གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-05-05 08:36:08     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

 

བར་པོད།ཤོག་གྲངས།

00826 ཀ

1 འཇམ་མགོན་རྒྱལ་བ་གཉིས་པ་ལ་བསྟན་པའི་སྙིང་པོ་གསལ་བར་མཛད་པའི་ཚུལ་ལས་བརྩམས་ཏེ་བསྟོད་པ་དོན་

ལྡན་པ་ཞེས་བྱ་བ་ལ། 4

2 དེའི་བསྟོད་པ་དོན་དང་ལྡན་པའི་རྒྱ་ཆེར་འགྲེལ་པ་བསྟན་པའི་དེ་ཉིད་སྣང་བ་ལ། 131

3 འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་སྡུད་པ་མཆན་དང་བཅས་པ་ལ། 31

4 འགྲེལ་པ་དོན་གསལ་གྱི་སྟེང་ནས་རྒྱས་འབྲིང་བསྡུས་གསུམ་མངོན་རྟོགས་ལྡན་རྩ་འགྲེལ་སོགས་མདོ་ལྡན་སྦྱར་བའི་གཟབ་བཤད་ཀྱི་ཟིན་བྲིས་སྦས་དོན་གསལ་བའི་སྒྲོན་མེ་ལ། 174

5 ཤེས་རབ་སྙིང་པོའི་སྔགས་ཀྱི་རྣམ་བཤད་སྦས་དོན་གསལ་བ་ལ། 17

6 དབུ་མ་ལ་འཇུག་པའི་ས་བཅད་ལ། 10

7 འདུལ་བ་རྒྱ་མཚོའི་དཀའ་གནད་མདོར་བསྡུས་ནོར་བུའི་ཕྲེང་བ་ལ། 45

8 ཆོས་མངོན་པ་མཛོད་སྐྱེ་བསྡུས་དོན་ཆོས་མངོན་རྒྱ་མཚོར་འཇུག་པའི་གྲུ་གཟིངས་ལ། 43

དཀར་ཆག་ལ། 2

00827 ཁ

1 ཕར་ཕྱིན་སྐབས་དང་པོའི་མཐའ་དཔྱོད་ཀྱི་མཆན་འགྲེལ་རྩོམ་འཕྲོ་ཅན་ལ། 110

2 སྐབས་བཞི་པའི་བསྡུས་དོན་རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་ལ་གནང་བ་ལ། 26

3 ཡིད་དང་ཀུན་གཞིའི་དཀའ་གནད་རྣམ་པར་བཤད་པ་མཁས་པའི་འཇུག་ངོགས་ལ། 64

4 དྲང་ངེས་རྣམ་འབྱེད་ཀྱི་དཀའ་འགྲེལ་རྩོམ་འཕྲོ་ལེགས་བཤད་སྙིང་པོའི་ཡང་སྙིང་ལ། 161

5 བསྟན་བཅོས་ལེགས་པར་བཤད་པའི་སྙིང་པོ་ལས་སེམས་ཙམ་སྐོར་གྱི་མཆན་འགྲེལ་རྩོམ་འཕྲོ་རྣམ་རིག་གཞུང་བརྒྱའི་སྣང་བ་ལ། 76

6 བདེན་བཞིའི་རྣམ་གཞག་ཐར་འདོད་འཇུག་ངོགས་མཁས་པའི་དགའ་སྟོན་ལ། 19

དཀར་ཆག་ལ།1

00828 ག

1 རྟེན་འབྲེལ་གྱི་རྣམ་གཞག་ལུང་རིགས་བང་མཛོད་ལ། 34

2 རྣམ་ཐར་སྒོ་གསུམ་གྱི་རྣམ་པར་གཞག་པ་ལེགས་བཤད་རྒྱ་མཚོའི་རྦ་རླབས་ལ། 11

3 དམིགས་པ་བརྟག་པའི་འགྲེལ་པ་ཕྱོགས་གླང་དགོངས་ལྡན་ལ། 5

4 རིགས་ལམ་འཕྲུལ་གྱི་ལྡེ་མིག་ལ། 11

5 གྲུབ་མཐའ་བཞིའི་འདོད་ཚུལ་སོགས་དྲིས་ལན་སྣ་ཚོགས་ཀྱི་སྐོར་ཞལ་ལུང་བདུད་རྩིའི་ཐིགས་ཕྲེང་ལ། 22

6 བསྔོ་བའི་རྒྱལ་པོ་བསྟན་འབར་མའི་དགོངས་དོན་རྒྱ་ཆེར་འགྲེལ་པ་ལེགས་བཤད་བསྟན་པའི་སྒྲོན་མེ་ལ། 51

7 བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་ཁྲིད་ཡིག་ཕན་བདེའི་ལམ་བཟང་གསལ་བའི་སྒྲོན་མེ་ལ། 21

8 བྱང་ཆུབ་ལམ་གྱི་རིམ་པའི་སྔོན་འགྲོ་སྦྱོར་བའི་ཆོས་དྲུག་ལག་ཏུ་ལེན་ཚུལ་གསལ་བར་བཀོད་པ་ལམ་བཟང་སྒྲུབ་པའི་འཇུག་ངོགས་ལ། 19

9 ལམ་རིམ་བདེ་ལམ་གྱི་བརྒྱུད་འདེབས་ལ། 1

10 ཡོངས་འཛིན་རིན་པོ་ཆེ་ཡེ་ཤེས་རྒྱལ་མཚན་ནས་བདེ་ལམ་གྱི་ཁྲིད་གནང་བ་རྗེ་བཙུན་དཀོན་མཆོག་བསྟན་པའི་སྒྲོན་མེ་དཔལ་བཟང་པོས་ཟིན་བྲིས་སུ་གནང་བ་གདུང་སེལ་བདུད་རྩིའི་ཐིགས་པ་ལ། 68

11 བྱང་ཆུབ་བདེ་ལམ་གྱི་དམིགས་སྐོར་ཆ་ཚང་བར་ཚིགས་བཅད་དུ་བསྡེབས་པ་ལམ་མཆོག་སྙིང་པོ་ལ། 8

12 བདག་གཞན་མཉམ་བརྗེ་བསྒོམ་ཚུལ་ལ། 6

13 ཟབ་མོ་ལྟ་བའི་ཟིན་བྲིས་ཐར་ལམ་སྣང་བ་ལ། 22

14 དགེ་ལྡན་ཕྱུག་རྒྱ་ཆེན་པོའི་ཟིན་བྲིས་ཞལ་ལུང་བདུད་རྩིའི་ཐིགས་ཕྲེང་ལ། 29

15 བྱང་ཆུབ་ཀྱི་སེམས་གཉིས་སྒོམ་ཚུལ་ཐེག་པ་མཆོག་གི་འཇུག་ངོགས་ལ། 10

16 ལམ་གྱི་གཙོ་བོ་རྣམ་གསུམ་རྩ་ཚིག་གི་སྟེང་ནས་གཞུང་བསྲངས་ཏེ་ཉམས་སུ་ལེན་ཚུལ་ལ། 5

17 བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱའི་ཁྲིད་ཀྱི་ཟིན་བྲིས་ལ། 10

18 དེའི་ཟབ་གནས་ཡོངས་སུ་རྫོགས་པ་ཐོ་ཙམ་བཀོད་པ་ལ། 8

19 མདོ་སྔགས་ཆ་ཚང་བ་ཉམས་སུ་ལེན་ཚུལ་དགའ་ལྡན་ཞིང་དུ་བགྲོད་པའི་ནོར་བུའི་ཐེམ་སྐས་ལ། 11

20 རྗེ་བཙུན་བྱམས་པ་མགོན་པོ་ལ་བརྟེན་པའི་འཕོ་བའི་རྣམ་གཞག་དགའ་ལྡན་ཞིང་དུ་བགྲོད་པའི་བདེ་ལམ་ལ། 13

21 སྲད་བརྒྱུད་ལུགས་ཀྱི་འཕོ་བའི་གདམས་པ་ངག་འདོན་ཁྲིགས་ཆགས་སུ་བསྡེབས་པ་ལ། 3

22 ཟབ་ལམ་བླ་མའི་རྣམ་འབྱོར་གྱི་མན་ངག་སྙིང་པོའི་རྩ་ཚིག་འགྲེལ་པ་སྙན་བརྒྱུད་གསང་བའི་ལྡེ་མིག་ལ། 39

23 གསང་བདེ་འཇིགས་གསུམ་སོགས་ལྷག་ལྷ་དུ་མ་དང་འབྲེལ་བའི་བླ་མའི་རྣལ་འབྱོར་དངོས་གྲུབ་ཀུན་འབྱུང་ལ། 42

24 མགོན་པོ་འོད་དཔག་མེད་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཞིང་མཆོག་སྒོ་འབྱེད་དང༌།རྩ་བའི་བླ་མ་དང་རྗེ་བླ་མ་དབྱེར་མེད།ཀུན་མཁྱེན་བླ་མའི་འཁྲུངས་རབས་དང་འབྲེལ་བའི་བླ་མའི་རྣལ་འབྱོར།བླ་མགོན་དབྱེར་མེད་ཀྱི་མགོན་པོ་གྲིབ་སེལ་བཅས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་བཅས་ལ། 15

དཀར་ཆག་ལ། 2

00829 ང

1 མན་ཌལ་གྱི་ཁྲིད་དཔག་བསམ་སྙེ་མ་ལ། 23

2 མདོ་སྔགས་ཀྱི་གཞུང་ལ་སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག་སོགས་བསླབ་བྱ་སྣ་ཚོགས་ཀྱི་སྐོར་ལ། 33

3 མི་རྟག་པ་སྒོམ་ཚུལ་གྱི་བསླབ་བྱ་ཚིགས་སུ་བཅད་པ་ལ། 3

4 གྲུབ་དབང་མཁས་གྲུབ་བསྟན་འཛིན་པའི་ཞལ་གདམས་ཀྱི་འགྲེལ་པ་ཉམས་ལེན་སྙིང་པོའི་དོན་གསལ་དང༌།རྗེ་བཙུན་མི་ལའི་ཞལ་གདམས་ཀྱི་འགྲེལ་པ་དགོངས་ལྡན་བཅས་ལ། 10

5 ཡིད་ལ་བརྣག་པའི་གཏམ་དུ་བྱ་བ་མཚན་མོའི་འཕྲུལ་འཁོར་སེལ་པའི་ཆོ་ག་དང༌།འདུལ་བའི་བསླབ་བྱ།ཐུགས་གཉེར་གནང་ཚུལ་བཅས་ལ། 9

6 ཚེ་གཅིག་གི་ཉམས་ལེན་བྱ་ཚུལ་རྣམས་ཁྲིགས་ཆགས་སུ་བསྡེབས་པ་ཆོས་སྤྱོད་གསལ་བའི་སྒྲོན་མེ་ལ། 18

7 ཕ་མའི་དྲིན་གཟོ་ཚུལ་དང་གཤིན་པོར་མ་ཎི་བསྐུལ་བའི་མགུར་དབྱངས་བཅས་ལ། 3

8 རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་རྣམ་པར་ཐར་པ་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་ལ། 259

9 རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་གསང་བའི་རྣམ་ཐར་ལ། 5

10 དཔལ་ལྡན་རིག་པ་འཛིན་པ་འཁོར་ལོས་བསྒྱུར་པ་ཆེན་པོ་སྡེ་ཁྲི་རིན་པོ་ཆེ་བློ་བཟང་དོན་གྲུབ་པའི་རྣམ་ཐར་གསང་ཆེན་ཆོས་ཀྱིས་བསྔགས་པའི་རོལ་མོ་ལ། 22

11 མཁས་བཙུན་བཟང་པོ་བདག་ཉིད་སྒོ་མང་མཁན་རིན་པོ་ཆེ་བློ་བཟང་ཆོས་དར་བའི་རྟོགས་བརྗོད་གཟུར་གནས་མཁས་པའི་དགའ་སྟོན་ལ། 46

12 རྗེ་བླ་མ་མངོན་པར་འཚང་རྒྱ་བའི་ཚུལ་དང་འབྲེལ་བར་བསྟོད་པ་རྣམ་དག་གངས་རི་མའི་འགྲེལ་པ་རྨད་བྱུང་བཀོད་པའི་འཇུག་ངོགས་ལ། 21

དཀར་ཆག་ལ། 2

00830 ཅ

1 རྗེ་བཙུན་བླ་མ་དམ་པ་ཚུལ་ཁྲིམས་བསྟན་པའི་ཉི་མ་དཔལ་བཟང་པོའི་རྣམ་པར་ཐར་པ་ནོར་བུའི་དོ་ཤལ་ལ། 108

2 བསྟན་པའི་རྩ་ལག་ཡིལ་གོག་སན་ཨེར་ཏི་ནི་མེར་གན་པན་ཌི་ཏ་ཧོ་ཐོག་ཐུ་བློ་བཟང་བསྟན་པ་དར་རྒྱས་རྣམ་ཐར་ནོར་བུའི་མེ་ལོང་ལ། 11

3 ངེས་པ་དོན་གྱི་མཁས་གྲུབ་ཆེན་པོ་བསྟན་འཛིན་དཔལ་གྱི་རྟོགས་པ་བརྗོད་པ་ལེགས་ཚོགས་སྒོ་འབྱེད་ལ། 46

4 དགེ་ལྡན་བསྟན་པ་རྒྱས་པའི་སྨོན་ལམ་གྲུབ་པའི་བདེན་ཚིག་གི་འགྲེལ་པ་ལ། 5

5 ཕུལ་བྱུང་ལེགས་བཤད་མའི་འགྲེལ་པ་མཁས་པའི་དགའ་སྟོན་ལ། 13

6 གཉན་རྩེ་དཔོན་སློབ་རིན་པོ་ཆེའི་བསྟོད་འགྲེལ་ནོར་བུའི་དོ་ཤལ་ལ། 6

7 བཀའ་གདམས་གོང་མའི་རྣམ་ཐར་དང་འབྲེལ་བའི་ཀུན་བཟང་འཁོར་ལོ་སྣ་ཚོགས་ཀྱི་སྐོར་ངོ་མཚར་འཕྲུལ་གྱི་ལེགས་བཤད་ལ། 11

8 བདེན་གཏམ་དེ་ཉིད་གསལ་བའི་མེ་ལོང་ལ། 4

9 ཀུན་གཟིགས་ལྔ་པ་ཆེན་པོས་མཛད་པའི་རྗེ་རིན་པོ་ཆེའི་བསྟོད་པ་དཔྱིད་ཀྱི་རྒྱལ་མོའི་སྒྲ་དབྱངས་ཀྱི་དོན་འགྲེལ་དབྱར་ཀྱིས་སྒྲ་བརྒྱ་ལ། 8

10 བདེ་བ་ཅན་གྱི་ཞིང་གི་ཡོན་ཏན་སེམས་པ་དང་སྦྲགས་ཏེ་སྨོན་ལམ་འདེབས་ཚུལ་བྱིན་རླབས་མྱུར་འཇུག་དང་ཡིད་དགའ་ཆོས་འཛིན་གྱི་ཞིང་གི་བསྔགས་བརྗོད་ལ། 7

11 བདེ་བར་གཤེགས་པའི་སྐུ་གསུང་ཐུགས་རྟེན་བཞེངས་པ་དང་ཕྱག་མཆོད་སྐོར་བའི་ཕན་ཡོན་བསྟན་པ་རྣམ་དཀར་ལས་ལ་སྐུལ་བྱེད་ལྷའི་རྔ་ཆེན་ལ། 39

12 ལུང་སྟོན་བྱམས་པའི་དཀར་ཆག་གདངས་སྙན་ཆོས་ཀྱི་གན་ཌི་ལ། 13

13 བཅོམ་ལྡན་འདས་ལྷ་མོ་རིག་བྱེད་མ་ལ་བསྟོད་པའི་རྒྱ་ཆེར་འགྲེལ་པ་རྡོ་རྗེ་གསུམ་གྱི་སྣང་བ་ལ། 139

14 རྡོ་རྗེ་གསུམ་གྱི་སྣང་བའི་བསྡུས་དོན་ལ། 5

15 བ་རི་ལོ་ཙྰ་ནས་བརྒྱུད་པའི་ལོ་རྒྱུས་དང༌།རིག་བྱེད་མ་ལ་འདོད་གསོལ་བཀྲ་ཤིས་ཆར་འབེབས་བཅས་ལ། 5

16 འཕགས་མ་རིག་བྱེད་མ་ཕྱི་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་རྗེས་གནང་བྱ་ཚུལ་གསལ་བར་བཀོད་པ་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ལ། 7

17 འཇིགས་བྱེད་དཔའ་བོ་གཅིག་པའི་བསྐྱེད་རིམ་སྙིང་པོའི་དོན་གསལ་ལ། 12

18 གཟུགས་མཆོག་མའི་འགྲེལ་པ་ལ། 4

19 རྡོར་སེམས་སྒོམ་བཟླས་ཀྱི་སྒོ་ནས་ཉེས་ལྟུང་སྦྱོང་བའི་ཉམས་ལེན་སྙིང་པོར་བྱ་ཚུལ་ལ། 3

20 མགོན་པོ་འོད་དཔག་མེད་ལ་བརྟེན་པའི་འཕོ་ཁྲིད་དག་ཞིང་དུ་མར་བགྲོད་པའི་མྱུར་ལམ་ལ། 12

དཀར་ཆག་ལ། 2

00831 ཆ

1 དཔལ་གསང་བའི་བདག་པོ་འཁོར་ལོ་ཆེན་པོའི་བསྐྱེད་རིམ་གྱི་རྣམ་གཞག་རྒྱ་ཆེར་བཤད་པ་གསང་ཆེན་རོལ་མཚོ་ལ། 79

2 དཔལ་ཕྱུག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་ས་ཆོག་གི་སྟངས་སྟབས་རྣམས་གསལ་བར་ཕྱེ་བ་བདུད་སྡེ་འཇོམས་པའི་ཟློས་གར་ལ། 12

3 བསྟན་པའི་ཉི་མ་རྗེ་བཙུན་དམ་པས་མཛད་པའི་མ་ཎིའི་སྒྲུབ་ཐབས་ཀྱི་འགྲེལ་པ་ཟབ་མོ་སྣང་བ་ལ། 45

4 འཁོར་ལོ་སྡོམ་པ་ལྷན་སྐྱེས་ཀྱི་སྒྲུབ་ཐབས་བདེ་ཆེན་དཔལ་སྟེར་ལ། 7

5 གྲུབ་ཆེན་ནག་པོ་སྤྱོད་པའི་ལུགས་ཀྱི་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་ལ། 24

6 དྲིལ་བུ་ལུས་དཀྱིལ་གྱི་མངོན་རྟོགས་མདོར་བསྡུས་ལ། 10

7 བདེ་གསང་འཇིགས་གསུམ་གྱི་ཆོ་ག་མདོར་བསྡུས་ལ། 18

8 དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་བདག་འཇུག་ངག་འདོན་གྱི་རིམ་པར་བསྒྲིགས་པ་ལ། 15

9 དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་མངོན་རྟོགས་ཤིན་ཏུ་བསྡུས་པ་ལ། 6

10 གྲུབ་ཆེན་ཚོམ་བུ་པའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་བདེ་བ་ཅན་གྱི་མྱུར་ལམ་ལ། 5

11 འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་སྒོ་ནས་རིལ་སྒྲུབ་བྱེད་ཚུལ་ཕན་བདེའི་མཆོག་སྦྱིན་ལ། 6

12 འཕགས་མཆོགརྒྱལ་བརྒྱ་མཚོའི་དབང་གི་ཆོ་ག་དངོས་གྲུབ་གཏེར་མཛོད་ལ། 23

13 འཕགས་མཆོག་ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པའི་སྒྲུབ་དཀྱིལ་ཆ་ལག་དང་བཅས་པ་ཐར་པའི་གྲོང་དུ་འཇུག་པའི་མྱུར་ལམ་ལ། 24

14 འཕགས་མཆོག་ཐུགས་རྗེ་ཆེན་པོ་ལ་བརྟེན་པའི་ཆར་འབེབས་བྱ་ཚུལ་ལ། 7

15 སྨྱུང་གནས་ཀྱི་ཆོ་གའི་ཟུར་རྒྱན་བདེ་བ་ཅན་གྱི་ལམ་ཡིག་ལ། 19

16 སྨྱུང་གནས་དང་འབྲེལ་བར་སྟོང་མཆོད་འབུལ་ཚུལ་གྱི་ཆོ་ག་ཕན་བདེའི་ཆར་འབེབས་ལ། 5

17 འཕགས་མཆོག་ཐུགས་རྗེ་ཆེན་པོ་ལ་བརྟེན་པའི་མིག་གཟུངས་ཉམས་སུ་ལེན་ཚུལ་བྱིན་རླབས་བདུད་རྩིའི་ཐིགས་པ་ལ། 3

18 ཀུན་རིག་གི་ཆོ་ག་ཤིན་ཏུ་བསྡུས་པ་ཀུན་ཕན་ཁྱེར་བདེ་ནོར་བུའི་རྣ་ཆ་ལ། 4

19 རྡོ་རྗེ་རྣམ་པར་འཇོམས་པའི་སྒྲུབ་དཀྱིལ་ཆ་ལག་དང་བཅས་པ་མཆོག་ཐུན་དངོས་གྲུབ་གཏེར་མཛོད་ལ། 25

20 མི་འཁྲུགས་པ་ལྷ་དགུའི་ཆོ་ག་ཆ་ལག་དང་བཅས་པ་ཐར་པའི་འཇུག་ངོགས་ལ། 55

21 འཇམ་དཔལ་དཔའ་བོ་གཅིག་སྒྲུབ་སོགས་ལྷག་ལྷ་དུ་མའི་སྒྲུབ་ཐབས་ཀྱི་སྐོར་ལ།དཔའ་བོ་གཅིག་སྒྲུབ།བདེ་མཆོག་གི་འཕོ་བ།འཇིགས་བྱེད་བསྐང་བཤགས།རྣམ་རྒྱལ་མའི་སྒྲུབ་ཐབས་བུམ་ཆོག་དང་བཅས་པ།ལོ་གྱོན་མའི་རིལ་སྒྲུབ།ཐིག་ལེ་བཅུ་དྲུག་གི་སྒོམ་བཟླས།ཀུན་རིག་ཁྱུང་ནག་མེའི་རལ་གྲི།འཇམ་དཔལ་ནག་པོ།ལྷ་མོ་ཤྲ་མ་ན།འོད་དཔག་མེད།མི་གཡོ་བ།བཅུ་གཅིག་ཞལ་བཅས་ཀྱི་སྒྲུབ་ཐབས།སྒྲ་མི་སྙན་གྱི་ཚེ་སྒྲུབ།ཁྲོ་བཅུའི་མངོན་རྟོགས།ལོ་གྱོན་མ།ཚོགས་བདག་སྒྲུབ་ཐབས།གསེར་འོད་གཡང་འགུགས།ཚེ་དཔག་སྟོང་མཆོད།ཐུགས་རྗེ་ཆེན་པོའི་བུམ་སྒྲུབ།དབྱངས་ཅན་མ།རྟ་མགྲིན་གསང་སྒྲུབ།འཁོར་ཆེན།དྲག་པོ་སུམ་དྲིལ།མི་འཁྲུགས་པ།འཇམ་དབྱངས་དཀར་པོ།ཐུགས་རྗེ་ཆེན་པོ།རྡོ་རྗེ་སེམས་དཔའ།དབྱངས་ཅན་དམར་པོ།སྒྲོལ་མ།སྨན་བླ།སྤྱན་རས་གཟིགས།རྡོར་སེམས་བཅས་ཀྱི་སྒྲུབ་ཐབས།མི་འཁྲུགས་པའི་རྡུལ་ཚོན་ཆབ་འདྲེན།ཁྲུས་དབང༌།སྨན་བླའི་སྦྱང་ཆོག་གསང་འདུས་ཀྱི་རྒྱུད་བཀླགས་ཐབས།ཐུགས་རྗེ་ཆེན་པོར་གསོལ་འདེབས་སོགས་སྒྲུབ་སྐོར་དངོས་གྲུབ་གཏེར་མཛོད་ལ། 65

དཀར་ཆག་ལ། 2

00832 ཇ

1 ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་ཞལ་སྟོན་གྱི་བཤད་པ་ཆོས་དུང་དཀར་པོའི་སྒྲ་དབྱངས་ལ། 19

2 ཀུན་མཁྱེན་བླ་མས་མཛད་པའི་རྡོར་ཕྲེང་དབང་གི་ཁ་སྐོང་ཀྲྀ་ཡའི་ལག་ལེན་དང་བཅས་པ་ལ། 7

3 རབ་གནས་དགེ་ལེགས་ཆར་འབེབས་ཀྱི་ལག་ལེན་མཐའ་དག་གསལ་བར་བཤད་པ་ལེགས་བྱས་སྤྲིན་གྱི་སྒྲ་དབྱངས་ལ། 20

4 རབ་གནས་ཀྱི་ལོ་རྒྱུས་གཙོ་བོར་གྱུར་པའི་བཤད་པ་ལ། 8

5 བཀྲ་ཤིས་རྫས་བརྒྱད་ཀྱི་རྣམ་བཤད་བཀྲ་ཤིས་དགའ་སྟོན་ལ། 17

6 རྣམ་རྒྱལ་སྟོང་མཆོད་ཀྱི་ཆོ་གའི་ཟུར་འདེབས་བདུད་རྩིའི་ཟིལ་མངར་ལ། 4

7 ཚེ་ལྷ་རྣམ་གསུམ་གྱི་མངོན་རྟོགས་ལ། 2

8 གྲུབ་ཆེན་བརྒྱད་ཅུའི་རྗེས་གནང་བྱ་ཚུལ་ལ། 9

9 སེང་ལྡེང་ནགས་སྒྲོལ་གྱི་སྒྲུབ་ཐབས་བྱིན་རླབས་དགའ་སྟོན་ལ། 5

10 རྟ་མགྲིན་ཕྱུག་གཉིས་པའི་སྒྲུབ་ཐབས་དངོས་གྲུབ་གཏེར་མཛོད་ལ། 7

11 སྨན་ཆོག་མདོར་བསྡུས་ལ། 1

12 སངས་རྒྱས་སུམ་ཅུ་སོ་ལྔའི་སྒྲུབ་ཐབས་ཀྱི་ཆོ་ག་ལྟུང་བའི་མུན་སེལ་ལ། 8

13 ཡོན་སྦྱོང་གི་ཆོ་ག་སྒྲིབ་པའི་མུན་སེལ་ལ། 5

14 ཚེ་དཔག་མེད་ལ་བརྟེན་པའི་ཚེ་སྒྲུབ་ལ། 3

15 མི་འཁྲུགས་པའི་གོས་སྐུ་བཀྲམ་སྐབས་ཀྱི་འདོན་ཆའི་གོ་རིམ་ལ། 5

16 འཕགས་མཆོག་འཇམ་དཔལ་ནག་པོ་ལ་བརྟེན་པའི་སྦྱིན་སྲེག་གི་ཆོ་ག་ཉེས་པ་ཀུན་སེལ།རི་ཁྲོད་ལྷ་མོ།ཆོས་རྒྱལ་གསང་སྒྲུབ།འཇིགས་བྱེད་ཆོས་རྒྱལ་སྦྲགས་པ།སེང་གདོང་མ།ལྷ་མོ་བཅས་ཀྱི་སྦྱིན་སྲེག་ལ། 18

17 བཅོམ་ལྡན་འདས་ཀླུ་དབང་རྒྱལ་པོའི་བུམ་སྒྲུབ་གི་ཆོ་ག་གདུང་སེལ་ཟླ་བའི་འཁྲི་ཤིང་ལ། 7

18 བཅོམ་ལྡན་འདས་ཀླུ་དབང་རྒྱལ་པོའི་སྒོ་ནས་ཡུལ་ཁྲུས་བྱ་ཚུལ་ཀླུ་བསངས་བཅས་ལ། 4

19 འཕགས་མཆོག་སེང་གེ་སྒྲའི་མངོན་རྟོགས་བུམ་སྒྲུབ་བཅས་ལ། 3

20 ཡེ་ཤེས་ཁྱུང་ཁྲའི་སྒྲུབ་ཐབས་ལས་ཚོགས་བྱིན་རླབས་དགའ་སྟོན་དང༌།འཇམ་དཔལ་ནྰ་ག་རཀྵའི་བཀྲུ་བྱབས་སྲུང་བ་བཅས་ལ། 8

21 འོད་ཟེར་ཅན་མའི་བསྙེན་སྒྲུབ་ཁ་སྐོང་ལས་ཚོགས་བཅས་ལ། 12

22 སྨན་བྱིན་རླབས་བྱ་ཚུལ་བདུད་རྩིའི་ཐིགས་པ་ལ། 5

23 གཟུགས་སྔགས་ཟབ་མོ་ཁ་ཏོན་དུ་བྱ་ཚུལ་དགེ་བའི་འཕྲུལ་འདེགས་ལ། 6

24 མདོ་སྡེ་ཐར་པ་ཆེན་པོའི་འདོན་ཐབས་མདོ་ཉིད་ཀྱི་དགོངས་པ་རྒྱས་པར་བཀོད་པ་ལ། 9

25 འཇམ་དཔལ་མཚན་བརྗོད་ཀྱི་འདོན་ཐབས་ཁག་གཉིས་ལ། 4

26 བདེ་བར་གཤེགས་པའི་ཐུགས་རྟེན་སཙྪ་འདེབས་ཆོག་དང༌།སྐུ་པར་བཏབ་པ་སོགས་ལ་རབ་གནས་རྒྱས་བསྡུས་བྱ་ཚུལ་ལ། 8

27 སུ་རུའུ་པའི་གཏོར་མ་གཏོར་ཚུལ་གྱི་རྣམ་གཞག་ལ། 4

28 བཟང་སྤྱོད་ལ་བརྟེན་པའི་འཆི་བླུའི་ཆོ་ག་ཀྱི་འགྲོའི་དབུག་འབྱིན་ལ། 9

29 ཚེ་བདག་མགོན་པོ་ལ་བརྟེན་ནས་འཆི་བླུ་བྱ་ཚུལ་ཚེ་ཉམས་གསོ་བྱེད་བདུད་རྩིའི་ཐིགས་པ་ལ། 5

30 ཛམ་དཀར་ལྷ་ལྔའི་ནོར་སྒྲུབ་བྱ་ཚུལ་ཟུར་འདེབས་གསེར་གྱི་ལྡེ་མིག་དང༌།ཛམ་དམར་སྲོག་སྒྲུབ་འདོད་རྒུའི་མཆོག་སྦྱིན་སོགས་ལ། 12

31 དུས་ཀྱི་འཁོར་ལོའི་ལམ་ལ་སློབ་ཚུལ་གྱི་སྨོན་ལམ་ལ། 4

32 ཚེ་དཔག་མེད་ཀྱི་བླ་བརྒྱུད་སྨོན་ཤིས།འཇམ་དཔལ་གསང་ལྡན།མི་ཏྲའི་ཐུགས་རྗེ་ཆེན་པོ།གདུགས་དཀར་བཅས་ཀྱི་བརྒྱུད་འདེབས་ལ། 9

33 འཕགས་མཆོག་འཇམ་དཔལ་དཀར་པོ་ལ་བསྟོད་པ་འཇམ་མགོན་དགྱེས་ཀྱིད་བསྟོད་སྤྲིན་རྒྱ་མཚོ་ལ། 7

34 མདོ་སྔགས་ཀྱི་ལམ་ཟུང་ལྡན་གྱི་བསྟན་པ་རྒྱལ་བ་དགྱེས་པའི་དབྱངས་སྙན་དང་མགུར་མ་བཅས་ལ། 3

35 འཇམ་མགོན་བླ་མ་ལ་བསྟོད་པའི་རབ་བྱེད་ཀ་ལ་པིངྒའི་སྒྲ་དབྱངས་དང༌།ཀུན་མཁྱེན་འཇིགས་མེད་དབང་པོ་ལ་བསྟོད་པ་བཅས་ལ། 8

36 འཁྲུངས་རབས་གསོལ་འདེབས་ནོར་བུའི་ཕྲེང་བ་དང་མགུར་མ་བཅས་ལ། 3

37 སྟོན་པ་ཐུབ་པའི་དབང་པོ་ལ་མ་བརྗོད་པར་བསྟོད་པ་སྒོ་མཐའ་ཡས་སོགས་བསྟོད་ཚོགས་གསོལ་འདེབས་ཀྱི་སྐོར་བྱིན་རླབས་གཏེར་གྱི་སྒོ་འབྱེད་ལ། 56

38 དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་དེབ་ཡིག་འགོ་ལྡན་ཕུན་ཚོགས་འདོད་དགུའི་རོལ་མཚོ་སོགས་དེབ་ལྡན་སྣ་ཚོགས་ལ། 9

39 དབེན་གནས་ཡིད་དགའ་ཆོས་འཛིན་གྱི་བཅའ་ཡིག་ཡང་དག་སྒྲུབ་པའི་འཇུག་ངོགས་དང་དེའི་ཟུར་འདེབས།ཨ་རུ་ཧོར་ཆེན་དགོན་བཀྲ་ཤིས་བསམ་གྲུབ་གླིང་གི་བཅའ་ཡིག་བཅས་ལ། 22

40 སྐར་མ་རབ་རིབ་སོགས་མདོ་ཚིག་དོན་བཀྲལ།འཁོར་ལོའི་རྣམ་གཞགབཤེས་གཉེན་བསྟེན་ཚུལ།སྐུ་སྐྱེའི་དེ་ཉིད་གསལ་བྱེད།ཐ་མ་ཁའི་ཉེས་དམིགས་ལེའུ་ཐོར་བུ་སྣ་ཚོགས་ལ། 40

41 ལེགས་པར་བཤད་པ་ཤིང་གི་བསྟན་བཅོས་ལུགས་གཉིས་ཡལ་འདབ་བརྒྱ་ལྡན་ལ། 7

42 ལེགས་པར་བཤད་པ་ཆེའི་བསྟན་བཅོས་ལུགས་གཉིས་རླབས་ཕྲེང་བརྒྱ་ལྡན་ལ། 9

43 ཟློས་གར་གྱི་བསྟན་བཅོས་ཡང་དག་ལམ་དུ་བཀྲི་བའི་རོལ་རྩེད་ལ། 14

44 ཚིག་བཀྲ་སྣ་ཚོགས་ཀྱི་སྐོར་སྐལ་བཟང་མདོངས་མཐའ་དགྱེས་པའི་དབྱར་རྔ་ལ། 10

45 སྙན་དངགས་ཀྱི་དཔེར་བརྗོད་རྩོམ་འཕྲོ་ལ། 30

དཀར་ཆག་ལ། 3

00833 ཉ

1 ཉམས་མྱོང་རྒན་པོའི་འབེལ་གཏམ་ཡིག་ཆུང་དམར་ཁྲིད་ལ། 5

2 ཡུལ་མཆོག་དམན་དུ་མ་ལ་སྐུར་བའི་སྤྲིངས་ཡིག་རོལ་མཚོ་ལ། 24

3 ཁྲི་བཤད་སོགས་བཤད་པ་སྣ་ཚོགས་ལ། 12

4 མགོན་པོའི་གཏོར་ཆོག་བསྡུས་པ།གཏོར་འབུལ་རྒྱུན་ཁྱེར།གཟི་བྱིན་སྐྱེས་པ།ཆོས་རྒྱལ།ལྷ་མོ།རྣམ་སྲས་སོ་སོར་གཏོར་མ་འབུལ་ཚུལ་བཅས་ལ། 17

5 དཔལ་མགོན་ཞལ་བཞི་པའི་གཏོར་འབུལ་དངོས་གྲུབ་ཀུན་འབྱུང་དང་བསྟོད་པ་རྔམ་པའི་སྒྲ་སྒྲོགས་ལ། 3

6 ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་བསྙེན་ཅིང་སྒྲུབ་པའི་ཁ་སྐོང་དང་གསང་སྒྲུབ་བསྐང་བ་བཅས་ལ། 8

7 དཔལ་ལྡན་དམག་ཟོར་རྒྱལ་མོའི་བསྙེན་སྒྲུབ་མན་ངག་ཁྲག་འཐུང་དགའ་སྟོན་ལ། 8

8 རྒྱལ་བའི་བསྟན་སྲུང་དྲེག་པ་ལྕམ་སྲིང་བསྙེན་ཅིང་སྒྲུབ་པའི་རིམ་པ་ལས་བཞིའི་འཕྲིན་ལས་དོན་གྲུབ་ལ། 18

9 གཏོར་འབུལ་བསངས་མཆོད་ཀྱི་སྐོར་ལ། 31

10 སྦྱ་རྒྱལ་སྤོམ་རའི་གཡང་འབོད་ཕུན་ཚོགས་འདོད་རྒུ་དང་རྒྱལ་གསོལ་མཇུག་ཏུ་སྦྱར་རྒྱུའི་གཡང་འབོད་ལ། 6

11 ལྷ་གཉན་ཆེན་པོ་སྔོ་ལ་གཡུ་རྩེའི་གསོལ་མཆོད་རྒྱས་པ་ཕྱོགས་ལས་རུ་མཚོན་དང་ལྷ་ཆེན་གུང་སྔོན་གྱི་བསངས་མཆོད་བཅས་ལ། 12

12 རྒྱལ་བ་མི་ཕམ་མགོན་པོ་ལ་མདོ་ཕྱོགས་གྱི་ལུགས་བཞིན་མཆོད་ཚུལ།དགའ་ལྡན་ལྷ་བརྒྱ་དང་སྦྱོར་ཆོས་སྦྲགས་ཚུལ།དགའ་ལྷ་དང་འབྲེལ་བར་རིགས་གསུམ་མགོན་པོའི་བཟླས་པ་བྱ་ཚུལ།སེམས་བསྐྱེད་མཆོད་པའི་ཕྱུག་ལེན།དམིགས་བརྩེ་མའི་བསྙེན་ཡིགརྣམ་བུམ་བྱ་ཚུལ།རྟ་མགྲིན་གྱི་བཀའ་བསྒོ།ལུས་སྦྱིན་ཚོགས་བཅས་དེའི་བཀའ་བསྒོ་སྨོན་ཚིག་རྣམ་རྒྱལ་གླིང་གི་འདོན་བསྒྲིགས།པཎ་ཆེན་བསྟན་པའི་ཉི་མའི་ལྟ་མགུར་གྱི་མཆན།དྲིས་ལན་སྐོར།འཕོ་བ་སོགས་བཀའ་རྩོམ་སྣ་ཚོགས་ཕྱོགས་བསྒྲིགས་ལ། 36

13 དགེ་ལྡན་བསྟན་པ་རྒྱས་པའི་སྨོན་ལམ་སོགས་སྨོན་ཚིག་གི་སྐོར་དྲང་སྲོང་བདེན་ཚིག་ལ། 25

14 བླ་མའི་ཐུགས་རྗེ་བསྐུལ་ཏེ་ཚེ་རབས་རྗེས་འཛིན་གྱི་སྨོན་ཚིག་ལ། 2

15 ཡིད་བཞིན་འཁོར་ལོའི་འདོད་གསོལ་དང་དགེ་སྦྱོར་མཇུག་ཏུ་འདོན་རྒྱུའི་སྨོན་ཚིག་བཅས་ལ། 5

16 མྱུར་བྱོན་གསོལ་འདེབས་ཉམས་ཐག་ཀྱི་བོའི་གདུང་དབྱངས་ལ། 8

17 རྡོ་རྗེ་འཆང་བསྟན་པའི་སྒྲོན་མེས་བློ་དམན་ཀུན་གྱི་གོ་བདེ་བའི་ཕལ་སྐད་ཟབ་ཆོས་ལ། 6

18 གསུང་ཐོར་བུ་ལས་རྟེན་གསུམ་དཀར་ཆག་དང་སྐོར་ཚད་ཀྱི་རིམ་པ་ཕྱོགས་བཀོད་ལ། 15

19 བཤད་པ་སྣ་ཚོགས་ཕྱོགས་བསྡུས་ལ། 14

20 བསྔོ་བ་རྒྱས་པ་དགེ་ཚོགས་རྒྱ་མཚོའི་འཇུག་ངོགས་ལ། 5

21 འཇམ་དབྱངས་བླ་མ་རྗེ་བཙུན་དཀོན་མཆོག་བསྟན་པའི་སྒྲོན་མེའི་རྣམ་པར་ཐར་པ་བརྗོད་པའི་གཏམ་དད་པའི་པད་མོ་བཞད་པའི་ཉིན་བྱེད་ཅེས་བྱ་བ་དཔལ་མང་དཀོན་མཆོག་རྒྱལ་མཚན་གྱིས་མཛད་པ་ལ། 194

དཀར་ཆག་ལ། 3

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ་ནི་མདོ་སྨད་ཤར་ལྷའི་ཕྱོགས་ཀྱི་མཛོད་དགེའི་སྨད་དུ་ཡབ་ལྕགས་ཕོ་བྱམས་དང༌།ཡུམ་བོ་ཅོག་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ཆེ་རྟ་1762 ལོ་ལ་འཁྲུངས།དགུང་ལོ་བདུན་པར་ཁྲི་ཆེན་དགེ་འདུན་ཕུན་ཚོགས་ཀྱི་ཀྱི་ཕྲེང་དུ་ངོས་འཛིན་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་གདན་དྲངས།འཇམ་དབྱངས་བཞད་པའི་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་བཞེས།མཚན་དཀོན་མཆོག་བསྟན་པའི་སྒྲོན་མེ་གསོལ།རྡོ་རྣམས་པ་བློ་བཟང་རིན་ཆེན་ཀློག་གི་སློབ་དཔོན་དུ་བསྟེན།འབྲི་ཀློག་སྦྱོར་སྡེབ་མྱུར་དུ་མཐར་ཕྱིན།དེ་ནས་ལོ་བཅུའི་རིང་བླ་བྲང་དུ་རིག་གནས་སྤྱི་ལ་གསན་སྦྱོང་མཛད་དེ་ཡོན་ཏན་གྱི་གཞི་ལེགས་པར་བཏིངས།དགུང་ལོ་བཅུ་བདུན་པར་དབུས་སུ་ཕེབས།བླ་བྲང་སྒོ་མང་གྲྭ་ཚང་དུ་བཞུགས།དགུང་ལོ་ཉེར་གཅིག་པརརྒྱལ་བ་བློ་བཟང་འཇམ་དཔལ་རྒྱ་མཚོའི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་མནོས།དགུང་ལོ་ཉེར་གཉིས་པར་ལྷ་རམས་པའི་མཚན་བཏགས་བཞེས།དགུང་ལོ་ཉེར་ལྔ་པ་ར་གསན་སྦྱོང་མཐར་སོན་ཅིང༌།དབུས་གཙང་ཡོངས་སུ་མཁས་པའི་གྲགས་པས་ཁྱབ།འཇམ་དབྱངས་བཞད་པའི་ཞལ་བཀོད་ལྟར་བླ་བྲང་དུ་ཕྱིར་ཕེབས།དགུང་ལོ་སོ་གཅིག་པར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ཉེར་གཅིག་པའི་ཁྲིར་ཕེབས།མདོ་སྨད་ཀྱི་དགེ་ལྡན་ཆོས་གྲྭ་ཆེན་པོ་ཡོངས་ལ་མཁས་བཙུན་བཟང་གསུམ་གྱི་བྱ་བས་དུས་འདའ་བར་མཛད།དགུང་ལོ་རེ་གཉིས་ཏེ་ཆེ་ལུག 1823 ལོ་ལ་སྐུ་གཤེགས།འདིར་གསུང་འབུམ་པོད་བརྒྱད་བཞུགས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn   

བརྒྱུད་འགོད།