྱིན་རླབས་བྱ་ཚུལ་ལ། 6

ཧདེའི་བརྒྱུད་འདེབས་སྨོན་ལམ་ཤིས་བརྗོད་བཅས་ལ། 3

ཨཐུགས་རྗེ་ཆེན་པོརྒྱལ་བརྒྱ་མཚོའི་ནང་སྒྲུབ་སྒྲུབ་ཐབས་ཚོགས་མཆོད་བྱིན་རླབས་བདུད་རྩིའི་ཟེགས་མ་འཕྲོ་བའི་ཆེ་གཏེར་ལ། 16

ཀིནམ་མཁའི་རྣལ་འབྱོར་པད་མ་ཤ་རའི་དག་སྣང་རོལ་པར་ཤར་བའི་ཟབ་ཆོས་དཔའ་བོ་གཅིག་པའི་སྒྲུབ་ཐབས་ལ། 4

ཁུགསང་བའི་གཏུམ་པོ་བེག་རྩེ་ཚར་གཅོད་ཡབ་རྐྱང་གི་རྗེས་གནང་ལ། 5

གེརྣལ་འབྱོར་གསང་མཐའི་རྒྱུད་ཀྱི་སྙིང་པོ་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་བདེ་ཆེན་མྱུར་ལམ་གྱི་རྩ་ཚིག་ལ། 6

ངོམི་ཏྲ་ལུགས་རྗེ་བཙུན་རྡོ་རྗེ་ཕག་མོའི་བྱིན་རླབས་ཀྱི་ཆོ་ག་དངོས་གྲུབ་གཏེར་མཛོད་ལ། 12

ཅིརྡོ་རྗེ་ཕག་མོའི་ཚོགས་འཁྲོ་བྱ་ཚུལ་ལ། 2

ཆེརྣལ་འབྱོར་གསང་བ་རྒྱུད་ཀྱི་སྙིང་པོའི་བཅུད་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་རིམ་པ་ལ། 10

ཇེརྗེ་བཙུན་སེང་ལྡེང་ནགས་སྒྲོལ་གྱི་སྒྲུབ་འཕྲིན་ལ་ཙི་ཏ་མ་ནིའི་བརྒྱུད་འདེབས་སྨོན་ཤིས་བཅས་ལ། 3

ཉོརྗེ་བཙུན་སེང་ལྡེང་ནགས་སྒྲོལ་གྱི་སྒྲུབ་ཐབས་འཕྲིན་ལས་སྣང་ལྡན་རྩི་ཏ་མ་ནི་ལ། 38

ཏིརྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས་ཤིན་ཏུ་ཟབ་པ་འཕགས་མའི་ཞལ་ལུང་རྩི་ཏ་མ་ནི་ལ། 6

ཐུསེང་ལྡེང་ནགས་སྒྲོལ་མ་བརྟེན་པའི་ཆར་འབེབས་བྱ་ཚུལ་བདུད་རྩིའི་བུམ་བཟང་ལ། 13

དེསྒྲོལ་མའི་ཆར་འབེབས་ཀྱི་ལག་ལེན་བརྗེད་བྱང་དུ་བཀོད་པ་ལ། 3

ནོདེའི་སྒོ་ནས་དགེ་འདུན་འདུ་བའི་འཁོར་ལོ་འབྲི་སྒྲུབ་བྱ་ཚུལ་ལ། 6

པིདེའི་གསོལ་འདེབས་རང་གི་འདོད་གསོལ་དང་གཞན་ལ་བསླུ་མེད་ཀྱི་སྙིང་གཏམ་ལ། 3

ཕུདེའི་ལྐོག་གྱུར་བརྟག་ཐབས་སྣང་སྲིད་གསལ་བའི་མེ་ལོང་ལ། 4

བེཡེ་ཤེས་མཁའ་འགྲོ་སེང་གེའི་གདོང་ཅན་ལ་བརྟེན་པའི་བཟློས་པའི་མན་ངག་ཆེད་བརྟན་མཚོན་ཆ་མེ་འབར་ལ། 5

མོརྣལ་འབྱོར་དབང་ཕྱུག་མི་ཏྲ་ཛོ་ཀིའི་ཐུགས་བཅུད་ཟབ་ལམ་འཕོ་བའི་གདམས་པ་རྩ་ཚིག་རྡོ་རྗེའི་ཚིག་རྐང་ལ། 4

ཙིབླ་མ་ཡི་དམ་ཆོས་སྲུང་རྒྱ་མཚོའི་བསངས་མཆོད་གཏོར་འབུལ་དངོས་གྲུབ་འདོད་འཇོ་ལ། 3

ཚུམ་མོ་ཆེན་མོ་ཙི་ཙན་ཌི་ཀའི་རྗེས་གནང་དམ་ཚིག་མཆོག་སྟེར་ལ། 7

ཛེརྣལ་འབྱོར་དབང་མོ་དུར་ཁྲོད་བདག་མོའི་བྱིན་རླབས་བདུད་རྩིའི་ཆུ་རྒྱུན་ལ། 6

ཝོཡེ་ཤེས་མཁའ་འགྲོ་དུར་ཁྲོད་བདག་མོའི་རྒྱུན་གྱི་རྣལ་འབྱོར་བྱ་ཚུལ་ལ། 3

ཞིརྣལ་འབྱོར་དབང་ཕྱུག་མི་ཏྲ་ཛོ་ཀིའི་ཐུགས་བཅུད་གསང་བདག་གཏུམ་པོ་ཆེན་པོའི་སྒྲུབ་འཕྲིན་གྱི་རྩ་ཚིག་ལ། 10

ཟུདེའི་ལྷ་མཆོག་ཁྲོ་བོའི་སྒྲུབ་ཐབས་དང་བཅས་པའི་རྩ་ཚིག་ལ། 5

འེརྟ་མགྲིན་ཡབ་ཡུམ་ལ་བརྟེན་པའི་དབང་གི་ཙ་ཀྲའི་གདམས་པ་ཁམས་གསུམ་འགུགས་པའི་ལྕགས་ཀྱུ་ལ། 4

ཡོསྤྱན་རས་གཟིགས་དབང་གི་ལྷ་ཆོག་ལ། 1

རིརྗེ་བཙུན་སྒྲོལ་མའི་སྒོ་ནས་བླ་བསླུ་བྱ་ཚུལ་སྲོག་འཚོ་སྨན་གྱི་ལྗོན་པ་ལ། 14

ལུནང་སྒྲུབ་ཚེ་དཔག་ལྷ་ལྔ་ལ་བརྟེན་པའི་བརྟན་བཞུགས་འབུལ་ཚུལ་ལ། 16

ཤེདེའི་སྒོ་ནས་མཁའ་འགྲོ་བསུན་བཟློག་བྱ་ཚུལ་འཆི་མེད་རྡོ་རྗེའི་སྲོག་མཁར་དང་ཚོགས་མཆོད་བཅས་ལ། 10

སོརྟ་མགྲིན་ཡབ་ཡུམ་ལ་བརྟེན་པའི་དབང་གི་སྦྱིན་སྲེག་ཁམས་གསུམ་འགུགས་བྱེད་པད་མ་ར་གའི་ལྕགས་ཀྱུ་ལ། 9

ཧིཟིལ་གནོན་མེ་རྟ་གནམ་ལོའི་ཟླ་ནང་དུ།ནམ་མཁའི་རྣལ་འབྱོར་པད་མ་ཤ་ར་ཡི།རང་སེམས་ཆོ་འཕྲུལ་ལས་བྱུང་དག་སྣང་ནི།ལོ་རྒྱུས་ཤེལ་གྱི་འཁར་བ་ལ། 17

ཨུསྤྲེའུ་མེ་ལུག་མགོ་ཟླའི་ཡར་ཚེས་ལ་དག་སྣང་ལོ་རྒྱུས་བྱིན་རླབས་གཟི་འོད་ལ། 29

དཀར་ཆག་ལ། 4

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།སྟག་བུ་སྤྲུལ་སྐུ་བློ་བཟང་ཆོས་ཀྱི་དབང་ཕྱུག་གམ་གར་གྱི་དབང་པོ་ནི་ཉང་ལོང་ཀོང་གསུམ་དུ་གྲགས་པའི་བྱེ་བྲག་ཉང་པོའི་གྱིང་ཕུ་གཡུ་ལུང་ཞེས་པར་ཡབ་ཕུན་ཚོགས་བསྟན་འཛིན་དང༌།ཡུམ་བདེ་ཆེན་བུ་ཁྲིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ཤིང་བྱ་1765 ལོར་འཁྲུངས།དགུང་ལོ་ལྔ་ལ་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་སྟག་ཕུ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་སྤྲུལ་སྐུར་ངོས་འཛིན་མཛད་ནས།མཚན་བློ་བཟང་ཆོས་ཀྱི་དབང་ཕྱུག་ཅེས་གསོལ་ཏེ་ཁྲི་འདོན་མཛད།དགུང་ལོ་བདུན་པར་བཀའ་བཅུ་བློ་བཟང་ཐབས་མཁས་སློབ་དཔོན་དུ་བསྟེན་ཏེ་ཀློག་སློབ་མཛད།

དགུང་ལོ་བཅུ་གཅིག་པར་དབུས་སུ་ཕེབས་ཏེ་རྒྱལ་དབང་འཇམ་དཔལ་རྒྱ་མཚོའི་དྲུང་དུ་གཙུག་ཕུད་ཕུལ་ཏེ་མཚན་བློ་བཟང་བསྟན་འཛིན་དབང་ཕྱུག་གསོལ།ལོ་དེར་དེ་མོ་ངག་དབང་འཇམ་དཔལ་བདེ་ལེགས་རྒྱ་མཚོའི་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་བཞེས།མེས་པོ་ཀུན་དགའ་བསྟན་འཛིན་ཞེས་པ་ལས་དཀར་ནག་རྩིས་དང་གསོ་རིག་སྨན་དཔྱད་ལ་ཡང་ཐུགས་གཉེར་མཛད།དེ་ནས་བཀའ་བཅུ་བསྟན་འཛིན་ཤེས་རབ་ལ་མཚན་ཉིད་སློབ་གཉེར་གནང་རྒྱུའི་དགེ་རྒན་དུ་བསྟེན་ཏེ་བསྡུས་གྲྭ་སོགས་ལ་སྦྱངས་པར་མཛད།དགུང་ལོ་བཅུ་བདུན་སྐབས་དགའ་ལྡན་བརྒྱུད་དབུས་སུ་ཕེབས་ཏེ་དཔལ་ལྡན་བླ་བྲང་བློ་གསལ་གླིང་གི་ཆོས་གྲྭར་ཞུགས་གནང་མཛད་དེ་མཁན་པོ་མུ་ལི་བློ་བཟང་སྦྱིན་པ་དང༌།ཏྲེ་ཧོར་བློ་བཟང་བསམ་གཏན་རྣམ་གཉིས་དགེ་རྒན་དུ་བསྟེན་ནས་གཞུང་ཆེན་ལ་གསན་སྦྱོང་མཛད།དགུང་ལོ་བཅུ་དགུ་ལ་རྒྱལ་དབང་འཇམ་དཔལ་རྒྱ་མཚོའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།ལོ་དེར་བླ་བྲང་གྲྭ་ཚང་སོགས་ལ་བསྙེན་བཀུར་དང་སྐྱབས་འཇུག་སོགས་ཞུ་གནང་མཛད།དེ་ནས་རང་གི་གདན་སར་བྱོན།རྗེ་དྲུང་བློ་བཟང་རབ་རྒྱས་བསྟེན་ནས་ལཉྫན་དང་ཝ་ཏུར་ལ་སོགས་ཡིག་རིགས་རྣམས་ལ་སྦྱངས་པ་མཛད།དགུང་གྲངས་ཉེར་བརྒྱད་དེ་ཆེ་བྱི་1792 ལོར་སྐུ་གཤེགས།གསུང་འབུམ་བྲིས་མ་པོད་བརྒྱད་བཞུགས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn   

བརྒྱུད་འགོད།