ཀློང་རྡོལ་དྲུང་ཡིག་དམ་ཆོས་ཡར་འཕེལ་གྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-05-05 08:38:14     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

 བར་བོད།ཤོག་གྲངས།

00849

ཀལམ་རིམ་ཚིགས་བཅད་འོད་དཀར་འཕྲོ་བ་ལས་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱོང་ཚུལ་ལ།101

ཁལམ་རིམ་ཚིགས་བཅད་ལས་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱོང་ཚུལ་ལ། 45

གལམ་རིམ་ཚིགས་བཅད་ལས་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ། 115

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།ཀློང་རྡོལ་དྲུང་ཡིག་དམ་ཆོས་ཡར་འཕེལ་ནི་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་དཀྱིལ་ཙམ་ལ་འཁྲུངས་པ་དང༌།རྗེ་འདིས་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དང༌།ཀློང་རྡོལ་ངག་དབང་བློ་བཟང་སོགས་བསྟེན་ནས་ལམ་རིམ་གྱི་གསུང་ཆོས་ཐེངས་ཉི་ཤུ་ལྷག་ཙམ་ཞུས་ནས་སྙེ་ཐང་རིན་ཆེན་གླིང་དུ་སྒྲུབ་པ་རྩེ་གཅིག་མཛད་འདུག་རྗེ་འདིའི་མཛད་རྣམ་མ་རྙེད་པས་ཞིབ་ཆ་འབྲིར་མ་སྤོབས།གསུང་འབུམ་པོད་གཅིག་བཞུགས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn   

བརྒྱུད་འགོད།