ཁྲི་ཆེན་བསྟན་པ་རབ་རྒྱས་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-05-05 08:28:15     རྩོམ་པ་པོ།   དོམ་པ་    ཀློག་ཐེངས།  

 པར་བོད།ཤོག་གྲངས།

00813 དང་པོ།

ཀདཀར་ཆག་ལ། 3

ཁབླ་མ་མཆོད་པའི་དངོས་གྲུབ་འདོད་འཇོ་ལ། 7

1 གྲུབ་ཆེན་ལུགས་ཀྱི་འཁོར་ལོ་སྡོམ་པའི་བསྐྱེད་རྫོགས་གཞལ་མེད་ཁང་དུ་བགྲོད་པའི་ཐེམ་སྐས་ལ། 14

2 དཔལ་རྡོ་རྗེ་འཇིགས་བྱེད་སྐྱེ་བསྐྱེད་རྫོགས་སྙིང་པོ་གསང་བདེ་འཇིགས་གསུམ་ཡ་མ་བྲལ་བ་ཉམས་སུ་ལེན་ཚུལ་ལ།7

3 རྡོ་རྗེ་འཇིགས་བྱེད་བཅུ་གསུམ་སྒྲུབ་ཐབས་སྨོན་ཤིས་ལ། 8

4 བདེ་མཆོག་དྲིལ་བུ་ལུགས་ཀྱི་མངོན་རྟོགས་བཟླས་སྒོམ་བྱེད་ཚུལ་མདོར་བསྡུས་ལ། 5

5 རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནྰ་རོ་མཁའ་སྤྱོད་སྒྲུབ་པའི་ཉེ་ལམ་ལ། 18

6 བཅོམ་ལྡན་རྟ་མཆོག་རོལ་བ་གསང་སྒྲུབ་ཀྱི་ཆོ་ག་ལ། 6

7 པདྨ་དབང་ཆེན་ཡང་གསང་ཁྲོས་པའི་ཚོགས་མཆོད་སོགས་ལ། 11

8 འཇམ་དབྱངས་དཀར་པོའི་བསྟོད་པ་སོགས་ལ། 10

གམྱུར་མཛད་ཡེ་ཤེས་མགོན་པོ་ཕྱུག་དྲུག་པའི་གཏོར་སྒྲུབ་ལ། 25

1 མགོན་དཀར་ཡིད་བཞིན་ནོར་བུའི་གཏེར་བུམ་སོགས་ལ། 15

2 ཡེ་ཤེས་མགོན་པོ་བེང་དམར་གྱི་བསྙེན་སྒྲུབ་ལས་གསུམ་གྱི་རྣམ་བཤད་ལ། 65

3 ཚེ་བདག་མགོན་པོ་ལ་བརྟེན་ནས་ཚེའི་དངོས་གྲུབ་སྒྲུབ་ཚུལ་ལ། 6

4 གཉན་མགོན་སྟོབས་འཕྲོག་ཞལ་བཞི་པའི་བསྐང་གསོ་ལ། 11

5 དཔལ་མགོན་སྟོབས་འཕྲོག་དབང་མོ་དང༌།མགོན་དཀར།དུར་བདག་སོགས་ལ་མཆོད་གཏོར་འབུལ་ཚུལ་ལ། 5

6 རྒྱལ་བསྟན་སྐྱོང་བའི་སྲུང་མ་འཕྱིང་དཀར་ཇོ་བོ་ཆེན་པོའི་བསྐང་གསོ་ལ། 7

7 གནས་ཆུང་ཆོས་སྐྱོང་ཆེན་པོའི་བསྐང་གསོ་རྒྱས་བསྡུས་ལ། 8

8 དགའ་གདོང་ཡོན་ཏན་རྒྱལ་པོ་ཆེན་པོའི་སྒེར་བསྐང་ལ། 9

9 འཇིག་རྟེན་པའི་ལྷ་མཐུ་པོ་ཆེ་རྣམས་ལ་འཕྲིན་བཅོལ་བསང་མཆོད་དང་གསེར་སྐྱེམས་འབུལ་ཚུལ་ལ། 24

ངམཉམ་མེད་ཙོང་ཁ་པ་ཆེན་པོའི་རྣམ་ཐར་དང་བླ་རྣལ་ཞལ་གདམས་སྐོར་སོགས་ལ། 33

1 སློབ་དཔོན་སངས་རྒྱས་གཉིས་པའི་གསོལ་འདེབས་དང་ལྟ་སྒོམ་སྤྱོད་བླ་ཀྱི་སྒྲ་བཅས་ལ། 3

2 ལྟ་བའི་ཉམས་མགུར་ཨ་མ་ངོས་འཛིན་གྱི་འགྲེལ་པ་ལ། 12

3 སྡོམ་པ་གསུམ་གྱི་ཉེས་ལྟུང་རགས་པ་ལ། 10

4 ཀློང་རྡོལ་དྲུང་ཡིག་དམ་ཆོས་ཡར་འཕེལ་གྱི་དྲི་བ་དྲིས་ལན་ལ། 32

5 རྒྱལ་དབང་ཆོས་རྗེ་སྤྲུལ་སྐུ་ངག་དབང་འཕྲིན་ལས་ཀྱི་དྲི་བ་དྲིས་ལན་ལ། 18

6 སོག་ཡུལ་སོགས་ནས་མདོ་སྔགས་ཀྱི་གནད་ལ་དྲི་བ་ཐུང་ངུ་བྱུང་རིགས་རྣམས་ཀྱི་དྲི་བ་དང་དྲིས་ལན་ལ། 14

7 བྱང་ཆུབ་ལམ་རིམ་ཆེན་མོ་སོགས་བླ་བརྒྱུད་སྐོར་ལ། 15

8 རྒྱལ་དབང་ཡབ་སྲས་དང་སྐྱེས་ཆེན་དམ་པ་རྣམས་ཀྱི་ཞབས་བརྟན་ལ། 57

9 རྡོ་རྗེ་ཕྲེང་བ་དང་མི་ཏྲ་བརྒྱ་རྩ་སོགས་ཀྱི་ཞལ་བཞེས་ཟིན་བྲིས་ལ། 5

10 སྤྲུལ་པའི་གནས་ཆེན་ཕ་བོང་ཁའི་བསྐོར་ཚད་ཕན་ཡོན་དང་ཤངས་དགའ་ཆོས་ཀྱི་་བསྐོར་ཚད་བཅས་ལ། 7

11 རྗེ་གྲགས་པ་མཚན་ཅན་གྱི་འཁྲུངས་རབས་ཞབས་བརྟན་སྨོན་ཚིག་བཅས་ལ། 2

00814 གཉིས་པ།

ཀརྒྱལ་མཆོག་རྗེ་བཙུན་བློ་བཟང་བསྟན་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོ་དཔལ་བཟང་པོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དང་གསོལ་འདེབས་རིམ་པ་ལ། 27

ཁཐུབ་དབང་བསྟན་པའི་སྒྲོན་མེ་ཁྲི་ཆེན་རྡོ་རྗེ་འཆང་ནས་མི་ཏྲའི་དབང་གི་སྐབས་སུ་ཟབ་བཤད་ཀྱི་རིམ་པ་གསོལ་བའི་ཟིན་བྲིས་ལ། 96

གརྡོ་རྗེ་འཆང་ཁྲི་ཆེན་ཨི་ཆི་ཐུ་ནོ་མོན་ཧན་ཆེན་པོ་ནས་རྒྱུད་འགྲེལ་ཆེན་མོ་འགྲེལ་པ་བཞི་སྦྲགས་ཀྱི་་བཤད་ལུང་གསོལ་བའི་སྐབས་ཟིན་བྲིས་ནོར་ཕྲེང་ལ། 30

ངརྗེ་འདི་ཉིད་ཀྱིས་བདེ་ལམ་གྲལ་སྐབས་ཀྱི་ཟིན་བྲིས་སྐལ་བཟང་པདྨོ་བཞད་པའི་ཉིན་བྱེད་ལ། 47

ཅརྗེ་ཉིད་ཀྱི་གསང་བ་ལས་འོངས་པའི་སྙིང་པོ་དོན་གསུམ་གྱི་བཤད་ལུང་ཟིན་བྲིས་དང་སྙིང་པོ་དོན་གསུམ་གྱི་བླ་བརྒྱུད་གསོལ་འདེབས་སོགས་ལ། 31

ཆརྗེ་ཉིད་ཀྱི་བློ་སྦྱོང་མཚོན་ཆ་འཁོར་ལོའི་བཤད་ལུང་གྲལ་སྐབས་ཀྱི་ཟིན་བྲིས་ལ། 67

ཇབཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོ་ལྷ་བཅུ་གསུམ་གྱི་སྒྲུབ་ཐབས་མངོན་རྟོགས་ཀྱི་རིམ་པ་དང་བརྒྱུད་འདེབས་སྨོན་ཤིས་བཅས་ལ། 17

ཉབདེ་མཆོག་མངོན་རྟོགས་ལ། 4

ཏཚེ་བདག་མགོན་པོའི་ཚེ་སྒྲུབ་སོགས་ལ། 10

ཐལྷ་མོ་འོད་ཟེར་ཅན་གྱི་སྒྲུབ་ཐབས་སོགས་ལ། 16

དགསང་ཆེན་བླ་ན་མེད་པའི་རྒྱུད་དོན་བདེ་མཆོག་སོགས་ལ། 10

ནཚེ་དཔག་ལྷ་དགུའི་སྒོ་ནས་ཞི་རྒྱས་སྦྱིན་སྲེག་ལ། 8

པལྷག་པའི་ལྷ་མཆོག་པདྨ་ཡང་གསང་ཁྲོས་པའི་སྒོ་ནས་རབ་ཏུ་གནས་པའི་ཚེ་ག་ལ། 31

ཕལྷག་པའི་ལྷ་མཆོག་ཡང་གསང་ཁྲོས་པའི་སྒོ་ནས་ཚེ་འདས་རྗེས་སུ་འཛིན་པའི་སྦྱང་ཆོག་ལ། 16

བབླ་མཆོད་ཉམས་ལེན་དོགས་གཅོད་སོགས་ལ། 16

མམགོན་པོ་དཀར་ནག་གི་ཚོགས་འཁོར་དང་ཆོས་སྐྱོང་སོགས་ཀྱི་གསེར་སྐྱེམས་ལ། 5

ཙལྷ་མཆོག་དགྲ་ལྷའི་རྒྱལ་པོ་ཀསྦྱ་འཕྲིན་ལས་འཁོར་བཅས་ཀྱི་་བསྐང་གསོ་སོགས་ལ། 17

ཚདཔེ་དཀར་ཆོས་ཀྱི་རྒྱལ་པོའི་བསྐང་གསོ་སོགས་ལ། 9

ཛབདེ་ཆེན་གསང་སྔགས་མཁར་གྱི་འདུས་སྡེའི་སྲུང་མ་བཙན་རྒོད་མཐུ་སྟོབས་དང་ཀླུ་བདུད་དུག་གི་རལ་གྲི་སོགས་ལ།15

ཝལམ་རིམ་བསྡུས་དོན་བློ་སྦྱོང་མཚོན་ཆ་འཁོར་ལོ་ཚེམ་བུ་དམར་ཁྲིད་བཅས་ཀྱི་་བཤད་ལུང་སོགས་ལ། 12

ཞསེ་ར་ཐེག་ཆེན་གླིང་གི་རྒྱབ་རིའི་ཆེད་བརྗོད་གནས་ཡིག་དང་རྭ་སྒྲེང་སྦྱང་ཆོས་ཡེར་བ་སོགས་ཀྱི་གནས་ཡིག་བསྐོར་ཚད་ལ། 9

ཟརྒྱལ་བ་ཡབ་སྲས་ཀྱི་དབུས་འཛིན་སྐྱེས་བུ་དམ་པ་རྣམས་ཀྱི་འཁྲུངས་རབས་དང་ཡང་སྲིད་མྱུར་བྱོན་གྱི་རིམ་པ་བཅས་ལ། 18

འསྐུ་གསུང་ཐུགས་རྟེན་གསར་བཞེངས་ཀྱི་སྨོན་ཚིག་དང་མཆོད་རྫས་སྙན་ཤལ་སོགས་ཀྱི་འདོད་གསོལ་ལ། 28

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།ཁྲི་ཆེན་བསྟན་པ་རབ་རྒྱས་ནི་ལི་ཐང་དུ་ཡབ་བསོད་ནམས་དར་རྒྱས་དང་ཡུམ་སྒྲོལ་མ་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བ་གསུམ་པའི་ས་ཡོས་1759 ལོར་འཁྲུངས།དགུང་ལོ་གཉིས་ལ་ཕེབས་སྐབས་ལི་ཐང་མཁན་པོ་ཕུན་ཚོགས་རྒྱ་མཚོའི་དྲུང་དུ་རྣམ་འཇོམས་ཀྱི་བྱབས་ཁྲུས་ཞུས།ཁྲི་ཆེན་རྡོ་རྗེ་འཆང་གི་ཡང་སྲིད་ཡིན་མིན་ལ་ཐེ་ཚོམ་མི་དགོས་མཚན་ལ་བློ་བཟང་བསྟན་དར་ཞེས་གྲལ།དགུང་ལོ་དྲུག་གི་ཐོག་སྤྲུལ་སྐུའི་ངོས་འཛིན་མཛད།དབུས་ཕྱོགས་སུ་ཕེབས་སྐབས་རྭ་སྒྲེང་ལ་མཛད་སྒོའི་ཐོག་གསེར་ཁྲིར་འཁོད།དེ་ནས་ཕོ་བྲང་ཆེན་པོ་པོ་་ལར་ཕེབས་ནས་གོང་ས་ཆེན་པོ་གསེར་ཞལ་མཇལ་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་དྲུང་དུ་རབ་བྱུང་བསྒྲུབས།ཡོངས་འཛིན་ཁྲི་ཆེན་ངག་དབང་ཆོས་གྲགས་བསྟེན་ནས་ཕྱུག་བྲིས་འབྲི་ཀློག་གསན་བསམ་མཛད།དགུང་ལོ་བཅུ་ལ་པཎ་ཆེན་རིན་པོ་ཆེའི་སྐུ་མདུན་ནས་གསང་ཆེན་རྒྱ་མཚོའི་ཉིང་ཁུ་བདེ་མཆོག་དང་གསང་འདུས་སོགས་བཀའ་བའི་ཟུར་བཀའ་མང་པོའི་དབང་གི་ཆེ་བོ་ཡང་གསན།དེའི་ལོར་སེར་བྱེས་མཁས་སྙན་གྲྭ་ཚང་དུ་གསར་ཞུགས་གནང༌།རིག་པའི་སྒོ་འབྱེད་བསྡུས་གྲྭའི་གནད་རྣམས་དབྱིས་ཕྱིན་པ་གསན།སེར་བྱེས་རྗེ་བྱམས་པ་སྨོན་ལམ་ཡོངས་འཛིན་དུ་བསྟེན་ནས་དབུ་མའི་གཞུང་ལུགས་གསན་སྦྱོང་མཛད།དགུང་ལོ་ཉེར་གཅིག་ཐོག་སེར་བྱེས་གྲྭ་ཚང་དུ་ལྷ་རམས་པའི་མཚན་རྟགས་མཛད།པཎ་ཆེན་དཔལ་ལྡན་ཡེ་ཤེས་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་རྣམ་དག་བཞེས་ཏེ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཞུགས།རྡོ་རྗེ་འཆང་རྒྱ་མཚོ་མཐའ་ཡས་རྒྱལ་དབང་ཆེན་པོའི་མཚན་ཞབས་ཡིན་ནའང་སྟོན་དཔྱིད་སོགས་ཆབ་ཚན་དང་འབྲེལ་རྭ་སྒྲེང་དུ་ལན་མང་གདན་ཞུས་ཀྱིས་འགྲེལ་པ་བཞི་སྦྲགས་ཀྱི་་བཤད་ལུང་མཐའ་ཡས་པ་གསན།དགེ་བའི་བཤེས་གཉེན་པཎ་ཆེན་དཔལ་ལྡན་ཡེ་ཤེས་དང༌།ཁྲི་ཆེན་ངག་དབང་ཆོས་གྲགས།སེར་བྱེས་རྗེ་བྱམས་པ་སྨོན་ལམ་སོགས་ཡོངས་འཛིན་བསྟེན་ནས་ཆོས་ཚུལ་རྒྱ་མཚོ་ལྟ་བུ་གསན་བསམ་མཛད།དགུང་ལོ་ཞེ་དྲུག་ཐོག་བཞི་སྡེ་བསམ་གཏན་གླིང་དུ་གདན་ས་གསུམ་དང་ལྕང་སྐྱ་ཐམས་ཅད་མཁྱེན་པ་སོགས་འདུས་ཚོགས།དགུང་ལོ་ཞེ་བདུན་ཐོག་གོང་ས་ཆེན་པོའི་བཀའ་བཞིན་ལྕང་སྐྱ་རིན་པོ་ཆེའི་ཡོངས་འཛིན་དུ་བླ་བྲང་སུ་བཞུགས།ཀེའུ་ཚང་མཆོག་སྤྲུལ་རིན་པོ་ཆེའི་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།དགུང་ལོ་ཞེ་དགུའི་ཐོག་སེར་བྱེས་མཁས་མང་གྲྭ་ཚང་ནས་གསོལ་བ་བཏབ་པ་བཞིན་ངུར་སྨྲིག་འཛིན་པའི་འདུས་པ་སྟོང་ཕྲག་དུ་མར་ལམ་རིམ་བསྡུས་དོན་གྱི་བཤད་ལུང་ཞག་བཅུ་སྐོར་དགྱེས་བཞིན་དུ་གསོལ།དགུང་ལོ་ང་བདུན་ཏེ་ཤིང་ཕག 1815 ལོར་སྐུ་གཤེགས།འདིར་གསུང་འབུམ་པོད་གཉིས་བཞུགས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn       

བརྒྱུད་འགོད།