དཔའ་རིས་དགེ་བཤེས་བློ་བཟང་རབ་གསལ་གྱི་གསུང་འབུམ་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-15 09:02:22     རྩོམ་པ་པོ།   ཞོ་བཟང་དགེ་འདུན་ཚུལ་ཁྲིམས།    ཀློག་ཐེངས།  

999.jpg

༼   ཀ   ༽ 

ཡབ་རྗེ་ཀུན་མཁྱེན་ཆེན་པོ་འཇམ་དཔལ་དབྱངས་ཀྱི་ཞལ་གྱི་པདྨོ་རྣམ་པར་བཞད་པའི་སྡེའི་བློ་རིགས་མཐའ་དཔྱོད་ཀྱི་ཟུར་རྒྱན་ཨུཏྤལའི་ཕྲེང་བ། 

རྣམ་བཤད་སྙིང་བོའི་རྒྱན་གྱི་མཆན་འགྲེལ་རིན་ཆེན་སྒྲོན་མེ། 

དབུ་མ་ཆེན་པོའི་སྟོང་ཐུན་ཟབ་དོན་ལྟ་བའི་བློ་གྲོས་མིག་སྨན། 

རྟགས་རིགས་ཀྱི་ཟུར་རྒྱན་ཀུ་མུ་དའི་འཕྲེང་མཛེས། 

བསྡུས་གྲྭའི་རྩ་ཚིག་དྭངས་གསལ་མེ་ལོང་། 

བསྡུས་དོན་ཟུར་ཕུད་མཛེས་པའི་པད་དཀར་ཕྲེང་བ། 

གནས་སྐབས་རྟེན་འབྲེལ་གྱི་རང་བཞིན་རབ་ཏུ་གསལ་བའི་ཤེལ་དཀར་མེ་ལོང་། 

པད་དཀར་ཕྲེང་བ་མཛེས་བྱེད་པན་ཛི་ཀའི་དོ་ཤལ། 

བཀའ་པོ་ཏི་ཆེན་པོ་ལྔའི་འཆད་ཉན་གྱི་གཡང་འབོད། 

སྲིད་པའི་ཡན་ལག་བཅུ་གཉིས་ཀྱི་ཁྱད་པར་མདོ་ཙམ་གསལ་བར་བྱེད་པའི་རིན་ཆེན་སྒྲོན་མེ། 

རྟགས་རིགས་ཀྱི་མཐའ་དཔྱོད་ཀྱི་ཁ་སྐོང་རིན་ཆེན་མཛེས་པའི་དོ་ཤལ། 

ཆོ་འཕྲུལ་ཆེན་མོའི་རྟོགས་པ་བརྗོད་པ་པདྨ་དཀར་པོའི་ཕྲེང་བ།  

 

༼    ཁ   ༽ 

འཇམ་དཔལ་དབྱངས་ཀྱི་དགོངས་རྒྱན་རིགས་པའི་གཟི་འབར་གདོང་ལྔའི་སྒྲ་དབྱངས། 

ཤེས་ལྡན་ཡིད་ཀྱི་གདུང་སེལ་རིགས་ལམ་ག་བུར་ཆུ་རྒྱུན། 

གཞི་གསུམ་གྱི་ཚུལ་ལ་རྩོད་པ་སྤོང་བ་འཁྲུལ་བྲལ་འཇམ་དབྱངས་དགོངས་རྒྱན། 

དབུ་མའི་སྡོམ་གྱི་མཆན་འགྲེལ་བློ་གྲོས་པདྨོ་བཞད་པའི་ཉིན་བྱེད། 

དྲིས་ལན་མཆོད་སྦྱིན་རྒྱལ་བའི་གླུ་དབྱངས། 

དོན་ཟབ་དགོངས་པ་གསལ་བའི་སྒྲོན་མེ། 

རིགས་འཕྲུལ་དཔྱིད་ཀྱི་ཕོ་ཉ། 

དྲིས་པའི་ལན་ལེགས་པར་བཤད་པ་རིགས་པའི་རྨ་བྱ་མྱོས་པའི་ཟློས་གར། 

རྗེ་བླ་མ་རྒྱན་དྲུག་མཆོག་གཉིས་དང་བཅས་པ་ལ་ཕྱག་མཆོད་འབུལ་བའི་ཆོ་ག་ལག་ཏུ་བླངས་བདེ་བར་བཀོད་པ་བྱིན་རླབས་ཉིན་བྱེད་འདྲེན་པའི་ཤིང་རྟ། 

དྲིས་པའི་ཚིག་གི་འདབ་མ་གྲོལ་བའི་མན་ངག་ཉིན་བྱེད་དབང་བོ། 

མཁྱེན་གཏེར་ངག་དབང་བཀྲ་ཤིས་པའི་དགེ་འདུན་ཉི་ཤུའི་ཟུར་རྒྱན་ཉི་མའི་འོད་ཟེར། 

སྣ་ཚོགས་རིགས་པའི་འོད་ལྡན་དྭངས་བྱེད་ནོར་བུའི་ཕྲེང་མཛེས། 

དྲིས་ལན་མུ་ཏིག་ཕྲེང་མཛེས། 

དྲིས་པའི་ལན་འཁོར་ལོའི་རྩིབས་ཀྱི་བགྲོད་པ། 

དྲང་ངེས་བློ་གསལ་རོལ་བའི་དགའ་སྟོན། 

སྲད་རྒྱུད་ལུགས་ཀྱི་བླ་མའི་རྣལ་འབྱོར། 

ལེགས་བཤད་རིན་པོ་ཆེ་གསེར་གྱི་ཕྲེང་བའི་མཆན་འགྲེལ་ནོར་བུའི་དོ་ཤལ། 

སེམས་བྱུང་རྣམ་བཞག་བློ་མཛེས། 

འཇམ་དཔལ་རྩ་རྒྱུད་ལས་བྱུང་བའི་རྐང་བ་བདུན་གྱི་དོན་རྣམ་པར་ཕྱེ་བ་ལུང་བསྟན་གསལ་བའི་སྒྲོན་མེ། 

དྲིས་ལན་བརྒལ་བརྟག་རིང་མོ་སོགས་པོད་གཅིག་ཡོད།

རྗེ་སྐུ་འབུམ་བྱམས་པ་གླིང་གི་དུས་འཁོར་གྲྭ་ཚང་དུ་ཁོང་གི་གསུང་འབུམ་གྱི་དཔར་ཤིང་པོད་གཉིས་བྱས་ནས་བཞུགས་ཡོད་པ་དང་དེང་སྐབས་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་དཔར་བསྐྲུན་ཡང་བྱས་ཡོད་དོ།།

གསུང་འབུམ་དུ་མ་འཁོད་པའི་གསར་རྙེད་བྱུང་བ་དག་ནི།

ཆེད་བརྗོད་མུ་ཏིག་འཕྲེང་མཛེས། 

འཇིགས་མཛད་རྡོ་རྗེའི་སྐུ་བརྙན་གྱི་རང་བཞིན་བརྗོད་པ་ཤེལ་དཀར་མེ་ལོང་། 

དབྱངས་ཅན་ཞལ་ལུང་བདུད་རྩིའི་དགའ་སྟོན་ཀུན་བཤད་མཚན་གྱི་མེ་ཏོག་ཨུཏྤལ་ལའི་འཕྲེང་བ། 

པཱ་གྲུ་སྐུ་ཕྲེང་རིམ་བྱོན་གྱི་རྟོགས་བརྗོད་དཔག་བསམ་ལྗོན་པ་སོགས། 

ད་དུང་རྙེད་སོན་བྱུང་མེད་པ་ནི། 

སྐུ་འབུམ་གདན་རབས་དཀར་ཆག་རབ་གསལ་མེ་ལོང་། 

ཨ་རིག་དགོན་ཆེན་གྱི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་བཤད་པ་སོགས་བོར་བརླགས་སུ་སོང་བ་མང་པོ་ཡོད་དོ།།

 རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn  

བརྒྱུད་འགོད།