རྒྱལ་མཁན་ཆེན་གྲགས་པ་རྒྱལ་མཚན་གྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-05-05 08:37:37     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

 པར་པོད།ཤོག་གྲངས།

00845 ཀ

1 མཉམ་མེད་ཐུབ་པའི་དབང་པོའི་མཛད་པ་བཅུ་གཉིས་ལས་བརྩམས་པའི་རྟོགས་བརྗོད་མུ་ཏིག་ཕྲེང་བ་ལ། 34

2 མཉམ་མེད་ཤྰཀྱའི་རྒྱལ་པོ་དང་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ཀྱི་རྟོགས་བརྗོད་ལྷའི་དཔག་བསམ་ལྗོན་ཤིང་ལ། 46

3 རྗེའི་གསོལ་འདེབས་བསམ་པ་དོན་གྲུབ་ལ། 5

4 རྗེ་ཉིད་ཀྱི་རྣམ་ཐར་གསོལ་འདེབས་ནོར་བུའི་ཕྲེང་བ་ལ། 4

5 མདོ་སྡེ་ལྡན་གྱི་མཆན་འགྲེལ་ལ། 156

6 སྐབས་གསུམ་པའི་སྡོམ་ཚིག་དཀའ་གནད་ཚོན་རིག་འབུམ་ཕྲག་བཀྲ་བའི་མེ་ལོང་ལ། 7

7 རྒྱལ་སྲས་ལག་ལེན་གྱི་འགྲེལ་པ་དང་པར་བྱང་དང་བཅས་པ་ལ། 63

8 བློ་སྦྱོང་ཚིག་བརྒྱད་མའི་ཉམས་ལེན་བདུད་རྩིའི་སྙིང་པོ་ལ། 4

00846 ཁ

1 བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཊིཀྐ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་ལ། 261

2 མིའམ་ཅིའི་རྒྱལ་པོའི་དྲིས་ལན་གྱི་འགྲེལ་པ་བདུད་རྩིའི་སྙིང་པོ་ལ། 20

000847 ག

1 རྗེ་བསྟན་པའི་སྒྲོན་མེའི་གསོལ་འདེབས་དངོས་གྲུབ་སྙེ་མ་ལ། 6

2 དགའ་ལྡན་ལྷ་བརྒྱ་མའི་ཁྲིད་ཡིག་ལས་ཚོགས་དང་བཅས་པ་ལ། 22

3 དགའ་ལྡན་ལྷ་བརྒྱ་མའི་ཁྲིད་ཡིག་བྱིན་རླབས་མྱུར་འཇུག་ལ། 4

4 འཇིགས་བྱེད་བསྐྱེད་རིམ་དམར་ཁྲིད་དངོས་གྲུབ་གཏེར་མཛོད་པར་བྱང་དང་བཅས་པ་ལ། 81

5 རྒྱུད་སྡེ་བཞིའི་ལྷའི་བསྙེན་ཡིག་བདུད་རྩིའི་རོལ་མཚོ་ལ། 44

6 ཐུན་དྲུག་རྣལ་འབྱོར་དངོས་གྲུབ་ཀུན་འབྱུང་ལ། 3

7 དྲིལ་བུ་ལྷ་ལྔའི་དབང་ཆོག་གསལ་བའི་སྒྲོན་མེ་གནས་ལ། 19

8 རྟ་མགྲིན་གསང་སྒྲུབ་ཀྱི་དབང་ཆོག་ནོར་བུའི་ཕྲེང་བ་ལ། 4

9 འཇམ་དཔལ་ཞི་ཁྲོའི་ཞི་བའི་སྦྱིན་སྲེག་ལ། 10

10 ཁྲོ་བཅུའི་སྦྱིན་སྲེག་དངོས་གྲུབ་དཔལ་འབར་ལ། 10

11 སྒྲོལ་ལྗང་སྦྱིན་སྲེག་ལ། 13

12 རྒྱལ་བརྒྱ་མཚོའི་མངོན་རྟོགས་ལ། 8

13 ཡུམ་ཆེན་མོའི་མངོན་རྟོགས་ལ། 5

14 རྣམ་རྒྱལ་མའི་སྒྲུབ་ཐབས་ལ། 4

15 ཚོགས་བདག་དམར་པོའི་སྒྲུབ་ཐབས་ལ། 5

16 ཛམ་དཀར་བསྐང་བཤགས་ལ། 10

17 དེའི་སྦྱིན་སྲེག་གི་ཆོ་ག་ལྷའི་ཆེ་བོ་ལ། 12

18 མགོན་དཀར་གཡང་འབོད་འདོད་དོན་འདབ་བརྒྱ་འབྱེད་པའི་ཉིན་བྱེད་ལ། 9

19 མགོན་པོ་དབང་རྒྱལ་གྱི་གཏོར་ཆོག་ཡིད་བཞིན་འགུགས་པའི་ལྕགས་ཀྱུ་ལ། 9

20 དམ་ཅན་ནོར་སྒྲུབ་ནོར་བུའི་གཏེར་མཛོད་ལ། 10

21 ཚེ་རིང་མཆེད་ལྔ་སོགས་བོད་ཁམས་སྐྱོང་བའི་ཡུལ་ལྷ་རྣམས་ལ་མཆོད་གཏོར་འབུལ་ཚུལ་ལ། 10

22 དགྲ་ལྷ་མཆེད་དགུའི་དཔང་བསྟོད་བདུད་རྩིའི་རོལ་མཚོ་ལ། 13

00848 ང

1 བསྟོད་ཚོགས་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ལ། 20

2 རི་བོ་རྩེ་ལྔའི་གནས་བསྟོད་ཚངས་པའི་སྒྲ་དབྱངས་ལ། 15

3 འཕགས་པ་ཐུགས་རྗེ་ཆེན་པོའི་གཟུངས་སྔགས་ཟབ་མོའི་ཕན་ཡོན་བརྗོད་པ་དྲང་སྲོང་བདེན་ཚིག་གྲུབ་པའི་དབྱངས་སྙན་ལ། 10

4 རྗེ་བཙུན་ནྰ་རོ་མཁའ་སྤྱོད་མ་ལ་བརྟེན་པའི་འཕོ་བ་མཁའ་སྤྱོད་ཞིང་དུ་བགྲོད་པའི་ཐེམ་སྐས་ལ། 6

5 ཡི་དམ་སྒྲུབ་སྐོར་དངོས་གྲུབ་ཀུན་འབྱུང་ལ། 14

6 གསོལ་འདེབས་བདེན་ཚིག་དོན་གྲུབ་ལ། 10

7 མགུར་མ་ཐར་འདོད་བུང་བའི་སྒྲ་དབྱངས་ལ། 17

8 དགེ་བ་རྫོགས་བྱང་དུ་བསྔོ་བའི་སྨོན་ཚིག་ལ། 19

9 སྤྲུལ་སྐུ་མྱུར་བྱོན་སྐོར་ཕན་བདེའི་ཉི་མ་འདྲེན་པའི་ཤིང་རྟ་ལ། 11

10་བསུར་བསྔོ་ཚུལ་བདེ་ལེགས་འབྱུང་གནས་ལ། 5

11 ཟབ་ལམ་གཅོད་ཀྱི་རྒྱུན་ཁྱེར་མཁའ་འགྲོའི་ཞལ་ལུང་ལ། 6

12 དཔལ་གསང་བའི་བདག་པོ་ལ་བརྟེན་ནས་གཟའ་ཀླུའི་དུག་དབྱུང་བྱ་ཚུལ་ལ། 14

13 གཟའ་ཆོག་ཆེན་པོར་མཆོད་གཏོར་འབུལ་ཚུལ་ལ། 3

14 རྒྱལ་བའི་བསྟན་སྲུང་ཆེན་མོ་མ་ཅིག་གྲགས་རྒྱལ་གྱི་གསོལ་མཆོད་ལ། 6

15 ལྷ་ཆེན་ཚངས་པ་ཆེན་པོའི་གཏོར་ཆོག་དངོས་གྲུབ་ཆར་འབེབས་ལ། 4

16 ཡུལ་སྐྱོང་གཞི་བདག་རྣམས་ཀྱི་་བསངས་ཀྱི་ཆོ་ག་དགེ་ལེགས་ཆར་འབེབས་ལ། 25

17 དྲན་པ་ཤེས་རབ་བཀྲ་ཤིས་ཀྱི་རྣམ་ཐར་མུ་ཐི་ལིའི་ཕྲེང་བ་ལ། 10

18 རྗེ་མཁས་གྲུབ་འཕྲིན་ལས་དབང་ཕྱུག་གི་རྣམ་ཐར་མདོ་ཙམ་བརྗོད་པ་བདུད་རྩིའི་རྫིང་བུ་ལ། 15

19 ཚིག་བཀྲའི་སྐོར་ལ། 5

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།རྒྱལ་མཁན་ཆེན་གྲགས་པ་རྒྱལ་མཚན་ནི་མདོ་སྨད་ལྷོ་རྒྱུད་ཀྱི་ས་ཆར་འབོར་ཞེས་པའི་གྲོང་སྡེ་རུ་ཡབ་སྐྱབས་དང༌།ཡུམ་ལྷ་མོ་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་ཆེ་རྟ་1762 ལོ་ལ་འཁྲུངས།དགུང་གྲངས་བདུན་པར་ཕེབས་པ་ན་དགེ་སློང་ཚུལ་ཁྲིམས་རྒྱ་མཚོའི་དྲུང་དུ་ཀ་མད་སྦྱོར་ཀློག་བཅས་སྦྱངས།དགུང་ལོ་བཅུ་གཅིག་པར་སེ་ར་དགེ་བཤེས་བློ་བཟང་ཆོས་འཕེལ་མདུན་རབ་ཏུ་བྱུང༌།མཚན་བློ་བཟང་དོན་གྲུབ་ཅེས་གསོལ།དགུང་ལོ་བཅུ་གཉིས་

པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་གུང་ཐང་རིན་པོ་ཆེ་དང་ལྷན་ཅིག་ཆོས་གྲྭར་ཞུགས།དགུང་ལོ་བཅུ་དྲུག་པར་རྗེ་བསོད་ནམས་དབང་རྒྱལ་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས།སྐབས་དེར་འཇམ་བཞད་དཀོན་མཆོག་འཇིགས་མེད་དབང་པོས་ཁོང་སྒོ་མང་བླ་མ་སངས་རྒྱས་རྡོ་རྗེའི་ཡང་སྲིད་དུ་ངོས་འཛིན་མཛད་དེ་ཁྲིར་བཀོད།ལྷ་ཞིས་བཀའ་བཅུ་པ་དང་ཁ་གྱ་དར་རྒྱས་གཉིས་སློབ་དཔོན་དུ་བསྟེན་ནས་གཞུང་པོད་ལྔ་ལ་གོ་རིམ་ལྡན་པར་གསན་སྦྱོང་མཛད།དགུང་ལོ་ཉེར་གཅིག་པར་རྗེ་འཇམ་བཞད་མདུན་ནས་དགེ་སློང་གི་སྡོམ་པ་བཞེས།མཚན་གྲགས་པ་རྒྱལ་མཚན་ཞེས་གསོལ།དགེ་བཤེས་བློ་བཟང་འཇིགས་མེད་མདུན་སྙན་ངག་སྦྱངས།དགུང་ལོ་ཉེར་གཉིས་པ་ཆེ་མོ་ཡོས་ཀྱི་ལོའི་ཟླ་བ་དྲུག་པའི་ཚེས་དྲུག་ལ་དབུས་སུ་ཕེབས་ནས་ཟླ་བ་དགུ་པར་ལྷ་ལྡན་དུ་འབྱོར།གཙུག་ལག་ཁང་དང་དགོན་གནས་ཡོངས་ལ་གནས་མཇལ་ཕེབས་ཤིང་ཁྱད་པར་རྩེ་པོ་ཏ་ལརརྒྱལ་བ་འཇམ་དཔལ་རྒྱ་མཚོ་མཇལ།དེ་ནས་བླ་སྒོ་མང་དུ་གྲྭ་སར་ཞུགས།ཧོར་སྐལ་བཟང་དོན་གྲུབ་དང་གུང་ཐང་རིན་པོ་ཆེ་གཉིས་དགེ་རྒན་དུ་བསྟེན་དགུང་ལོ་ཉེར་ལྔ་པར་འཇམ་དབྱངས་བཞད་པ་དབུས་སུ་ཕེབས་པ་དང་ལྷན་དུ་དགའ་ལྡན་དགོན་སོགས་མཇལ་བ་བརྒྱུད་གཙང་དུ་ཕེབས།བཀྲ་ཤིས་ལྷུན་པོར་པཎ་ཆེན་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་མཇལ།དེ་ནས་བླ་སྒོ་མང་དུ་ཕྱིར་ཕེབས་ཏེ་སློབ་གཉེར་མཛད།སྐབས་དེར་འཇམ་དབྱངས་བཞད་པས་ཁོང་རྒྱལ་གྱི་གདན་སར་བསྐོ་བཞག་གི་བཀའ་གནང་བའི་རྐྱེན་གྱིས་ཆོས་འཁོར་རྒྱལ་གྱི་གདན་ཁྲིར་ཕེབས།དེར་ཡུན་རིང་མ་འགོར་བར་འོལ་ཁ་སོགས་བརྒྱུད་དེ་སྒོ་མང་དུ་ཕེབས།མུ་མཐུད་གཞུང་ལ་གསན་བསམ་མཛད།དེ་ནས་ལྷ་ལྡན་སྨོན་ལམ་ཆེན་མོར་གྲྭ་སྐོར་མཚན་བཏགས་ཀྱིས་ལྷ་རམས་པ་ཨང་དང་པོ་ཐོབ།དགུང་ལོ་ཉེར་བདུན་པ་ལ་འཇམ་བཞད་འཇིགས་མེད་དབང་པོའི་བཀའ་ལྟར་བླ་བྲང་དགོན་དུ་ཕེབས།འཇམ་དབྱངས་བཞད་པས་ཁོང་བླ་བྲང་མཁན་པོར་བསྐོས།འཆད་རྩོད་རྩོམ་གསུམ་གྱི་བྱ་བ་དང་དགོན་པར་རྟེན་གསར་བཞེངས་སོགས་མཛད།དགུང་ལོ་སུམ་ཅུ་པར་རྗེ་འཇིགས་མེད་དབང་པོས་རང་ཉིད་ཀྱིས་རྒྱུན་དུ་སྤྱོད་རྒྱུའི་ཐུབ་སྐུ་གསེར་ཟངས་མ་དང༌།ལྷུང་གཟེད།ཆེ་ཚགས།ལས་ཆོག་གི་དཔེ་ཆ་རྣམས་ཀོང་ལ་གནང་ཞིང༌།དེ་མཚུངས་སུ་ངེད་བསྡད་མེད་དུས་གཞུང་གི་དོན་ཆེ་ཕྲ་ཚང་མ་ངེད་སྒུག་སྡོད་མི་དགོས།མཁན་པོ་ཞབས་དྲུང་ལ་ཞུས་ནས་ཐག་བཅད་ན་ཆོག་ཅེས་དྲིལ་བསྒྲགས།དེ་ནས་བཟུང་བཀྲ་ཤིས་འཁྱིལ་གྱི་ཆོས་དང་འཇིག་རྟེན་བྱ་བ་ཡོངས་ཀྱི་འགན་འཁུར་བཞེས།ལོ་དེའི་ཟླ་བ་བཅུ་པར་ཁོང་གན་གྱི་ཕྱོགས་སུ་འབུལ་སྡུད་ལ་ཕེབས་པའི་ལམ་བར་འཇམ་བཞད་གཤེགས་པའི་གཏམ་ངན་གསན་ཚེས་ཉེར་དགུ་ལ་བླ་བྲང་དུ་རྗེའི་སྐུ་གདུང་མཇལ།དགུང་ལོ་སོ་གསུམ་པར་བླ་བྲང་གཟིམ་ཁང་གསར་འདེབས་ཀྱི་དབུ་བཙུགས།འབུལ་སྡུད་ཆེད་མཚོ་སྔོན་པོར་ཕེབས།ལོ་གཉིས་ཙམ་འགོར།དེ་ནས་བླ་བྲང་དུ་ཕྱིར་ཕེབས་པའི་ལོ་གཉིས་པར་བྱམས་སྐུ་ལྷ་ཁང་དང་བཅས་པ་ལེགས་པར་གྲུབ་སྟེ་རབ་གནས་མཛད།དགུང་ལོ་བཞི་བཅུ་པར་བླ་བྲང་ཚོགས་ཆེན་གྱི་གདན་ཁྲིར་ཕེབས།དགུང་ལོ་ཞེ་གསུམ་ཁྲི་འཛིན་དགོངས་པ་ཞུས་ཏེ་འཇམ་བཞད་ཡང་སྲིད་ཚོགས་དབུས་སུ་གདན་དྲངས།ཕྱི་ལོ་ནས་བཟུང་དབེན་གནས་བཀྲ་ཤིས་དགེ་འཕེལ་དུ་ཕེབས།སྐུ་མཚམས་བཅད།དགུང་ལོ་ང་དྲུག་ཙམ་གྱི་དུས་སུ་ལྷ་འབངས་ཁ་གྱ་དང༌།དངུལ་ར་ཚོ་གཉིས་ཀྱི་་བར་འཁྲུག་རྩོད་བྱུང་བར་སྐུ་མ་མཚས་གྲོལ་ནས་བར་འདུམ་ལ་བྱོན།དེ་ནས་ཡང་ཚོགས་ཆེན་གྱི་གདན་ཁྲིར་འཁོད།མདོར་ན་ཁོང་གི་སྐུ་ཚེ་ཧྲིལ་པོར་ཚོགས་ཆེན་གདན་ཁྲིར་ལན་གསུམ་ཕེབས་ཏེ་ཆོས་སྲིད་ཀྱི་བྱ་བ་ལེགས་པར་བསྒྲུབས།སྐུ་ཚེའི་མཇུག་ཏུ་སྒྲུབ་པ་ཉམས་ལེན་ཁོ་ནར་འབད་དེ་དུས་འདའ་བར་མཛད།དགུང་ལོ་དོན་བཞི་སྟེ་ཤིང་ལུག 1835 ལོ་ལ་སྐུ་གཤེགས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn   

 

བརྒྱུད་འགོད།