ལྷ་རི་བློ་བཟང་འབྱུང་གནས་ཀྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-05-05 08:35:35     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

 པར་པོད།ཤོག་གྲངས།

00825

1 བླ་མའི་རྣལ་འབྱོར་མཆོག་ཐུན་དངོས་གྲུབ་འབྱུང་གནས་དང་མགུར་མ་བསངས་མཆོད་བཅས་ཀྱི་སྐོར།49

2 བྱང་ཆུབ་ལམ་གྱི་རིམ་པའི་སྦྱོར་བའི་ཆོས་དྲུག་ཐེག་མཆོག་བགྲོད་པའི་ཉེ་ལམ་ལ། 20

3 དམ་ཅན་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ཕྱི་ནང་སྦྲགས་མའི་གཏོར་སྒྲུབ་གནམ་ལྕགས་རྡོ་རྗེའི་ཐོག་ཆེན་ལ། 9

4 གཏོར་ཆེན་ཟུར་དགུ་པའི་འདོན་ཆོག་ཁྲིགས་སུ་བསྡེབས་པ་ཕྲ་བགེགས་གཞོམ་པའི་གནམ་ལྕགས་ཐོག་མདའ་ལ། 9

5 ཕྱུག་ན་རྡོ་རྗེ་གཏུམ་ཆེན་ལ་བརྟེན་པའི་ཚོགས་ཀྱི་འཁོར་ལོ་བདེ་ཆེན་རྒྱ་མཚོ་ལ། 3

6 ཐུགས་སྒྲུབ་གཏེར་ཁ་གོང་མའི་བླ་བརྒྱུད་གསོལ་འདེབས་ལ། 3

7 པད་མ་དྲག་པོའི་ཐུགས་སྒྲུབ་གཏེར་ཁ་གོང་མ་མངའ་བདག་ཉང་གི་ལུགས་ལས་བྱང་དྲེག་པ་ཀུན་འདུལ་ལ། 13

8 གཏེར་ཁ་གོང་མའི་ཕུགས་ཀྱི་པད་མ་དྲག་པོའི་གཏོར་བཟློག་གནམ་ལྕགས་རྡོ་རྗེའི་ཕ་ལམ་ལ། 16

9 པད་མ་དྲག་པོའི་བཀའ་སྲུང་མ་མགོན་སྡེ་བརྒྱད་ལ་མཆོད་གཏོར་འབུལ་ཚུལ་ལ། 5

10 འཇམ་དཔལ་གཤིན་རྗེ་གཤེད་ཀྱི་ལས་བྱང་དངོས་གྲུབ་རྒྱ་མཚོ་ལ། 21

11 འཇམ་དཔལ་གཤིན་རྗེ་གཤེད་ཀྱི་ལས་མཐའ་དྲག་པོའི་སྦྱིན་སྲེག་དགྲ་བགེགས་མཐར་བྱེད་ལ། 7

12 འཇམ་དཔལ་གཤིན་རྗེ་གཤེད་ཀྱི་དྲག་པོ་ཟོར་གྱི་ལས་རིམ་དགྲ་བགེགས་འཇོམས་བྱེད་ཕ་ལམ་ལ།3

13 གཏེར་སྲུང་བརྒྱད་ཀྱི་གཏོར་འབུལ་ལ། 3

14 གཅོད་ཁྲིད་གདན་ཐོག་གཅིག་མ་སྐལ་ལྡན་ཉེ་ལམ་ལ། 11

15 མ་ཅིག་ཁྲོས་མ་ནག་མོའི་ཆོ་ག་སྐལ་ལྡན་རེ་སྐོང་ལ། 14

16 མ་ཅིག་མཁའ་འགྲོ་སྡེ་ལྔའི་སྒོ་ནས་བགེགས་མཚམས་གཅོད་པའི་འཕྲིན་ལས་གནམ་ལྕགས་འཁོར་ལོ་ལ། 3

17 མ་ཅིག་ཁྲོས་མའི་སྒོ་ནས་ལྷ་འདྲེ་སྤྱི་ལ་དྲག་དམིགས་བྱེད་ཚུལ་ལ། 3

18 ཁྲོས་མ་ནག་མོའི་དྲག་དམིགས་ཨར་གཏད་དགྲ་བགེགས་དཔུང་འཇོམས་ལ། 6

19 དེའི་སྦྱིན་སྲེག་ལ། 8

20 དེའི་འཕྲིན་ལས་གྲི་འདུལ་གྱི་ཆོ་ག་ལ། 8

21 དེའི་གཏོར་རྒྱག་བདུད་དཔུང་འཇོམས་པའི་མཚོན་ཆ་ལ། 2

22 མཁྱེན་དགོངས་དམོད་བཅོལ་རབ་རྒྱས་རྡོ་རྗེའི་སྒྲ་དབྱངས་ལ། 7

23 ཁྲོས་མ་ནག་མོའི་ལྷ་ལྔའི་སྒོ་ནས་དགྲ་བགེགས་བཟློག་པའི་ཟོར་ལས་བདུད་དཔུང་ཀུན་འཇོམས་ལ། 31

24 དེའི་མདུན་བསྐྱེད་ཆོ་གའི་བཟླས་དམིགས་ལ། 1

25 བེའུའི་རེའུ་མིག་ལ། 1

26 ཁྲོས་ནག་གི་སྒོ་ནས་གཤིན་པོའི་སྦྱང་ཆོག་ཐར་ལམ་སྒོ་འབྱེད་ལ། 10

27 མཁའ་འགྲོ་སྡེ་ལྔའི་ཚོགས་མཆོད་སྐལ་ལྡན་ལོངས་སྤྱོད་ཅེས་བྱ་བ་ལ། 6

28 མཁའ་འགྲོ་ཤ་ཟ་ཧོར་མོའི་སྒྲུབ་ཐབས་དུག་གི་རལ་གྲི་ལ། 7

29 གཡང་ར་བ་སྒོ་བཞིའི་བརྩོན་ཡར་རྟེན་འཛུགས་བསམ་དོན་དོན་གྲུབ་ལ། 7

30 གསང་བདག་རྡོ་རྗེ་གཏུམ་པོའི་ཟོར་ལས་ལ། 12

31 དཔལ་ལྡན་ལྷ་མོ་རི་མ་ཏིའི་གཏོར་ཆོག་ལ། 16

32 ཁྲོས་མ་ནག་མོའི་སྒོ་ནས་གཤིན་པོའི་སྦྱང་ཆོག་ལ། 11

33 མཁའ་འགྲོ་སྡེ་ལྔའི་ཚོགས་མཆོད་སྐལ་ལྡན་ལོངས་སྤྱོད་ལ།7

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།ལྷ་རི་བློ་བཟང་འབྱུང་གནས་ནི་སྤྱི་ལོའི་དུས་རབས་བཅོ་བརྒྱད་ནང་འཁྲུངས་པ་དང༌།རྗེ་འདིས་ཁྲི་ཆེན་བསྟན་པ་རབ་རྒྱས་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན།མཛད་རྣམ་མ་རྙེད་པས་འདིར་ཞིབ་ཆ་འབྲིར་མ་སྤོབས།གསུང་འབུམ་པོད་གཅིག་བཞུགས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn  

བརྒྱུད་འགོད།