ཨ་ཀྱྰ་ཡོངས་འཛིན་བློ་བཟང་དོན་གྲུབ་བམ་དབྱངས་ཅན་དགའ་བའི་བློ་གྲོས་ཀྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-05-05 08:34:38     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  


བར་པོད།ཤོག་གྲངས།

374

00823 ཀ

1 རྭ་སྒྲེང་རྡོ་རྗེ་འཆང་བློ་བཟང་ཡེ་ཤེས་བསྟན་པ་རབ་རྒྱས་ཀྱིས་བླ་མཆོད་ཆེན་མོའི་ཁྲིད་གནང་སྐབས་ཀྱི་གསུང་གྲོས་འགའ་ཞིག་ཟིན་བྲིས་སུ་བཀོད་པ་ལ། 23

2 བྱང་ཆུབ་ལམ་གྱི་རིམ་པའི་སྔོན་འགྲོ་སྦྱོར་བའི་ཆོས་དྲུག་སྐལ་ལྡན་འཇུག་ངོགས་ལ། 16

3 བྱང་ཆུབ་ལམ་གྱི་རིམ་པ་ཆེན་པོ་ལས་བྱུང་བའི་བརྡ་བཀྲོལ་ཉེར་མཁོ་བསྡུས་པ་ལ། 49

4 དཔེ་ཆོས་རིན་ཆེན་སྤུངས་པའི་བརྡ་བཀྲོལ་དོན་གཉེར་ཡིད་ཀྱི་དགའ་སྟོན་ལ། 12

5 བེའུ་བུམ་སྔོན་པོའི་མིང་བརྡ་གོ་དཀའ་བ་འགའ་ཞིག་བཤད་པ་སོམ་ཉིའི་མུན་སེལ་ལ། 15

6 ཐོག་མར་བློ་སྦྱོང་གི་དྲིས་ལན་བརྡ་དོན་གསལ་བའི་མེ་ལོང་ལ། 9

7 མཁས་པ་བླུན་པོ་བརྟག་པའི་བསྟན་བཅོས་དགེ་ལྡན་ལེགས་བཤད་པད་མ་དཀར་པོའི་ཆེན་པོའི་འགྲེལ་པ་ཉི་མའི་འོད་ཟེར་ལ། 102

8 དཔལ་གསང་བ་འདུས་པ་འཕགས་ལུགས་དང་མཐུན་པའི་སྔགས་ཀྱི་ས་ལམ་རྣམ་གཞག་ལེགས་བཤད་སྐལ་བཟང་འཇུག་ངོགས་ལ། 23

9 གཏན་ཚིགས་རིག་པའི་སྡོམ་ཚིག་རིགས་ལམ་གསལ་བའི་མེ་ལོང་ལ། 9

10 བློ་རིག་གི་སྡོམ་ཚིག་བླང་དོར་གསལ་བའི་མེ་ལོང་ལ། 6

11 ཤིང་རྟའི་སྲོལ་འབྱེད་ཀྱི་རྣམ་གཞག་སྐལ་བཟང་མགུལ་ལྡན་ལ། 24

12 འཕགས་པ་བརྒྱད་སྟོང་པའི་འགྲེལ་ཆེན་ལྡན་སྣང་ལས་བཏུས་པའི་ཉེར་མཁོ་མདོ་དོན་ལྟ་བའི་མིག་འབྱེད་ལ། 63

13 ཆོས་འཁོར་གྱི་དོགས་གཅོད་སོམ་ཉིའི་མུན་སེལ་ལ། 9

14 སྐབས་ལྔ་པ་པའི་གཞུང་དོན་ཚིགས་སུ་བཅད་པ་བློ་གསལ་མགུལ་ལྡན་ལ། 10

15 དབུ་མའི་ཐལ་བཟློག་གི་བརྗེད་བྱང་ཚིགས་བཅད་མ་ལ། 5

16 འདུལ་བའི་སྡོམ་ཚིག་གནད་བསྡུས་ནོར་བུའི་ཕྲེང་བ་ལ། 37

17 དགེ་སློང་གི་བསླབ་བྱ་གནམ་རྩེ་ལྡེང་མའི་བརྡ་དོན་འགའ་ཞིག་ལ། 11

00824 ཁ

1 སྐྱེས་རབས་སོ་བཞི་པའི་སྙིང་པོ་བསྡུས་པའི་གསོལ་འདེབས་རྒྱལ་སྲས་འཇུག་ངོགས་ལ། 5

2 འཇམ་མགོན་རྒྱལ་བ་གཉིས་པ་ཙོང་ཁ་པ་ལ་གསོལ་བ་འདེབས་ཤིང་ཐུགས་རྗེ་བསྐུལ་བ་བྱིན་རླབས་གྲུ་ཆར་གཡོ་བའི་སྤྲིན་ཕུང་ལ། 8

3 བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ལ་བསྟོད་ཅིང་ཐུགས་རྗེ་བསྐུལ་བ་བྱིན་རླབས་བདུད་རྩིའི་རྒྱུན་འབེབས་སོགས་བསྟོད་པའི་སྐོར་ལ། 9

4 རྒྱལ་སྲས་བདག་ཉིད་ཆེན་པོ་སློབ་དཔོན་སེང་གེ་བཟང་པོ་ལ་བསྟོད་པ་བྱིན་རླབས་མྱུར་འཇུག་ལ། 3

5 གནས་མཆོག་རི་བོ་རྩེ་ལྔར་མཇལ་སྐབས་ཀྱི་གནས་བསྟོད་དང་འབྲེལ་བའི་མགུར་འཇམ་དཔལ་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་དང་དུས་ཆེན་ཁྱད་པར་ཅན་གྱི་རྣམ་བཤད་བཅས་ལ། 4

6 བོད་གངས་ཅན་གྱི་ལྗོངས་སུ་བྱུང་བའི་གྲུབ་མཐའི་འབྱུང་ཁུངས་མདོ་ཙམ་བརྗོད་པ་ལ། 3

7 རྒྱལ་བ་ཚེ་དཔག་མེད་སོགས་ལྷག་པའི་ལྷ་རྣམས་ཀྱི་བླ་མའི་རྣལ་འབྱོར་གྱི་སྐོར་ལ། 6

8 འཕགས་པ་འདའ་ཀ་ཡེ་ཤེས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་འགྲེལ་ལམ་བཟང་གསལ་བའི་སྒྲོན་མེ་ལ། 8

9 དྲིས་པའི་ལན་བརྗོད་པ་མཁས་པའི་དགའ་སྟོན་ལ། 17

10 ཐེག་པ་ཆེན་པོའི་བློ་སྦྱོང་ཉི་མའི་འོད་ཟེར་གྱི་བརྡ་དོན་ལ། 9

11 འདུལ་འཛིན་རིན་པོ་ཆེས་མཛད་པའི་དགེ་སློང་གི་བསླབ་བྱ་ཆེན་མོའི་བརྡ་དོན་གོ་དཀའ་བ་འགའ་ཞིག་བཀྲོལ་པ་ལ།9

12 འདུལ་བའི་གླེང་འབུམ་ཆེན་མོ་ལས་བྱུང་བའི་མིང་བརྡ་གོ་དཀའ་བ་རྣམས་བཤད་པ་བློ་ལྡན་དགའ་བསྐྱེད་ལ། 29

13 བསླབ་བྱའི་སྐོར་ལ། 8

14 ངེས་དོན་གྱི་ལྟ་བ་བག་ཆགས་འཇོག་ཚུལ་དང་གསུང་ཐོར་བུ་ལ་དབེན་པ་བསྟེན་ཚུལ་དང་ངེས་འབྱུང་སྐྱོ་ཤས།རྩ་བའི་བླ་མར་གདུང་དབྱངས་བཅས་ཀྱི་སྐོར་ལ། 12

15 འཇམ་སྡུད་བཟང་གསུམ་འདོན་ཐབས་མདོར་བསྡུས་ལ། 5

16 འཕགས་པ་སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་སྒྲུབ་ཐབས་རྒྱུན་ཁྱེར་བྱིན་རླབས་མྱུར་འཇུག་ལ། 8

17 འགྲེལ་པ་བཞི་སྦྲགས་ཀྱི་་བཤད་ལུང་སྐབས་ཀྱི་གསུང་བཤད་འགའ་ཞིག་ཟིན་བྲིས་སུ་བཀོད་པ་ལ། 14

18 གཞིའི་སྐུ་གསུམ་གྱི་རྣམ་གཞག་རབ་གསལ་སྒྲོན་མེ་ལ། 17

19 བར་དོ་འཕྲང་སྒྲོལ་གྱི་གསོལ་འདེབས་འཇིགས་སྒྲོལ་གྱི་དཔའ་བོ་ཞེས་བྱ་བའི་འགྲེལ་པ་གདམས་ངག་གསལ་བའི་སྒྲོན་མེ་ལ། 15

20 དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཞི་བའི་སྦྱིན་སྲེག་གི་སྡོམ་ཚིག་དང་ཐིག་གདབ་ཚུལ་ལ། 5

21 ས་སྐྱ་ལེགས་བཤད་སོགས་ཀྱི་་བརྡ་དོན་འགའ་ཞིག་བཀྲོལ་བ་ལ། 13

22 རྟགས་ཀྱི་འཇུག་པའི་དགོངས་འགྲེལ་རབ་གསལ་སྣང་བ་ལ། 18

23 རྟགས་ཀྱི་འཇུག་པའི་དཀའ་གནད་བདག་གཞན་དང་བྱ་བྱེད་ལས་གསུམ་གྱི་ཁྱད་པར་ཞིབ་ཏུ་ཕྱེ་བ་ཉུང་གསལ་འཕྲུལ་གྱི་ལྡེ་མིག་ལ། 7

24 རྣམ་དབྱེ་བརྒྱད་དང་བྱ་བྱེད་ལས་སོགས་ཀྱི་ཁྱད་པར་མདོ་ཙམ་བརྗོད་པ་དཀའ་གནད་གསལ་བའི་མེ་ལོང་ལ། 7

25 དབྱངས་ཅན་སྒྲ་ཊིཀྐ་ལས་བྱུང་བའི་ཡུཥྨད་ཨ་སྨད་ཀྱི་ཆོ་གའི་ཚིགས་བརྒྱད་ཀྱི་དོན་རགས་རིམ་བཀྲོལ་བ་ལ། 12

26 མཚམས་སྦྱོར་ལྔ་པ་པའི་ཚིགས་བཅད་ཀྱི་སྐད་དོད་སོ་སོར་བཀྲལ་བ་བློ་གསར་འཇུག་ངོགས་ལ། 10

27 སྙན་ངག་གི་བསྟན་བཅོས་མུ་ཏིག་ཕྲེང་བ་ལ། 31

28 སྙན་ངག་མེ་ལོང་གི་ལེའུ་དང་པོ་ནས་བྱུང་བའི་སྦྱར་བ་སོགས་ཡོན་ཏན་བཅུའི་གནད་དོན་གསལ་བར་སྟོན་པ་ལེགས་པར་བཤད་པ་པུཎ་ཊ་་རི་ཀའི་ཕྲེང་མཛེས་ལ། 25

29 སྙན་ངག་མེ་ལོང་གི་ལྡན་རྣམས་ཀྱི་དཔེར་བརྗོད་དཔྱིད་ཀྱི་རྒྱལ་མོའི་སྒྲ་དབྱངས་ལ། 38

30 སྙན་ངག་གི་ལུས་ལྡན་སྐྱོན་སེལ་གསུམ་གྱི་སྡོམ་ཚིག་རབ་གསལ་མེ་ལོང་ལ། 6

31 སྡེབ་སྦྱོར་རིན་འབྱུང་གི་གནད་དོན་གསལ་བའི་མེ་ལོང་ལ། 39

32 ངོ་མཚར་རྟོགས་བྱེད་ནག་འགྲོས་སུ་བཀོད་པ་ལེགས་བཤད་འཕྲུལ་གྱི་ལྡེ་མིག་ལ། 8

33 སྡེབ་སྦྱོར་ལས་ཉེར་མཁོ་རགས་རིམ་ལ། 4

34 དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་སྐྱེ་བའི་རྒྱུ་ཚོགས་ལ་འབད་ཅིང་བསྔོ་སྨོན་གྱི་རྒྱས་འདེབས་བྱ་ཚུལ་ཞིང་མཆོག་སྒོ་འབྱེད་ལ། 7

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།ཨ་ཀྱྰ་ཡོངས་འཛིན་བློ་བཟང་དོན་གྲུབ་བམ་དབྱངས་ཅན་དགའ་བའི་བློ་གྲོས་ནི་གདོང་སྣ་ཞེས་པར་ཡབ་ལོ་ལོ་དང༌།ཡུམ་འབའ་ཀོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་ལྕགས་སྤྲེ་1740ལོར་འཁྲུངས།དགུང་ལོ་བདུན་ལ་ལྷ་རི་བློ་བཟང་འབྱུང་གནས་དྲུང་རབ་བྱུང་བསྒྲུབས།མཚན་བློ་བཟང་དོན་གྲུབ་གསོལ།དགུང་ལོ་བཅོ་ལྔ་ལ་བྱ་ཁྱུང་དགོན་དུ་ཆོས་ཞུགས་མཛད་ནས་གཞུང་ཆེན་ལ་གསན་སྦྱོང་མཛད།དགུང་ལོ་ཉེར་བདུན་ལ་དབུས་སུ་ཕེབས་ནས་བླ་བྲང་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་མཛད།དགུང་ལོ་ཉེར་བརྒྱད་ཐོག་པཎ་ཆེན་དཔལ་ལྡན་ཡེ་ཤེས་དྲུང་བསྙེན་རྫོགས་བསྒྲུབས།

དགུང་ལོ་སོ་གཉིས་ལ་གྲྭ་སྐོར་མཛད།སུམ་རྟགས།རྩིས་སྐར་ནག་སོགས་ལ་གསན་སྦྱོང་མཛད་ནས་མཁས་པར་གྲགས།ཀུན་མཁྱེན་འཇིགས་མེད་དབང་པོ་དང༌།ཐུའུ་བཀྭན་ཆོས་ཀྱི་ཉི་མ་སོགས་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན།དགུང་ལོ་བཞི་བཅུ་ལོར་མགུར་རྣམ་རྒྱལ་གླིང་གི་ཁྲིར་ཕེབས།རྗེ་འདིས་རྫོང་ནང་དགོན་པ་དང༌།སྨན་པ་གྲྭ་ཚང༌།དུས་འཁོར་གྲྭ་ཚང་སྔ་རྟིང་གིས་ཕྱུག་བཏབ།

དགུང་ལོ་རེ་བཞི་ལ་བྱ་ཁྱུང་དགོན་གྱི་ཁྲིར་ཕེབས།དགུང་ལོ་བརྒྱད་ཅུ་གྱ་བརྒྱད་དེ་མེ་ཕག 1827ལ་གཤེགས།གསུང་འབུམ་པོད་གཉིས་བཞུགས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn  

བརྒྱུད་འགོད།