ཀེའུ་ཚང་འཇམ་དབྱངས་སྨོན་ལམ་གྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-05-05 08:29:01     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

  

པར་པོད།ཤོག་གྲངས།

00815 དང་པོ་

ཀགདམས་ངག་ཆེ་བོའི་རྒྱུན་གྱི་རྣལ་འབྱོར་ལ། 23

ཁབླ་མ་མཆོད་པ་རབ་འབྱམས་རྣམ་དག་བདེ་བའི་འབྱུང་གནས་ལ། 20

གབླ་མཆོད་ཆོ་ག་དད་པའི་ལྗོན་ཤིང་ལ། 9

ངཐུན་དྲུག་རྣལ་འབྱོར་དང་བླ་མའི་རྣལ་འབྱོར་སོགས་ལ། 9

ཅབཀའ་དྲིན་མཚུངས་མེད་རྗེ་བཙུན་དམ་པ་རིན་ཆེན་དབང་རྒྱལ་དཔལ་བཟང་པོའི་རྣམ་ཐར་ལ། 27

ཆརྣལ་འབྱོར་སྤྱོད་པ་པའི་ལུགས་ཡིད་དང་ཀུན་གཞིའི་རྩ་འགྲེལ་གྱི་དཀའ་གནད་གསལ་བྱེད་ལ། 37

ཇབྱང་ཆུབ་ལམ་རིམ་གྱི་སྔོན་འགྲོ་སྦྱོར་བའི་ཆོས་དྲུག་གི་ཁྲིད་ཡིག་ཆེན་མོ་འཇམ་དབྱངས་བླ་མའི་དགོངས་ལྡན་ལ།85

ཉབྱང་ཆུབ་ལམ་རིམ་གྱི་རིམ་པ་ཆུང་ངུའི་ཟིན་བྲིས་བློ་གསལ་རྒྱ་མཚོའི་འཇུག་ངོགས་ལ། 191

དཀར་ཆག་ལ། 2

00816 གཉིས་པ།

ཏདགའ་ལྡན་སྙན་བརྒྱུད་སྐྱེ་བཀའ་སྲོལ་ཕྱུག་རྒྱ་ཆེན་པོའི་ཟིན་བྲིས་རྣམ་གྲོལ་ཀུན་ཏུ་དགེ་བའི་ལམ་བཟང་ལ། 72

ཐབླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུག་ལ། 3

དདགེ་སློང་གི་བསླབ་བྱའི་སྡོམ་ཚིག་ཐུབ་བསྟན་གསལ་བྱེད་ལ། 59

ནརི་ཁྲོད་སྤོང་བ་བ་རྣམས་ཀྱི་ཁྲིམས་སུ་བཅའ་བའི་རིམ་པ་འགྲོ་ཀུན་ཕན་བདེ་ལ། 25

པགདམས་ངག་སྐལ་བཟང་མ་སོགས་གསུང་ཐོར་བུ་ལ། 60

ཕདཔལ་མགོན་ཞལ་གྱི་གཏེར་འབུམ་ལ། 1

བདྲིས་ལན་སྣ་ཚོགས་སྐོར་ཕྱོགས་གཅིག་ཏུ་བསྡེབས་པ་སྐལ་བཟང་གདུལ་བྱའི་རེ་སྐོང་ལ། 37

མམདོ་མང་དང་རྒྱུད་སྡེ་ནས་རང་གཞན་གྱི་ངག་འདོན་དུ་བཏུས་པའི་སྒོ་དྲུག་པའི་གཟུངས་ལ་སོགས་པའི་ཉེར་མཁོ་འགའ་ཞིག་ལ། 16

ཙམདོ་རྒྱུད་ཀུན་ལས་བཏུས་པའི་ལུང་ཟབ་ཉེར་མཁོ་འགའ་ཞིག་ལ། 22

ཚཆབ་ཤོག་སྣ་ཚོགས་ཀྱི་སྐོར་ལ། 9

ཛགྲུ་རྒྱལ་ལུགས་ཀྱི་ཚེ་ཁྲིད་ཐུན་མོང་མ་ཡིན་པའི་དབེན་ས་སྙན་བརྒྱུད་ཀྱི་མན་ངག་ཞལ་བཞེས་ཤིན་ཏུ་ཟབ་པ་ལ། 3

ཝཞབས་བརྟན་དང་བླ་བརྒྱུད་གསོལ་འདེབས་ཀྱི་སྐོར་ལ། 19

ཞརྒྱུད་སྡེའི་བཅུད་ཕྱུང་ཟབ་གསལ་བཻ་རའི་དབང་ཊིཀྐ་སྙན་བརྒྱུད་ཀྱི་ཙི་ཏའི་རྒྱ་ཅན་ལ། 31

ཟསྐུ་གསུང་ཐུགས་རྟེན་དང་མཆོད་རྫས་སོགས་གསར་བཞེངས་ཀྱི་འདོད་གསོལ་སྨོན་ཚིག་ལ། 23

འཚད་མའི་ལམ་བསྒྲིགས་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་མཛད་པ་ལ། 22

དཀར་ཆག་ལ། 2

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།ཀེའུ་ཚང་འཇམ་དབྱངས་སྨོན་ལམ་ནི་དགའ་ལྡན་དར་རྒྱས་གླིང་གི་ཉེ་འདབས་ཆིང་ཕུག་ཅེས་པར་ཡབ་རྣམ་རྒྱལ་དང༌།ཡུམ་ཉི་མ་མིག་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་ལྕགས་རྟ་1750 ལོར་འཁྲུངས།སྐུ་ཆུང་དུས་འདུལ་འཛིན་སྐལ་བཟང་རྣམ་རྒྱལ་ལ་གཙུག་ཕུད་ཕུལ་ཏེ་དགེ་ཚུལ་སྒྲུབ།མཚན་འཇམ་དབྱངས་སྨོན་ལམ་དུ་གསོལ།ཡི་གེ་འབྲི་ཀློག་དང༌།ཆོས་དཔེ་ལེགས་པར་ཐུགས་སུ་ཆེད།དགུང་ལོ་བཅུ་བདུན་ལ་དབུས་སུ་ཕེབས་ནས་བླ་བྲང་བློ་

གསལ་གླིང་དུ་ཆོས་ཞུགས་མཛད།ཏྲེ་བོ་བློ་བཟང་དགེ་ལེགས་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔར་ཐུགས་གཉེར་མཛད།ར་བ་སྟོད་དང༌།འཇང་དགུན་ཆོས་སོགས་ལ་ཕེབས་ནས་དཀའ་བ་དྭངས་བླང་མཛད།རྗེ་འདིས་ཀ་ཆེན་ཡེ་ཤེས་རྒྱལ་མཚན་དང༌།ཀློང་རྡོལ་ངག་དབང་བློ་བཟང༌།ལྕགས་ར་ངག་དབང་འཕྲིན་ལས་སོགས་བཤེས་གཉེན་དུ་མ་བསྟེན་ནས་མདོ་སྔགས་ཀྱི་ཆོས་གསན།དེ་ནས་གཙང་དུ་པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱི་དྲུང་དུ་ཕེབས་ནས་བསྙེན་རྫོགས་བསྒྲུབས།དེ་ནས་ལྷ་ལྡན་སྨོན་ལམ་ཆེན་མོར་གྲྭ་སྐོར་དམ་བཅའ་མཛད།དེའི་ཕྱི་ལོ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཕེབས་ནས་མི་རིང་བར་མཁན་ཁྲིར་ཕེབས།མུ་ལི་སྤྲུལ་སྐུ་ངག་དབང་དཔལ་ལྡན་རྒྱ་མཚོ་དང༌།སྟག་ཕུ་བློ་བཟང་ཆོས་ཀྱི་དབང་ཕྱུག་གཉིས་ཀྱི་ཡོངས་འཛིན་མཛད།དགུང་ལོ་ཞེ་སྔ་ལ་ཁྲི་ཆེན་དགེ་འདུན་ཚུལ་ཁྲིམས་དང་ལྷན་དུ་རྒྱ་ནག་ལ་ཕེབས་གོང་མ་ཆེན་པོའི་གསེར་ཞལ་མཇལ།ཞེ་ཧོར་པོ་ཏ་ལའི་མཁན་ཁྲིར་ཕེབས་ནས་གོང་མའི་དགོངས་རྫོགས་མཆོད་འབུལ་ཡང་རྒྱ་ཆེ་མཛད།བོད་དུ་ཕེབས་ནས་ཤར་རྩེ་ཆོས་རྗེའི་ཁྲི་འདོན་མཛད།དགུང་ལོ་རེ་ལྔ་ལ་དགའ་ལྡན་ཁྲི་པ་དྲུག་

ཅུ་རེ་བདུན་པའི་ཁྲི་ལ་ཕེབས།དགུང་ལོ་དྲུག་ཅུ་རེ་བརྒྱད་དེ་མེ་གླང་1817 ལོ་ལ་གཤེགས།གསུང་འབུམ་པོད་གཉིས་བཞུགས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn        

བརྒྱུད་འགོད།