ཀོང་པོ་ཡེ་ཤེས་བརྩོན་འགྲུས་སམ་ཕག་མགོ་བླ་མའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-05-05 08:32:20     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

པར་པོད།ཤོག་གྲངས།

00820

ཀབླ་མཆོད་ཟུར་རྒྱན་ལ། 5

ཁདཀོན་མཆོག་རྗེས་དྲན་གྱི་མདོ་འགྲེལ་ལ། 12

གབླ་མའི་གསོལ་འདེབས་ལ། 3

ངཞལ་ཆེམས་ལ། 2

ཅབླ་མའི་བཀའ་དྲིན་གསོལ་འདེབས་ལ། 4

ཆབདེ་ལམ་དམར་ཁྲིད་ས་བཅད་ལ། 8

ཇདེའི་དམར་ཁྲིད་ཐེག་མཆོག་གདམས་པའི་ཉིང་ཁུ་ལ། 48

ཉགཅོད་བདག་འཛིན་འཆིང་བ་གཅོད་པའི་མཚོན་ཆ་ལ། 13

ཏའོད་དཔག་མེད་ཀྱི་བླ་མའི་རྣལ་འབྱོར་ལ། 3

ཐལྟུང་བཤགས་ཊིཀྐ་ལ། 17

དརྟེན་འབྲེལ་བསྟོད་པའི་ཊིཀྐ་ལ། 13

ནསྨོན་ལམ་ལ། 10

པལམ་རིམ་ཚིགས་བཅད་མ་ལ། 31

ཕཡོངས་འཛིན་ཆོས་ཀྱི་རྒྱལ་པོའི་གསུང་ཟིན་བདེ་ལམ་དམར་ཁྲིད་དྲང་སྲོང་ཞལ་ལུང་ལས་སྐྱེས་བུ་ཆུང་ངུ་ལ། 113

བསྐྱེས་བུ་འབྲིང་དང་ཆེན་པོའི་ཟིན་བྲིས་བཅས་ལ། 82

མལམ་རིམ་ཆེ་ཆུང་གི་བསྡུས་དོན་ཚིགས་བཅད་མ་ལ། 91

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།ཀོང་པོ་ཡེ་ཤེས་བརྩོན་འགྲུས་སམ་ཕག་མགོ་བླ་མ་ནི་ཀོང་པོའི་ཡུལ་དུ་ཡབ་ཚེ་དབང་རྒྱ་མཚོ་དང༌།ཡུམ་ཚེ་དབང་བཟང་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ལྕགས་སྦྲུལ་1761ལོར་འཁྲུངས།དགུང་ལོ་བརྒྱད་ལ་ཕེབས་སྐབས་ཡབ་ཡུམ་གྱིས་ཡི་གེའི་འབྲི་ཀློག་བསླབས།དེའི་ལོ་ཀོང་པོ་ཆབ་ནག་རི་བོ་དགའ་ལྡན་དུ་ཕྱུག་བྲིས་སློབ་གཉེར་དུ་ལོ་གཅིག་ཙམ་བཞུགས།དགུང་ལོ་དགུ་ལ་ཡབ་སྐྱེ་བཀའ་བཞིན་ལྟ་ལྡན་སྤྲོ་བདེ་ཁང་གསར་དུ་ཕྱུག་བྲིས་དང༌།རྩིས།ཆོས་སྤྱོད་སོགས་བསླབས་ནས་དགུང་ལོ་བཅོ་ལྔ་བར་བཞུགས།དགུང་ལོ་བཅུ་དྲུག་སྐབས་གདོན་གྱི་རྣམ་པས་སྐུ་མི་བདེ་ཙམ་བྱུང་ནས་རྟ་མགྲིན་གྱི་བསྙེན་པ་དུས་མཚམས་གཅིག་རིང་བསྐྱངས།ཡབ་སྐྱེ་བཞེད་དོན་མ་བསྡུན་པར་རྗེ་ཉིད་ཆོས་སྒོར་ཞུགས།དགུང་ལོ་བཅུ་བདུན་ཐོག་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་སྐུ་དྲུང་དུ་དབུ་སྐྲ་བཅད་ནས་དགེ་ཚུལ་བསྒྲུབས།དགུང་ལོ་བཅོ་བརྒྱད་ལ་བླ་བློ་གསལ་གླིང་གྲྭ་ཚང་དུ་ཆོས་ཞུགས་མཛད་ནས་ཆོས་མཛད་ཆེ་

བའི་མཚན་བཞེས་ཏེ་གཞུང་ཆེན་བཀའ་པོད་ལྔར་གསན་སྦྱོང་མཛད།དགུང་ལོ་ཉེར་གསུམ་ལ་གཙང་པ་མཁན་ཆེན་རྡོ་རྗེ་འཆང་ཆེན་པོའི་དྲུང་དུ་བསྙེན་རྫོགས་བསྒྲུབས།དེ་ནས་ཕར་ཕྱིན་འཛིན་གྲྭའི་སྐབས་ནས་བླ་མའི་བཀའ་བཞིན་དབེན་པར་བཞུགས་རྒྱུ་ཐུགས་ཐག་བཅད་ནས་གྲྭ་ས་ནས་ཕེབས་ཏེ་དཀའ་ཆེན་ཡེ་ཤེས་རྒྱལ་མཚན་གྱི་ཞབས་ལ་གཏུགས་ཏེ་དབེན་གནས་ཁག་ལ་སྒྲུབ་པ་རྩེ་གཅིག་ཏུ་མཛད།དགུང་ལོ་ང་གཅིག་ལ་ཀོང་པོ་དགའ་ལྡན་བསམ་གཏན་གླིང་ཕྱུག་བཏབ།དགུང་ལོ་ངན་གསུམ་ལ་ལྷ་སར་ཕེབས་ནས་ཚེ་ཆོག་གླིང་སྤྲུལ་སྐུར་སྐུ་ཡོན་སྒྲོན་འབུལ་དུ་ལོ་གཅིག་བཞུགས།རྒྱུན་དུ་དབུས་དང༌།ཀོང་པོ་ཁུལ་བྱང་ཆུབ་ལམ་རིམ་བཤད་ཁྲིད་དང༌།སྐུ་མཚམས་ཁོ་ནར་བརྩོན་པ་མཛད་ནས་མཐར་དགུང་ལོ་ང་དྲུག་སྟེ་མེ་ཁྱི་1816 ལོར་སྐུ་གཤེགས།འདིར་གསུང་འབུམ་པོད་གཅིག་བཞུགས།ཛ

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn  

བརྒྱུད་འགོད།