དགའ་ལྡན་ཁྲི་ཐོག་བདུན་ཅུ་པ་ངག་དབང་ཆོས་འཕེལ་གྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-05-05 08:30:48     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

 པར་པོད།ཤོག་གྲངས།

00817

ཀ་1རྗེ་ཉིད་ཀྱི་རྣམ་ཐར་རྒྱས་པ་དགེ་ལྡན་རིང་ལུགས་རྒྱས་བྱེད་ལ། 93

ཀ་2 རྣམ་ཐར་གྱི་རྩ་བ་ཚིགས་སུ་བཅད་པ་དགེ་ལྡན་གསེར་ཁྲིར་འཛེགས་པའི་ཐེམ་སྐས་ལ། 5

ཁགསང་འདུས་འཇིག་རྟེན་དབང་ཕྱུག་གི་བླ་བརྒྱུད་གསོལ་འདེབས་ལ། 1

གགསང་འདུས་འཇིག་རྟེན་དབང་ཕྱུག་ལྷ་བཅུ་དགུའི་སྒྲུབ་ཐབས་མདོར་བསྡུས་ལ། 33

ངདེའི་བུམ་བསྐྱེད་ལ། 2

ཅདེའི་མདུན་བསྐྱེད་ལ། 4

ཆདེའི་སྨོན་ལམ་ལ། 2

ཇདེའི་ཤིས་བརྗོད་ལ། 1

ཉཕྱུག་རྡོར་གཏུམ་པོ་ཁྱུང་ལྔའི་བདག་མདུན་གྱི་སྒྲུབ་ཐབས་ལ། 3

ཏགཙུག་ཏོར་རྣམ་རྒྱལ་མའི་སྒྲུབ་ཐབས་ལ། 5

ཐབདེ་མཆོག་དྲིལ་བུ་ལྷ་ལྔའི་བསྐྱེད་རིམ་མདོར་བསྡུས་ལ། 3

དཚད་མ་རྣམ་འགྲེལ་གྱི་ས་བཅད་མདོར་བསྡུས་ལ། 2

ནསྐྱེས་རབས་སོ་བཞི་པའི་དོན་བསྡུས་ཀྱི་གསོལ་འདེབས་ཐུབ་དབང་རྗེས་དྲན་ལ། 3

པགྲུབ་མཐའི་རྣམ་བཤད་ཆེན་མོའི་ས་བཅད་བསྡུས་དོན་ལ། 8

ཕཀུན་སྤྱོད་དགེ་སྦྱོར་དུ་བསྒྱུར་ཚུལ་ལ། 4

བརང་གཞན་ཆོས་ལ་བསྐུལ་བའི་བསླབ་བྱ་དང་རྗེ་རིན་པོ་ཆེའི་ལེགས་བཤད་སྙིང་པོའི་ས་བཅད་བཅས་ལ། 4

མབླ་མ་ལྔ་བཅུ་པའི་ས་བཅད་ལ། 1

ཙཕྱུག་རྡོར་གཏུམ་པོ་ལྷ་ལྔའི་མངོན་རྟོགས་མདོར་བསྡུས་ལ། 1

ཚལྷ་མོ་འོད་ཟེར་ཅན་མའི་མངོན་རྟོགས་མདོར་བསྡུས་དང་གཞི་བདག་དགེ་བསྙེན་ཆེན་པོའི་གཏོར་འབུལ་གསེར་ཀྱིམས་བཅས་ལ། 1

ཛཡང་དབེན་གནས་སྟག་ལུང་བྲག་གི་གཞི་བདག་དགེ་བསྙེན་གྱི་གསོལ་མཆོད་བསྐང་བཤགས་མངའ་གསོལ་བཅས་ལ། 3

ཝལྷ་མོ་ཀུ་རུ་ཀུལླེའི་མངོན་རྟོགས་ལ། 2

ཞབདེ་ལམ་བླ་བརྒྱུད་ཀྱི་རྒྱབ་ཡིག་སོགས་རྒྱབ་ཡིག་སྐོར་དང་གཞི་གསུམ་གྱི་ཆོ་གའི་ལག་ལེན་མདོར་བསྡུས་བཅས་ལ། 14

ཟཁྲོ་བཅུ་ལ་བརྟེན་པའི་གདོན་བགེགས་བཟློག་ཐབས་མདོར་བསྡུས་དང༌།རྟེན་འབྲེལ་བསྟོད་པའི་ས་བཅད་མདོར་བསྡུས།དུས་འཁོར་གྱི་དྲིས་ལན།རྫིང་ཕྱིའི་བྱམས་པའི་ན་བཟའ་སྙན་ཤལ་སོགས་སྤྲུལ་བའི་འདོད་གསོལ་བཅས་ལ། 5

འསྤྱན་རས་གཟིགས་ཀྱི་་བསྒོམ་བཟླས་མདོར་བསྡུས་དང༌།མགོན་པོ་ཕྱུག་བཞི་པའི་གཏོར་འབུལ་མདོར་བསྡུས།དགེ་སློང་གྲགས་པ་བསྟན་དར་ནས་བསྐུལ་བའི་སྨོན་ཚིག་མདོར་བསྡུས་བཅས་ལ། 5

ཡཆོས་མངོན་པ་མཛོད་ཀྱི་གནས་གཉིས་པ་ཡན་གྱི་ས་བཅད་མདོར་བསྡུས་དང༌།དཔལ་ཕྱུག་ན་རྡོ་རྗེ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་སྒོམ་བཟླས་བཅས་ལ། 5

རགསང་བ་འདུས་པའི་རྩ་རྒྱུད་ལེའུ་བཅུ་གཅིག་པ་ནས་གསུངས་པའི་མིག་གི་སྐྱོན་སྦྱོང་བྱེད་ཟབ་མོ་ལ། 1

ལདྲིས་ལན་མཛུབ་མོ་རི་སྟོན་ལ། 5

ཤའགྲེལ་པ་དོན་གསལ་གྱི་ས་བཅད་མདོར་བསྡུས་ལ། 4

སའགྲེལ་པ་དོན་གསལ་གྱི་ཟིན་བྲིས་ལ། 42

ཧརྡོ་རྗེ་ཕྲེང་བ་ནས་བཤད་པའི་རིག་བྱེད་མ་ལྷ་བཅོ་ལྔའི་སྒྲུབ་ཐབས།བུམ་བསྐྱེད།བདག་འཇུག་སྨོན་ཤིས་སྦྱིན་སྲེག་བཅས་ལ། 37

ཨགནས་ཆུང་ཆོས་ཀྱི་རྒྱལ་པོའི་ཐུགས་དམ་བསྐང་བའི་རིམ་པ་རྭ་སྒྲེང་རྡོ་རྗེ་འཆང་གིས་མཛད་པ་ལ་གཞི་བྱས་ཁྲི་ཐོག་བདུན་ཅུ་པས་ཁ་སྐོང་ཅུང་ཟད་བགྱིས་པ་བཅས་ལ། 6

365

ཀིབླ་མཆོད་བདེ་སྟོང་དབྱེར་མེད་མ་དང༌།ཕྱག་ཆེན་རྩ་བ་གཉིས་ཀྱི་ས་བཅད་མཆན་འགྲེལ།དུས་འཁོར་གྱི་སྦྱིན་སྲེག་འཇིགས་བྱེད་སྐྱེ་བསྐྱེད་རྫོགས་གཉིས་ཀྱི་ཁྲིད་ཀྱི་ས་བཅད།ཕྱུག་རྡོར་འཁོར་ཆེན་གྱི་སྒོམ་བཟླས་བྱ་ཚུལ་བཅས་ལ། 33

ཁིནོར་ལྷ་གང་རིགས་ལ་སྦྱར་ཆོག་པའི་གཡང་འགུགས་འདོད་དགུའི་ཆར་འབེབས་ལ། 5

དཀར་ཆག་ལ། 3

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།དགའ་ལྡན་ཁྲི་ཐོག་བདུན་ཅུ་པ་ངག་དབང་ཆོས་འཕེལ་ནི་འདམ་གཞུང་རྫོང་ཁོངས་གྱར་པའམ་མར་རྐྱང་ཞེས་བྱ་བའི་ས་ཆར་ཕ་བོང་དཀར་རི་ཞེས་པ་དེར་ཡབ་ཨ་ར་དབུ་ལྡན་སྲིད་ཐར་དང༌།ཡུམ་ཐང་ཟ་ཚེ་རིང་ལྷ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ལྕགས་འབྲུག་སྟེ། 1760 ལོར་སྐུ་འཁྲུངས།དགུང་ལོ་གསུམ་ལ་ཕེབས་སྐབས་སྐུད་པ་འཁེལ་བ་སོགས་མཛད།དགུང་ལོ་ལྔ་ལ་ཕེབས་དུས་མི་ཚང་ཕྱུག་པོ་འདྲའི་རེའུ་དང་ལུ་གུ་འཚོ་རུ་ཕེབས།དགུང་ལོ་དགུ་དང་བཅུ་ལ་ར་ལུག་གི་རྫི་བོ་གནང༌།དགུང་ལོ་བཅུ་གསུམ་ལ་དབུས་ཕྱོགས་སུ་ཕེབས་ཏེ་བླ་བྲང་སྒོ་མང་གྲྭ་ཚང་ལ་ཆོས་ཞུགས་གནང༌།དགུང་ལོ་བཅོ་ལྔའི་ཐོག་ཏུ་གཙང་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་བའི་ཞལ་སྔ་ནས་དགེ་ཚུལ་གྱི་སྡོམ་པ་བཞེས།དགུང་ལོ་བཅུ་དགུ་ལ་རྣམ་འགྲེལ་གྱི་ཚོགས་ལངས་མཛད།ཕར་ཕྱིན་སྟོན་མོ་དམ་བཅའ་འཇོག་པར་མཛད།རྒྱལ་བ་ཐམས་ཅད་མཁྱེན་པ་འཇམ་དཔལ་རྒྱ་མཚོ་དཔལ་བཟང་པོའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།དཀའ་ཆེན་ཡེ་ཤེས་རྒྱལ་མཚན་དང༌།ཀློང་རྡོལ་བླ་མ་རིན་པོ་ཆེ་སོགས་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་པོ་གསན།དགུང་ལོ་སོ་བདུན་ལ་ཕེབས་སྐབས་ལྷ་རམས་པའི་མཚན་བཏགས་དང་གཏོང་སྒོ་སོགས་གནང༌།དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཚལ་ཆོས་ཐོག་སྐབས་རྒྱུད་གྲྭར་ཞུགས།རིམ་བཞིན་སེ་ར་ཆོས་སྡིངས་དང་ཆེ་མིག་ལུང་དུ་དབྱངས་རྒྱུགས་སྤྲད།རྒྱུད་པའི་ཆོས་གྲྭར་སྔགས་ཀྱི་དམ་བཅའ་བཞག་པ་གནང༌།དགེ་བསྐོས་དང་ཁྲིད་དཔོན་སོགས་རིམ་གྱིས་མཛད།དགུང་ལོ་ཞེ་བརྒྱད་པར་རྒྱུད་པའི་བླ་མ་དབུ་མཛད་གནང༌།ལོ་དེ་གའི་ནང་དུ་རྒྱུད་སྨད་གྲྭ་ཚང་གི་མཁན་པོ་གནང༌།རྒྱུད་པའི་ཆོས་ས་རར་ཉམས་གསོ་ཡང་མཛད།ཀུན་གླིང་སྤྲུལ་སྐུའི་ཡོངས་འཛིན་མཛད།དགུང་ལོ་རེ་གསུམ་ལ་དགའ་ལྡན་ཁྲི་པ་ལོ་དྲུག་གནང༌།དགུང་ལོ་རེ་བཞི་ལ་རྒྱལ་བ་སྐུ་ཕྲེང་བཅུ་པའི་ཡོངས་འཛིན་གནང༌།དགུང་ལོ་རེ་བརྒྱད་ཐོག་སྟག་ལུང་བྲག་རི་ཁྲོད་དུ་འདུ་ཁང་གསར་བཞེངས་ཐོག་སྐུ་རྟེན་དང་གསུང་རྟེན་ཡང་བཞེངས་པར་མཛད།གཞན་ཡང་མདོ་སྔགས་ཀྱི་ཆོས་འཁོར་བསམ་གྱི་མི་ཁྱབ་པ་བསྐོར་གནང་སྟེ་མཐར་དགུང་ལོ་བརྒྱད་ཅུ་ཐམ་པའི་ས་ཕག1839ལོ་ལ་སྐུ་གཤེགས།འདིར་གསུང་པོད་གཅིག་བཞུགས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn      

བརྒྱུད་འགོད།