བཀྲ་ཐང་བློ་བཟང་ཆོས་ཀྱི་ཉི་མའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-05-05 11:56:28     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

 པར་བོད།ཤོག་གྲངས།

00851 དང་པོ།

ཀབླ་མའི་རྣལ་འབྱོར་དགེ་ལེགས་ཀུན་འབྱུང་ལ། 5

ཁཡན་ལག་བདུན་པ་རྒྱས་པ་བྱ་ཚུལ་བསོད་ནམས་ཆེ་གཏེར་ལ། 23

གསྟོབས་ལྔའི་ཉམས་ལེན་བྱ་ཚུལ་དམ་ཆོས་སྙིང་པོ་ལ། 19

ངབློ་སྦྱོང་བྱང་ཆེན་བགྲོད་པའི་བདེ་ལམ་ལ། 22

ཅཐུན་དྲུག་རྣལ་འབྱོར་བསྡུས་པ་གསང་སྔགས་སྡོམ་ཆེན་ལ། 4

ཆམི་དགེ་བཅུ་སྤོང་གི་སྨོན་ལམ་བསྡུས་པ་མངོན་མཐོའི་ལམ་བཟང་དང༌།

བྱང་སེམས་ཀྱི་་བསླབ་བྱའི་སྡོམ་ཚིག་བྱང་ཆེན་མྱུར་ལམ།གསང་སྔགས་ཀྱི་་བསླབ་བྱའི་སྡོམ་ཚིག་དངོས་གྲུབ་རྩ་བ་བཅས་ལ། 21

ཇའཇིགས་བྱེད་གཙོ་རྐྱང་གི་སྒོམ་བཟླས་བྱ་ཚུལ་དངོས་གྲུབ་འབྱུང་གནས་ལ། 23

ཉརྣམ་རྒྱལ་སྟོང་མཆོད་འབུལ་ཚུལ་གྱི་ཆོ་ག་ནག་འགྲོས་སུ་བཀོད་པ་ལ། 23

ཏསྨན་བླའི་སྟོང་མཆོད་འབུལ་ཚུལ་ལ། 2

393

ཐཚེ་དབང་བསྐུར་ཚུལ་ལག་ལེན་རབ་གསལ་ལ། 18

དདབང་ཆེན་མ་ཐོབ་པའི་སློབ་མ་སྣོད་མིན་ལ་ཚེ་དབང་བརྒྱ་རྩ་བསྐུར་ཚུལ་ལ། 2

ནཚེ་ཐར་གཏོང་ཚུལ་ལ། 3

པརྟ་མགྲིན་གསང་སྒྲུབ་ཀྱི་རྗེས་གནང་བསྐུར་ཚུལ་དངོས་གྲུབ་གཏེར་མཛོད་དང་བརྒྱ་རྩ་གྲངས་གསོག་བྱ་ཚུལ་ལ། 22

ཕརབ་གནས་སྣ་ཚོགས་བྱ་ཚུལ་བྱིན་རླབས་ཆར་འབེབས་ལ། 25

བཉེར་མཁོ་ཁ་ཚར་ལ། 9

མདཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་ཆར་འབེབས་བྱ་ཚུལ་དགོས་འདོད་ཆར་འབེབས་དང་མཚོར་རབ་གནས་བྱ་ཚུལ་བཅས་ལ། 32

ཙཀླུ་འབུམ་དང་ས་བཅུད་རྐྱང་པ་ཡི་གཏེར་བུམ་སྒྲུབ་ཚུལ་འདོད་རྒུ་ཀུན་འབྱུང་ལ། 13

ཚགཏོར་མ་བརྒྱ་རྩ་གཏོང་ཚུལ་བསྡུས་པ་ཚིག་ཉུང་དོན་ཚང་ལ། 14

ཛའཕོ་བའི་དམིགས་སྐོར་ཞིང་མཆོག་སྒོ་འབྱེད་ལ། 4

ཝཚེ་འདས་ལ་འཕོ་བ་བྱ་ཚུལ་ཉམས་ཐག་དབུགས་འབྱིན་ལ། 19

ཞགཅོད་བསྡུས་པ་གཅེས་འཛིན་བྲག་རི་འཇོམས་པའི་ཡེ་ཤེས་གནམ་ལྕགས་ལ། 5

ཟཕྱོགས་བཅུ་མུན་སེལ་བསྡུས་པ་དང་གཟའ་སྲུང་སོགས་ཉེར་མཁོ་འགའ་ཞིག་ལ། 9

འམགུར་མ་དགའ་སྡུག་གཉིས་ཚང་ལ། 3

ཡབསྔོ་བ་བསྡུས་པ་ཕན་བདེ་ལམ་སྟོན་ལ། 4

རམི་དགེ་བཅུ་སྤོང་གི་སྨོན་ལམ་ཆགས་སྡང་སོགས་ཉོན་མོངས་ཀྱི་གཉེན་པོ་བསྟེན་ཚུལ་བཅས་ངན་འགྲོའི་སྒོ་བགེགས་

ལ། 11

ལཇ་མཆོད་དང་འབྲེལ་ཐོབ་སྨོན་ལམ་བསྡུས་པ་ལ། 3

ཤསྡིག་བཤགས་དང་སྨོན་ལམ་བཅས་ཚང་བ་མཐོ་རིས་ལམ་སྟོན་ལ། 3

སསྨོན་ལམ་བསྡུས་པ་ནོར་བུ་ཀུན་འདུས་ལ། 4

ཧསྨོན་ལམ་འབྲིང་པོ་དོན་གཉིས་དོན་གྲུབ་མ་ལ། 6

ཨསྨོན་ལམ་རྒྱས་པ་འདོད་དོན་ཀུན་གྲུབ་ལ། 17

ཀིསྤྱན་རས་གཟིགས་ལ་གསོལ་བ་བཏབ་ཚུལ་ཐར་ལམ་གསལ་སྟོན་ལ། 7

00852 གཉིས་པ།

ཁུརྣམ་དབྱེ་ཕྲད་དང་བཅས་པའི་དཔེར་བརྗོད་མུ་ཏིག་དཀར་པོའི་དོ་ཤལ་ལ། 11

394

གེརྫ་རག་གསེར་ལྡན་གྱི་རྣམ་ཐར་མཁས་བླུན་ཀུན་གྱི་རྣ་བར་འཇེབས་པའི་གླིང་བུའི་སྒྲ་དབྱངས་ལ། 57

ངོསྔོན་འགྲོའི་ཁྲིད་ཆེན་བཞི་བསགས་ཚུལ་སྡིག་སྒྲིབ་མུན་པ་འཇོམས་པའི་སྒྲོན་མེ་ལ། 7

ཅིསྦྱོར་བའི་ཆོས་དྲུག་གི་གནད་རྣམས་ཚང་བའི་ཡན་ལག་བདུན་པ།ལམ་ལ་བློ་སྦྱོང་ཚུལ།གདུང་དབྱངས་གསོལ་འདེབས་བཅས་སྙིང་པོ་ཀུན་འདུས་པའི་བླ་མའི་རྣལ་འབྱོར་དངོས་གྲུབ་ཀུན་འབྱུང་ལ། 42

ཆེསྤྱན་རས་གཟིགས་ཀྱི་བླ་མའི་རྣལ་འབྱོར་བྱིན་རླབས་འབྱུང་གནས་ལ། 12

ཇེདབྱངས་ཅན་མའི་བླ་མའི་རྣལ་འབྱོར་བློ་གྲོས་དཔལ་སྟེར་ལ། 6

ཉོ་གསུར་གཏོང་ཚུལ་བར་དོ་དབུགས་འབྱིན་ལ། 4

ཏིདགའ་ལྡན་ལྷ་བརྒྱ་མ་དང་འབྲེལ་བའི་བླ་མའི་རྣལ་འབྱོར་དང་འཕོ་བ་ཐུན་མོང་མ་ཡིན་པ་དགའ་ལྡན་མྱུར་ལམ་ལ། 8

ཐུཐུན་དྲུག་བསྡུས་པའི་སྡོམ་ཚིག་དང་མི་དགེ་བཅུ་སྤོང་སྨོན་ལམ།བྱང་སེམས་བསླབ་བྱའི་སྡོམ་ཚིག་གསང་སྔགས་

བསླབ་བྱའི་སྡོམ་ཚིག་དཀོར་སྦྱོང་གི་གཟུངས།དམ་ཚིག་རྡོར་བཟླས།རྡོར་སེམས་སྒོམ་བཟླས་བཅས་ལ། 5

དེཆོས་བརྒྱད་མགོ་སྙོམས་ཀྱི་གདམས་པ་ལ། 3

ནོརྐྱེན་བཟློག་སྐུ་རིམ་དང་ཉམས་ལེན་ངོས་འཛིན་གསེར་གྱི་ཡང་ཞུན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་པའི་ཕན་ཡོན་རྒྱལ་བ་དགྱེས་པའི་ལམ་བཟང་ལ། 10

པིསྨྱུང་གནས་ཕན་ཡོན་དགེ་བསྐུལ་སྙན་པའི་སྒྲ་དབྱངས་ལ། 4

ཕུའཆི་མེད་རྡོ་རྗེའི་སྲོག་ཤིང་གི་ཚེ་སྒྲུབ་དང་ཚེ་དབང་བསྐུར་ཚུལ་མདོར་བསྡུས་པ་འཆི་མེད་དཔལ་སྟེར་ལ། 17

བེརྟ་མགྲིན་གསང་སྒྲུབ་ཀྱི་སྒྲུབ་ཐབས་དྲེག་པ་ཀུན་འདུས་ལ། 4

མོཛམ་ལྷ་དཀར་པོ་ལྷ་ལྔའི་སྒྲུབ་ཐབས་དངོས་གྲུབ་ཆར་འབེབས་ལ། 8

ཙིགཅོད་གཞུང་རྒྱས་པ་མཆོད་སྦྱིན་བརྒྱ་པའི་ངག་འདོན་ལ། 7

ཚུབསངས་མཆོད་བཀྲ་ཤིས་འཁྱིལ་བའི་ལྷན་ཐབས་ལྷ་ཀླུ་དགྱེས་བྱེད་ལ། 5

ཇེརང་ཉིད་ཆོས་ལ་སྐུལ་བྱེད་ཀྱི་དྲན་གསོལ། 1

ཝོམི་རྟག་པའི་མགུར་མ་ལ། 3

ཞིའཆི་ཁར་ཕན་པའི་གདམས་པ་ཟབ་མོ་ལ། 3

ཟུབསྔོ་སྨོན་བསྡུས་པ་རྣམ་སྦྱར་བྱིན་རླབས་མྱུར་གྲུབ་ལ། 16

འེཚེ་ལྡན་ལ་ཆོ་ག་བྱ་ཚུལ་ནག་འགྲོས་སུ་བཀོད་པ་ལ། 11

ཡོདཔལ་རྡོ་རྗེ་འཇིགས་མཛད་ཀྱི་དྲག་པོའི་སྦྱིན་སྲེག་གི་ཆོ་ག་དགྲ་བགེགས་བསྲེགས་པའི་མེ་ཕུང་ལ། 16

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།བཀྲ་ཐང་བློ་བཟང་ཆོས་ཀྱི་ཉི་མ་ནི་ཇེ་འཕེལ་ཐོག་ཡབ་ཨ་འགྲུ་དང་ཡུམ་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ཆེ་ལུག 1763 ལོ་ལ་འཁྲུངས།རིང་པོར་མ་ལོན་པར་ཆོས་སྡེ་ཆེན་པོ་དགའ་ལྡན་དོན་གྲུབ་གླིང་དུ་མངའ་གསོལ།དགུང་ལོ་བདུན་ཐོག་ཀླུ་སྒྲུབ་མཆོག་སྤྲུལ་ངག་དབང་འཇིགས་མེད་ནས་གཙུག་ཕུད་བཞེས་ཏེ་མཚན་བློ་བཟང་ཉི་མ་བསྟན་པའི་རྒྱལ་མཚན་དུ་གསོལ།དགེ་བའི་བཤེས་གཉེན་བློ་བཟང་དཔལ་སྦྱིན་གྱི་དྲུང་ནས་བར་མ་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས།ཁུ་བོ་ཀླུ་སྒྲུབ་ཀྱི་མདུན་ནས་ཡི་གེ་འབྲི་ཀློག་གསན།དེ་ནས་དབུས་ཕྱོགས་སུ་བྱོན་ཏེ་བླ་བློ་གླིང་གི་ཆོས་གྲྭར་ཞུགས།གཞུང་པོད་ལྔར་གསན་སྦྱངས་མཛད།པཎ་ཆེན་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།གླིང་བསྲེའི་མཚན་བཏགས་མཛད་དེ་མདོ་སྨད་དུ་བྱོན་ནས་ཆོས་སྡེ་དོན་གྲུབ་གླིང་དང༌།ཕྲ་ནག་བདེ་ཆེན།བཀྲ་ཐང་སོགས་དགོན་སྡེ་ཁག་ལ་བཤད་སྒྲུབ་ཀྱི་བྱ་བ་རྒྱ་ཆེར་མཛད།ཆོས་སྡེ་དོན་གྲུབ་གླིང་དུ་མཚན་ཉིད་སྐྱེ་བཤད་གྲྭ་བཙུགས།དགུང་ལོ་ང་དགུ་སྟེ་ལྕགས་སྦྲུལ་1821 ལོ་ལ་སྐུ་གཤེགས།གསུང་འབུམ་པོད་གཉིས་བཞུགས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn   

བརྒྱུད་འགོད།