སྒྲུབ་ཁང་བློ་བཟང་ཚུལ་ཁྲིམས་ཀྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-05-05 08:32:52     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

 

པར་པོད།ཤོག་གྲངས།

00821

1 བྱིན་རླབས་བླ་མའི་རྣལ་འབྱོར་སྐལ་ལྡན་གསལ་བའི་སྒྲོན་མེ་ལ། 35

2 དཔལ་ཆེན་རྟ་མགྲིན་ཡང་གསང་ཁྲོས་པའི་རིམ་པ་དང་པོ་ཉམས་སུ་ལེན་ཚུལ་གྱི་ཁྲིད་ཡིག་མན་ངག་བདུད་རྩིའི་ཆར་འབེབས་ལ། 51

3 ལྷག་པའི་ལྷ་མཆོག་པད་མ་ཡང་གསང་ཁྲོས་པའི་ལས་བྱང་སྒྲ་དབྱངས་མའི་ལག་ལེན་ནགས་འོས་སུ་བཀོད་པ་ལ།9

4 ཡང་གསང་གི་གཏོར་ཆེན་སྐབས་ཀྱི་ལག་ལེན་ལ། 6

5 ཡང་གསང་གི་གཏོར་མའི་རྣམ་བཤད་ལ། 4

6 ཡང་གསང་ཁྲོས་པའི་གཅོད་ཀྱི་གདམས་པ་སྐལ་ལྡན་འཇུག་ངོགས་ལ། 5

7 དེའི་སྒོ་ནས་གཅོད་ཀྱི་ལེ་ལག་དབང་བདུད་སོགས་ཁ་སྐོང་ལ། 4

8 དེའི་སྒོ་ནས་འཕོ་བའི་གདམས་པ་ཉམས་སུ་ལེན་ཚུལ་དག་ཞིང་མྱུར་བགྲོད་ལ། 4

9 དེའི་སྒོ་ནས་དགྲ་བཅོས་བྱེད་སྐབས་ཀྱི་ལེ་ལག་མདའ་ཟོར་འཕེན་བྱེད་ལ། 1

10 ཡང་གསང་ཁྲོ་པའི་སྐོར་གྱི་དྲག་གཏོར་འབུལ་ཚུལ་ལ། 1

11 ཡང་གསང་གི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླངས་པའི་ཆོ་ག་ནག་འགྲོས་སུ་བཀོད་པ་ལ། 22

12 བཅོམ་ལྡན་འདས་འཇིགས་མཛད་དཔའ་བོ་བདུད་ལས་རྣམ་རྒྱལ་རིམ་པ་དང་པོའི་ལམ་གྱི་རྣམ་གཞག་ལ། 39

13 ཕྱུག་རྡོར་འཁོར་ཆེན་གྱིས་མཚོན་པའི་ཡི་དམ་སྒྲུབ་སྐོར་སྐུ་གསུམ་བང་མཛོད་ལ། 31

14 འདས་མ་འདས་ཀྱི་ཆོས་སྲུང་རྣམས་དང༌།ཡུལ་ལྷ་གཞི་བདག་ཁག་བཅས་ཀྱི་གསོལ་མཆོད་བསྐང་འཕྲིན་གྱི་རིམ་

པ་ཕྱོགས་བསྡེབས་སུ་བཀོད་པ་ལ། 53

15 གྲུབ་ཆེན་ཉི་མ་སྦས་པའི་ལུགས་ཀྱི་རྩ་བའི་སྒྲོན་མ་དང་ལས་ཚོགས་ཀྱི་སྒྲུབ་ཐབས་ལ། 98

16 ཆེ་བཟང་སྟག་ཕུ་ཡོངས་འཛིན་དང༌།རྗེ་ཉིད་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ལ། 6

17 རྫོགས་རིམ་ཟབ་མོའི་གནད་སྟོན་པར་བྱེད་པ་གསང་བའི་བརྡ་ཚིག་དཔྱིད་ཀྱི་ཐིག་ལེ་དང་མགུར་ཚིག་མ་སོགས་ལ།3

18 སྙན་བརྒྱུད་ཟབ་མོའི་གཅོད་གཞུང་ཐར་འདོད་དེད་དཔོན་དང་འབྲེལ་པའི་གཅོད་ཚོགས་དང་གཅོད་འབྲེལ་ཚེ་འགུགས་བཅས་པར།18

19 འཇིགས་བྱེད་དཔའ་བོ་གཅིག་པ་ཞལ་གཅིག་ཕྱུག་གཉིས་པའི་སྒྲུབ་ཐབས་བཅས་ལ། 8

20 རྡོ་རྗེ་རྣལ་འབྱོར་མའི་བདག་བསྐྱེད་མདོར་བསྡུས་དངོས་གྲུབ་མྱུར་གྲོལ་དང་མཚམས་རྡོ་བསྐྱེད་ཆོག་ལ། 4

21 ནྰ་རོ་མཁའ་སྤྱོད་ལ་ཚོགས་མཆོད་འབུལ་ཚུལ་དང༌།དེའི་དབང་བརྒྱུད་ཁ་སྐོང་བློ་བཟང་སྒོམ་ཆུང་གིས་མཛད་པའི་གཅོད་སྐོར་ཐོར་བུ་སྣ་ཚོགས་ལ། 5

22 ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་སྦྱིན་སྲེག་གདུང་སེལ་ལ། 4

23 སྤྱན་རས་གཟིགས་ཀྱི་སྒོམ་བཟླས་དང་འབྲེལ་བའི་རིགས་དྲུག་གནས་སྦྱོང་འཁོར་ལོ་གདུང་དྲུག་ལ། 3

24 བླ་མའི་རྣལ་འབྱོར་བྱིན་རླབས་ཆར་རྒྱུན་འབེབས་པའི་ཆེ་འཛིན་ལ། 8

25 བླ་མ་དྲག་པོ་འཁོར་བཅས་ཀྱི་གསོལ་འདེབས་དངོས་གྲུབ་མྱུར་གྲོལ་ལ། 3

26 བསླབ་བྱ་མུན་སེལ་སྒྲོན་མེ་ལ། 4

27 སེམས་ཁྲིད་དང་འབྲེལ་བའི་བར་དོའི་གནས་སྟོན་པའི་མན་ངག་ལ། 4

28 གུ་རུ་མཚན་བརྒྱད་ཀྱི་ལས་བྱང་སྟོང་སྲོག་གཅིག་བསྡུས་ཀྱི་་བརྒྱུད་འདེབས་ལ། 34

29 བླ་མའི་རྣལ་འབྱོར་དང་གསོལ་འདེབས་ཁག་ཞབས་བརྟན་སྔགས་འབྱིན་འཇུག་སོགས་མན་ངག་སྣ་ཚོགས་ལ། 10

30 རྟེན་ལ་གཟུངས་འབུལ་གྱི་འདོད་གསོལ་དང་སྙན་ཤལ་ཞལ་ཐང་མཚོ་རྫས་སོགས་ཀྱི་འདོད་གསོལ་གྱིས་མཚོན་ཐོར་བུ་ལ། 9

31 བྱང་ཕྱོགས་བསྟན་འགྲོའི་མགོན་གཅིག་གནས་ཕྱོགས་ཤི་ལ་ཝར་གྱི་གནས་ཡིག་ལ། 5

32 ཨ་མདོ་དཔོན་ཚེ་རིང་མཆོག་རྒྱལ་ཤོག་གི་གྲྭ་རྒྱུན་སྤྱིའི་བཅའ་ཡིག་ལ། 4

33 སྒྲོལ་མའི་འདོད་གསོལ་ལ། 2

34 དཔལ་ལྡན་དམག་ཟོར་རྒྱལ་མོའི་སྣང་བརྙན་ལ་གཟུང་བཞུགས་འབུལ་ཚུལ་ལ། 2

35 འདོད་དོན་སྨོན་ཚིག་ལ། 2

36 མདོ་སྔགས་ཆོས་ཚུལ་ཟབ་མོའི་གསན་ཡིག་ལ། 4

37 དེབ་ཀྱི་འགོ་བརྗོད་ལ། 3

38 གསེར་སྐྱེམས་ཡོངས་འདུས་ཁྱེར་བདེ་ལ། 2

39 གཏོར་འབུལ་ཡོངས་འདུས་ཁྱེར་བདེ་ལ། 2

40 དཔལ་ལྡན་དམག་ཟོར་རྒྱལ་མོའི་གསོལ་མཆོད་མདོར་བསྡུས་ལ། 4

41 ཇོ་མོ་ཚེ་རིང་མཆེད་ལྔའི་གསོལ་མཆོད་ལ། 2

42 གནོད་སྦྱིན་ཆེན་པོ་ལྕམ་སྲིང་དང༌།བཤན་པ་བྱ་ཁྲི་པ་དྲག་སྒྲུབ་སྐྱེ་བསྐང་གསོ་དང་དམ་ཅན་དགྱེས་པའི་མཆོད་སྤྲིན་ལ། 10

43 ཆོས་སྐྱོང་དྲེག་པ་ལྕམ་སྲིང་གི་འཕྲིན་བཅོལ་གཉེར་གཏད་སྙིང་གི་ཐིག་ལེ་བཟུང་བའི་ཏམ་བུ་ར་ལ། 5

44 སྐྱེས་མཆོག་དམ་ཅན་རྡོར་ལེགས་པ་ལ་བརྟེན་པའི་དགྲ་སྒྲུབ་གནམ་ལྕགས་འབར་བ་ལ། 10

45 སོའི་ཕྱིའི་ཞི་བདག་ཀོང་ག་པའི་གསོལ་མཆོད་འཕྲིན་ལས་ལ། 9

46 དགའ་བཞི་རྡོ་རིང་པའི་མངའ་འབངས་རྣམས་ཀྱི་ཡུལ་ལྷ་ཁག་གི་བསངས་མཆོད་མདོར་བསྡུས་ལ། 2

47 གུར་པ་འཕྲིན་ལས་བཀྲ་ཤིས་པའི་གསོལ་མཆོད་དང་ཤུགས་ལྡན་དང་གུར་པ་སོགས་འབྲེལ་བའི་བསངས་མཆོད་

ལ། 4

48 ཞི་བདག་དར་འཕྱར་གྱི་གསོལ་མཆོད་དང་གདེང་ཅན་མཚོ་ནག་གི་མཚོ་རྫས་འདོད་གསོལ་གཉིས་ལ། 3

49 རྟ་མགྲིན་ཡང་གསང་ཁྲོས་པའི་དབང་ཆོག་མདོར་བསྡུས་ལ། 8

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།སྒྲུབ་ཁང་བློ་བཟང་ཚུལ་ཁྲིམས་ནི་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་སྨད་ཙམ་ལ་འཁྲུངས།སྐུ་གཞོན་དུས་སེ་རར་ཆོས་ཞུགས་མཛད་ནས་གཞུང་ཆེན་ལ་གསན་བསམ་མཛད།རྒྱལ་བ་བསྐལ་བཟང་རྒྱ་མཚོ་དང་ཁྲི་ཆེན་བསྟན་པ་རབ་རྒྱས་སོགས་བསྟེན་ནས་མདོ་སྔགས་ཆོས་མང་དུ་གསན།རྗེ་ཉིད་ཀྱི་མཛད་རྣམ་མ་རྙེད་པས་ཞིབ་ཆ་འབྲིར་མ་སྤོབས།

གསུང་འབུམ་པོད་གཅིག་བཞུགས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn   

བརྒྱུད་འགོད།