དཔལ་མང་དཀོན་མཆོག་རྒྱལ་མཚན་གྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-05-05 11:56:51     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

 

པར་བོད།ཤོག་གྲངས།

00853 ཀ

1 བཀྲ་ཤིས་འཁྱིལ་གྱི་གདན་རབས་ལྷའི་རྔ་བོ་ཆེ།307

2 ཀུན་མཁྱེན་གོང་མའི་རྣམ་ཐར་དྲིས་ལན་ལ། 3

3 ཀུན་མཁྱེན་སྐུ་ཕྲེང་གཉིས་པའི་རྣམ་ཐར་ཞལ་ཐང་ལྔའི་ཁ་བྱང་ལ། 4

4 སྐྱབས་འགྲོའི་ཁྲིད་ཡིག་ཐུབ་བསྟན་སྒོ་འབྱེད་ལ། 13

00854 ཁ

1 ལམ་རིམ་སྔོན་འགྲོའི་ཟིན་བྲིས་འཇིགས་མེད་ཞལ་རླངས་ལ། 24

2 བདེ་ལམ་ཟིན་བྲིས་སྙིང་གི་མེ་ལོང་ལ། 161

3 ལེགས་བཤད་སྙིང་པོའི་ཟིན་བྲིས་བུ་བཀོད་པ་ཀུན་མཁྱེན་གསུང་གི་ཆུ་རྒྱུན་དག་བྱེད་མཆོད་ཡོན་ལ། 45

4 ཟབ་ལམ་འཕོ་བའི་ཟིན་བྲིས་བདེ་བ་ཅན་དུ་བགྲོད་པའི་ཐེམ་སྐས་ལ། 10

5 འགྲེལ་པ་བཞི་སྦྲགས་ཀྱི་འཆད་ཐབས་དང་མཐའ་དཔྱོད་ཀྱི་རྐང་གྲངས་ལ། 10

6 རིམ་ལྔ་གསལ་སྒྲོན་གྱི་ཟིན་བྲིས་མེ་ཏོག་སིལ་མ་ལ། 21

7 འཁོར་ལོ་སྡོམ་པའི་བླ་མའི་རྣལ་འབྱོར་ལ། 3

8 དྲིལ་བུ་ལྷ་ལྔའི་དབང་གི་སྟ་གོན་ལག་ལེན་ལ། 5

9 དེའི་དབང་གི་སྔོན་འགྲོའི་གསུང་བཤད་ཟིན་བྲིས་ལ། 5

10 འཁོར་ལོ་སྡོམ་པའི་དབང་གི་སྟ་གོན་ཟིན་བྲིས།མི་ཏྲ་བརྒྱ་རྩའི་དབང་གི་གསུང་བཤད་ཟིན་བྲིས།དེའི་ཁ་སྐོང༌།འཇིགས་བྱེད་དབང་གི་ཟིན་བྲིས་བཅས་ལ། 50

00855 ག

1 རྟེན་འབྲེལ་བསྟོད་པའི་ཊིཀྐ་རིན་ཆེན་ལྗོན་ཤིང་ལ། 59

2 ངེས་དོན་བླ་མའི་གསོལ་འདེབས་ཀྱི་དྲིས་ལན་དང༌།ཐུགས་རྗེ་བསྐུལ་བའི་གསོལ་འདེབས་ལ། 5

3 བྱང་ཆུབ་ཀྱི་སེམས་སྦྱོང་བའི་མན་ངག་ལ། 7

4 ལམ་གྱི་རིམ་པ་ཡོངས་སུ་རྫོགས་པ་མགུར་དབྱངས་སུ་བསྡེབས་ལ། 24

5 སྙིང་པོ་དོན་གསུམ་གྱི་ཟིན་བྲིས་བདུད་རྩིའི་ཐིགས་ཕྲེང་ལ། 9

6 བྱ་རྒྱུད་རིགས་གསུམ་གྱི་བསྙེན་ཡིག་དོན་གསལ་སྙིང་པོ་ལ། 13

7 བདེ་གསང་འཇིགས་གསུམ་གྱི་བསྙེན་ཡིག་དང་མགོན་པོའི་བསྙེན་ཡིག་འཇིགས་བྱེད་དང་ཆོས་རྒྱལ་སྦྲགས་པའི་སྦྱིན་སྲེག་བྱ་ཚུལ་བཅས་ལ། 9

8 སྐྱབས་མགོན་རིན་པོ་ཆེའི་བརྟན་བཞུགས་མཚམས་སྦྱོར་གསུམ་དང་གུང་ཐང་བརྟན་བཞུགས་བཤད་པ་གཉིས་བཅས་ལ། 15

9 སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེའི་བརྟན་བཞུགས་མཚམས་སྦྱོར་ལ། 16

10 བླ་མ་མཆོད་པའི་དམིགས་ཁྲིད་འཇིགས་མེད་ཞལ་གྱི་བདུད་རྩི་ལ། 41

11 བདེ་མཆོག་གི་དྲིས་ལན་ལ། 6

12 གསང་བ་འདུས་པའི་རྫོགས་རིམ་སྒྱུ་ལུས་མཆོད་པ་བྱ་ཚུལ་ཟུང་འཇུག་དགའ་སྟོན་ལ། 7

13 ཁྲོས་མའི་སྒྲུབ་ཐབས་ལས་བརྩམས་པའི་དྲིས་ལན་ལ། 6

14 ལམ་ཟབ་རྒྱུན་གྱི་རྣལ་འབྱོར་གྱི་འདོན་ཆའི་ཟུར་འདེབས་ལ། 18

15 གཅོད་ཀྱི་ཟིན་བྲིས་ཉུང་ངུ་ལ། 4

16 གཅོད་གཞུང་བློ་གྲོས་མིག་འབྱེད།ཡུམ་ཆེན་ཐུགས་སྲས་མའི་འབྲུ་འགྲེལ་བཅས་ལ། 94

00856 ང

397

1 བྱང་ཆུབ་ལམ་གྱི་སྒྲོན་མེའི་འགྲེལ་པ་ཕུལ་བྱུང་དགྱེས་པའི་མཆོད་སྤྲིན་ལ། 105

2 དགའ་ལྡན་ལྷ་བརྒྱ་མའི་ཟིན་བྲིས་ན་བརྒྱུད་མ་ལ། 7

3 ལེགས་པར་བཤད་པ་མཁས་པ་དགྱེས་པའི་མཆོད་སྤྲིན་ལ། 42

4 ཀློང་རྡོལ་དྲུང་ཡིག་དགེ་སློང་ལྷ་བཟོར་གྲགས་པའི་དྲིས་ལན་དང་དྲིས་ལན་འགའ་ཞིག་ལ། 17

5 ཆབ་ཤོག་འགའ་ཞིག་ལ། 20

6 ཡིག་བསྐུར་རྣམ་གཞག་ཉུང་ངུ་རྣམ་གསལ་ལ། 11

7 སྦྱིན་སྲེག་གི་ཞལ་གདམས་བདུད་རྩིའི་རྫིང་བུ་ལ། 10

8 སྨོན་ལམ་འདོན་བསྒྲིགས་ལས་བརྩམས་པའི་དྲིས་ལན་ལ། 8

9 བརྒྱ་རྩའི་ལག་ལེན་གྱི་མན་ངག་མདོར་བསྡུས་ལ། 5

10 མགོན་པོའི་གཏོར་ཆོག་སོགས་དྲི་བ་མང་ཙམ་དྲིས་པའི་ལན་ཕྱོགས་གཅིག་ཏུ་བཀོད་པ་ལ། 19

11 རྒྱ་བོད་ཧོར་སོགས་ཀྱི་དེབ་ཐེར་བྱིས་པ་འཇུག་པའི་འབབ་སྟེགས་ལ། 93

00857 ཅ

1 རྒྱུད་སྡེ་བཞིའི་སྤྱི་དོན་རྣམ་པར་གཞག་པ་སྔགས་ལ་འཇུག་པའི་སྒོ་ལ། 70

2 སྔགས་ཀྱི་གསུང་སྒྲོས་ཐོར་བུ་ལ། 10

3 དུས་འཁོར་གསོལ་འདེབས་རྡོ་རྗེ་ཚིག་གི་འབྲུ་འགྲེལ་ལ། 5

4 སྔགས་ཀྱི་་བསླབ་བྱ་ལ། 18

5 ཕྱག་ཆེན་ཟིན་བྲིས་དྲན་པས་གདུང་སེལ་ལ། 43

6 དེའི་ཁ་སྐོང་སྙིང་པོ་རབ་གསལ་ལ། 13

7 གསང་འདུས་འཇིག་རྟེན་དབང་ཕྱུག་གི་རིལ་སྒྲུབ་ལ། 7

8 གསང་འདུས་རིལ་སྒྲུབ་བསྡུས་པ་ལ། 4

9 གསང་འདུས་བསྙེན་ཡིག་གི་དྲིས་ལན་ལ། 4

10 གསང་བ་འདུས་པའི་རིམ་གཉིས་ཀྱི་མན་ངག་ལ། 4

11 ཐུགས་རྗེ་ཆེན་པོའི་རིལ་སྒྲུབ་ལ། 6

12 དམིགས་བརྩེའི་བྱབས་བསྲུང་དུག་དབྱུང་དང་བཅས་པ་ལ། 9

13 འཇམ་དཔལ་གསང་ལྡན་གྱི་སྦྱིན་སྲེག་ལ། 10

14 སྒྲོལ་མ་ཉེར་གཅིག་གི་སྒྲུབ་ཐབས་དང་དཀྱིལ་ཆོག་ལ། 28

15 གཤིན་པོའི་སྦྱང་ཆོག་གི་བཤད་པ་དྲིས་ལན་དང་བཅས་པ་ལ། 18

16 གསུང་སྒྲོས་ཐོར་བུ་བདུད་རྩིའི་ཟེགས་མ་དང་སླད་ནས་ཅུང་ཟད་ཁ་བསྐང་བ་དང་བཅས་པ་ལ། 16

17 ཀུན་རིག་གི་ཕྱུག་རྒྱའི་ལག་ཁྲིད་ཀྱི་ཟིན་བྲིས་ལ། 7

18 བླ་མ་ངག་དབང་བློ་གྲོས་ཀྱི་རྣམ་ཐར་ལ། 16

19 ལམ་གཙོའི་ཟིན་བྲིས་ལ། 11

20 དྲིས་ལན་གྱི་སྐོར་ཆ་ཚང་ལ། 37

21 ཆོས་སྐྱོང་སྤྱིའི་གཏོར་བསྔོས་ལ། 2

00858 ཆ

1 གྱི་ན་པ་ཞིག་གི་གཟུ་བོའི་བློའི་སྤྲིན་རུམ་ལས་འོང་བའི་བདེན་གཏམ་བདུད་རྩིར་འཁྱིལ་བའི་སྙིང་རྗེའི་རོལ་མཚོ་ལ།108

2 བདེན་གཏམ་སྙིང་རྗེའི་རོལ་མཚོ་ལས་ཟུར་དུ་འཕྱུང་བའི་སྙན་སྒྲོན་བདུད་རྩིའི་བསངས་གཏོར་ལ། 64

3 ལྟ་བའི་ཟིན་བྲིས་འོད་ཟེར་སྟོང་འབར་ལ། 83

4 ཀ་རིང་བཀའ་བཅུའི་རྣམ་ཐར་ལ། 21

5 གསུང་ཐོར་བུ་འགའ་ཞིག་ཕྱོགས་གཅིག་ཏུ་བསྒྲིགས་པའི་སྐོར་ཆ་ཚང་ལ། 48

6 སེམས་བསྐྱེད་ཆོ་གའི་འདོན་བསྒྲིགས་སོགས་ཆ་ཚང་ལ། 6

7 བག་རྩེའི་གཏེར་ཆེན་གྱི་འདོན་བསྒྲིགས་ལ། 6

00859ཇ

1 རྗེ་བཙུན་དཀོན་མཆོག་བསྟན་པའི་སྒྲོན་མེའི་རྣམ་ཐར་དད་པའི་པད་མོ་བཞད་པའི་ཉིན་བྱེད་ལ། 205

2 མཆོག་སྤྲུལ་རིན་པོ་ཆེའི་བརྟན་བཞུགས་མཚམས་སྦྱོར་ལེ་ཚན་ལ། 10

3 ལམ་གྱི་ལུས་ཡོངས་སུ་རྫོགས་པའི་བླ་མའི་རྣལ་འབྱོར་ལ། 10

4 རིགས་གྲྭ་ཆེན་མོའི་མཇུག་ཏུ་འཕྲིན་ལས་ཀྱི་འཕྲོས་གཞུང་རྒྱས་པ་འགོད་ཚུལ་ལ། 10

5 རྣམ་འགྱུར་རྩོད་ཡིག་ལ། 10

6 གསུང་རྒྱུན་དོགས་གཅོད་ཐོར་བུ་འགའ་ཞིག་ལ། 6

7 རབ་གནས་ཀྱི་ལག་ལེན་མཐོང་བརྒྱུད་ཟིན་བྲིས་ལ། 18

8 ལམ་རིམ་ཆུང་ངུའི་ཟིན་ཐོ་འགའ་ཞིག་ལ། 8

399

9 ཛམ་དཀར་གཏེར་སྒྲུབ་ཀྱི་ཟུར་འདེབས་དེའི་གཏོར་འབུལ་འདོད་གསོལ།བསངས་དང་ཚེ་ཐར་གཏོང་ཚུལ།ཞང་བློན་གྱི་གཡང་འབོད་བཅས་ལ། 13

10 ཆོས་སྐྱོང་སོ་སོའི་གཏོར་འབུལ་ལ། 7

11 དགའ་ལྡན་ཆོས་འཁོར་གླིང་གི་མཚན་ཉིད་གྲྭ་ཚང་ཐོས་བསམ་གླིང་གི་རྩོད་ཡིག་ལ། 8

12 ལམ་རིམ་གྲྭ་ཚང་གི་རྩོད་གྲྭའི་སྒྲིག་ཡིག་ལ། 2

13 ཡུལ་ལྷའི་རྒྱལ་པོ་སེ་ཀུ་བྱ་ཁྱུང་དུ་གྲགས་པའི་བསངས་མཆོད་བཀྲ་ཤིས་ཆུ་རྒྱུན་ལ། 20

14 བསངས་མཆོད་ཁྱེར་བདེ་ལ། 15

15 དགྲ་ལྷ་དང་གུང་སྔོན་གྱི་བསངས་མཆོད་འཕྲིན་བཅོལ་བཅས་ལ། 15

00860 ཉ་

1 མདོ་སྡེ་ལྡན་གྱི་འགྲེལ་པ་ཐུབ་བསྟན་རྒྱས་པའི་མེ་ཏོག་ལ། 188

2 སེམས་དང་སེམས་བྱུང་གི་རྣམ་གཞག་ཅུང་ཟད་བཤད་པ་རང་རྒྱུད་གསལ་བའི་མེ་ལོང་ལ། 58

3 ལས་དང་པོ་བ་རྣམས་ཀྱི་དཔྱོད་བློ་དང་རྩོད་པ་འཕེལ་བའི་ཕྱིར་དུ་བཤད་བྱའི་གནས་དཀའ་སླ་ཅི་རིགས་ལས་བརྩམས་པའི་དོགས་སློང་ལ། 29

4 དྲིས་འཕངས་དང་དྲུག་སྒྲ་བརྩི་ཚུལ་རིགས་ལམ་འོད་ཕྲེང་ལ། 45

5 བསྟན་བཅོས་མངོན་རྟོགས་ལྡན་གྱི་འགྲེལ་པའི་ས་བཅད་ལ། 18

00861 ཏ་

1 དཔལ་ལྡན་བླ་མ་དམ་པ་རྣམས་ལས་མདོ་དང༌།སྔགས་ཀྱིས་བསྡུས་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་ཇི་ལྟར་མནོས་པའི་ཐོབ་ཡིག་ལུང་ཆོས་བདུད་རྩིའི་རོལ་མཚོ་ལ། 321

2 ལམ་རིམ་བསྡུས་དོན་གྱི་ས་བཅད་ལ། 7

3 སྐྱོ་ཤས་ཀྱིས་བསྐུལ་བའི་ཤུགས་སྒྲ་རིང་མོ་ལ། 5

00862 ཐ་

1 རྗེ་བླ་མ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་ཐར་འདོད་འཇུག་ངོགས་ལ། 282

2 གྲུབ་མཐའི་དྲིས་ལན་ཕྱོགས་ལྷུང་མུན་སེལ་ལ། 37

3 ནི་གུ་ཆོས་དྲུག་གི་ཡིག་ཆུང་བརྗེད་ངེས་མུན་སེལ་ལ། 10

4 འཇིགས་བྱེད་དཔའ་གཅིག་གི་བདག་འཇུག་གི་ཆོག་བསྒྲིགས་ལ། 6

00863 ད་

1 དབུ་མའི་དོགས་སློང་ལ། 9

2 འདུལ་བའི་སྤྱི་དོན་ལས་གཞི་སྨད་ལ། 24

3 བྱང་ཆུབ་བདེ་ལམ་གྱི་ཟིན་བྲིས་གནད་དོན་གསལ་བ་ལ། 32

4 འཇམ་དཔལ་ཞལ་ལུང་གི་ལྟ་ཁྲིད་ཟིན་བྲིས་ལ། 11

5 ལམ་རིམ་ཆེན་མོའི་བརྡ་བཀྲོལ་ལ། 7

6 རྟགས་འཇུག་གི་དྲིས་ལན་ལ། 7

7 སྡོམ་གསུམ་རྣམ་གཞག་རྩོམ་འཕྲོ་ལ། 29

8 གྲལ་འཕྲོས་ཀྱི་་བཤད་པ་ལ། 4

9 ངོ་སྤྲོད་ཉི་མའི་འོད་ཟེར་ལ། 10

10 རྔ་རྒོད་སྤྲུལ་སྐུ་བློ་བཟང་བྱམས་པ་རབ་རྒྱས་རྣམ་ཐར་ཁ་སྐོང་ལ། 12

11 ཆོས་སྡེ་ཆེན་པོ་དགའ་ལྡན་བཀྲ་ཤིས་བྱང་ཆུབ་གླིང་གི་བཅའ་ཡིག་ཕན་བདེ་འབྱུང་གནས་ཟུར་འདེབས་དང་བཅས་པ་ལ། 12

12 རྟ་མགྲིན་གསང་སྒྲུབ་སྐྱེ་བདག་འཇུག་ལ། 7

13 གསོལ་མཆོད་ཀྱི་སྐོར་དངོས་གྲུབ་ཆར་འབེབས་ལ། 12

14 བླ་རིན་རྗེ་བཙུན་བློ་བཟང་དགེ་ལེགས་བསྟན་འཛིན་གྱི་རྣམ་ཐར་ལ། 84

15 རྟགས་རིགས་ཀྱི་རྣམ་གཞག་ལེགས་བཤད་གསེར་གྱི་ཕྲེང་མཛེས་ལ། 11

16 འཇིགས་བྱེད་དཔའ་བོ་གཅིག་པའི་ཆོ་ག་དང་འབྲེལ་བར་བླ་མའི་རྣལ་འབྱོར་གྱི་སྒོ་ནས་ཏིང་ངེ་འཛིན་གྱི་དབང་བཞི་ཐུན་མོང་དང་ཐུན་མོང་མ་ཡིན་པ་སྟབས་ཅིག་ཏུ་ལེན་ཚུལ་ལ། 12

00864 ན་

1 མེ་ཏོག་བཅུད་ལེན་ལ་མཁོ་བའི་ཡིག་ཆུང་ལ། 4

2 ལས་གཤིན་ལ་བརྟེན་ནས་ཕུར་གདབ་གཏོར་མ་སྒྲུབ་པའི་ཆོ་ག་ལ། 11

3 བསྙེན་སྒྲུབ་ཀྱི་ཡིག་ཆུང་བདུད་རྩི་འདྲེན་པའི་ཡུར་བ་ལ། 8

4 ཆོས་སྐྱོང་ལྕམ་སྲིང་གི་བསྙེན་ཡིག་ཉུང་བསྡུས་ལ། 4

5 ཆོས་སྐྱོང་དྲེག་པ་ལྕམ་སྲིང་གི་གཏོར་མའི་ལས་རིམ་དུས་ཀྱི་མེ་ལྕེའི་ཕྲེང་བ་ལ། 16

6 དམ་ཅན་ཆོས་ཀྱི་རྒྱལ་པོ་ལ་བསྟོད་པ་སྙན་པའི་དྲི་བཞོན་ལ། 5

7 དམ་ཅན་ཆོས་ཀྱི་རྒྱལ་པོ་ལ་བརྟེན་པའི་ཞི་རྒྱས་གཏོར་སྒྲུབ་བྱ་ཚུལ་གྱི་ཡིག་ཆུང་ལ། 6

8 རྣམ་སྲས་གཏོར་སྒྲུབ་ཀྱི་མདུན་བསྒྲིགས་རིམ་པ་ནོར་བུའི་ཕྲེང་མཛེས་ལ། 6

9 ཡིད་བཞིན་གྱི་མགོན་པོའི་རྒྱས་པའི་གཏོར་སྒྲུབ་བྱ་ཚུལ་ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེའི་ཕྱུག་

ལེན་ཇི་ལྟ་བཞིན་བཀོད་པ་ལ། 9

10 མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ལ་བསྟོད་ཅིང་འཕྲིན་ལས་བཅོལ་བའི་ཚིགས་སུ་བཅད་པ་དངོས་གྲུབ་ཀུན་གྲོལ་ལ། 7

11 ཡེ་ཤེས་མགོན་པོའི་གཏོར་ཆེན་གྱི་ཕྱོགས་བསྒྲིགས་ཀུན་མཁྱེན་སྐུ་ཕྲེང་གཉིས་པ་དང་གྲུབ་དབང་སྟོབས་ལྡན་སྔགས་རམས་རྣམས་གཉིས་ཀྱིས་ཕྱུག་ཏུ་བསྟར་བཞིན་བཀོད་པ་ལ། 4

12 བླ་མའི་རྣལ་འབྱོར་དང༌།ཏིང་ངེ་འཛིན་གྱི་དབང་བཞི་ལེན་ཚུལ་ལ། 3

13ལྟུང་སྦྱོར་གཏུམ་མོའི་ཁྲིད་ཡིག་གི་རིམ་པ་སྙིང་པོ་བཅུད་སྡུད་ལ། 13

14 ཁྲོ་བཅུའི་མན་ངག་བདུད་ཀྱི་གཡུལ་ལས་རྣམ་པརརྒྱལ་བ་ལ། 5

15 རྩིབས་དང་པོ་ལ། 1

16 དཔལ་རྡོ་རྗེ་འཇིགས་བྱེད་ལ་བརྟེན་པའི་བཅུ་ཆའི་སྦྱིན་སྲེག་བྱེད་ཚུལ་ཁྱེར་བདེ་དངོས་གྲུབ་ཀུན་འབྱུང་ལ། 81

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།དཔལ་མང་དཀོན་མཆོག་རྒྱལ་མཚན་ནི་མདོ་སྨད་སྦྱ་གཡང་ཕྱུག་མོའི་གཞུང་དུ་ཡབ་དབང་གྲགས་སྐྱབས་དང༌།ཡུམ་བདེ་ཟ་ལྷ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ཤིང་སྤྲེ་1764 ལོར་འཁྲུངས།དགུང་ལོ་དྲུག་ཐོག་བཀྲ་ཤིས་འཁྱིལ་དགོན་དུ་ཆོས་ཞུགས་མཛད།རྗེ་འཇིགས་མེད་དབང་པོའི་དྲུང་ནས་རབ་བྱུང་སྡོམ་པ་བཞེས་ཏེ་མཚན་དཀོན་མཆོག་རྒྱལ་མཚན་གསོལ།

དགུང་ལོ་བདུན་ལོན་སྐབས་རྒྱུད་པ་རྒན་བསམ་གཏན་སེང་གེ་ནས་ཀློག་བསླབས།དགུང་ལོ་བརྒྱད་ལ་འདོན་ཆ་ཡོངས་རྫོགས་ཐུགས་འཛིན་གྲུ།དགུང་ལོ་བཅུ་གཅིག་སྐབས་ཆོས་གྲྭར་ཞུགས་ནས་གཞུང་ཆེན་ལ་གསན་བཞེས་མཛད།དགུང་ལོ་བཅུ་དགུར་ཕར་ཕྱིན་གྱི་སྟོན་མོ་མཛད།དགུང་ལོ་ཉི་ཤུར་ཕེབས་སྐབས་བླ་མ་ངག་དབང་རྒྱ་མཚོའི་དྲུང་ནས་བསྙེན་རྫོགས་སྡོམ་པ་བཞེས།དགུང་ལོ་ཉེར་གཉིས་ཐོག་སྨོན་ལམ་རབ་འབྱམས་པའི་གྲྭ་བསྐོར་མཛད།དགུང་ལོ་

ཉེར་ལྔར་གསེར་ཁང་གསར་བཞེངས་ཀྱི་ཆེད་མཚོ་སྔོན་ཁུལ་དུ་འབུལ་སྡུད་ལ་ཕེབས།གཙང་རབ་འབྱམས་པ་བསྟན་པ་དར་རྒྱས་ས་ནས་རྩིས་སྐོར་དང༌།སེར་རྒན་སོགས་ཀྱི་དྲུང་ནས་སྒྲ་རིག་པ་གསན།དགུང་ལོ་ཉེར་དགུའི་ཐོག་རྡོ་རམས་པའི་མཚན་བཏགས་གནང༌།དགུང་ལོ་སུམ་ཅུར་རྒྱུད་པའི་ཁྲིར་ཕེབས།

དགུང་ལོ་སོ་བཞིར་ཀུན་མཁྱེན་འཇིགས་མེད་དབང་པོའི་ཡང་སྲིད་ཀྱི་ཆེད་ལྷ་སར་ཕེབས།དགུང་ལོ་སོ་ལྔར་མདོ་སྨད་དུ་ཕྱིར་ཕེབས།

དགུང་ལོ་སོ་དྲུག་ཐོག་སྐྱབས་མགོན་མཆོག་གི་རྣམ་ཐར་གྱི་ཕྱུག་གཡོག་མཛད།དགུང་ལོ་ཞེ་གཅིག་ནས་ཞེ་དྲུག་བར་བཀྲ་ཤིས་འཁྱིལ་གྱི་ཁྲི་ཐོག་ཉི་ཤུ་རྩ་བཞི་པའི་ཐུགས་འགན་བཞེས།དགུང་ལོ་ཞེ་བདུན་ནས་དགུང་ལོ་ལྔ་བཅུ་བར་རབ་རྒྱས་གླིང་དགོན་པའི་ཁྲིར་བཞུགས།དགུང་ལོ་ང་གཅིག་ནས་དགུང་ལོ་དོན་ལྔའི་བར་ཨ་ཆོག་དགོན་དང༌།བསྟན་འཕེལ་གླིང་གཉིས་ཀྱི་ཁྲི་འཛིན་མཛད་ནས།བྱང་གྲུ་གུ་ནས་ལྷོ་ཟི་ཁྲུན་བར་དགོན་སྡེ་དང༌།རི་ཁྲོད་སོགས་ལ་ཟབ་རྒྱས་ཆོས་འཁོར་བསྐོར།བཀྲ་ཤིས་འཁྱིལ་གྱི་གདན་རབས་སོགས་གསུང་རབ་བཀའ་འགྲེལ་མང་པོ་ལྗགས་རྩོམ་དང༌།གཞན་ཡང་སྐུ་གསུང་ཐུགས་རྟེན་བསམ་བརྗོད་ལས་འདས་པ་གསར་བཞེངས་མཛད།དགུང་ལོ་དགུ་བཅུ་སྟེ་ཆེ་གླང་1853 ལོ་ལ་སྐུ་གཤེགས།གསུང་འབུམ་པོད་བཅུ་གཉིས་བཞུགས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn     

བརྒྱུད་འགོད།