རྙེ་ཐམས་ཅད་མཁྱེན་པ་ངག་དབང་བསྟན་འཛིན་ཉི་མའི་གསུང་རྩོམ་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-25 20:59:17     རྩོམ་པ་པོ།   རྙེ་བློ་བཟང་དགེ་འདུན།     ཀློག་ཐེངས།  

 400.JPG

   

 ཀ༽འཇམ་དབྱངས་དང་འབྲེལ་བའི་བླ་མའི་རྣལ་འབྱོར་ཤེས་རབ་བློ་འཕེལ།

 

ཁ༽འཇམ་དབྱངས་རིལ་བསྒྲུབས་ཀྱི་ཆོ་ག་རྒྱས་པ།

 ག༽འཇམ་དབྱངས་རིལ་བསྒྲུབས་ཀྱི་ཆོ་ག་བསྡུས་པ།

ང༽ དམ་ཅན་ཆོས་ཀྱི་རྒྱལ་བོའི་བསྙེན་ཡིག

 ཅ༽ མགུར་རྣམ་རྒྱལ་གླིང་གི་གཏོར་འབུལ་བསྡུས་བ།

ཆ༽ བདེ་གཤེགས་ཀླུ་དབང་རྒྱལ་བོའི་གཏེར་སྒྲུབ།

ཇ༽ དེ་བཞིན་གཤེགས་པ་ཀླུ་དབང་རྒྱལ་བོའི་བུམ་ཆུ་སྒྲུབ་ཚུལ།

ཉ༽ གསོལ་འདེབས་དངོས་གྲུབ་མྱུར་བསྐུལ།

ཏ༽ རྡོ་རྗེ་འཆང་དགེ་འདུན་བསྟན་འཛིན་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས།

ཐ༽ སྤྲུལ་སྐུ་མྱུར་འབྱོན་གྱི་སྐོར།

ད༽ མཁའ་འགྲོའི་ཐུགས་བཅུད་སྦྱིན་བསྲེགས་སྒྲིབ་པའི་བུད་ཤིང་བསྲེགས་པའི་མེ་ལྕེ་རྣོ་བའི་ཕྲེང་བ་སྐལ་ལྡན་མགུལ་རྒྱན།

ན༽ ཇ་མཆོད་དང་སྲོག་ཤིང་སྤེལ་ཚིག

 པ༽ སྟག་རིག་གྲྭ་ཚང་གི་བཅའ་ཡིག

ཕ༽ ལྷུན་འགྲུབ་ཆོས་རྫོང་གི་རི་ཁྲོད་པ་རྣམས་ཀྱི་བཅའ་ཡིག་ཐར་བའི་ཁང་བཟང་མཛེས་པའི་རྒྱལ་མཚན།

བ༽  ཆོས་རྒྱལ་གསོལ་མཆོད།

མ༽ ཨ་རིག་པའི་གཞི་བདག་འགའ་ཞིག་གི་བསངས་མཆོད།

ཙ༽ ཀླུ་བསངས་འབུལ་ཚུལ།

ཚ༽ བླ་མའི་རྣལ་འབྱོར་དངོས་གྲུབ་གཏེར་ཆེན།

ཛ༽ ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་སྒྲུབ་ཐབས།

ཝ༽ འཕགས་པ་ཞལ་བཅུ་གཅིག་པ་དང་འབྲེལ་བའི་བླ་མའི་རྣལ་འབྱོར།

ཞ༽  བདེ་ལྡན་བགྲོད་པའི་མྱུར་ལམ།

ཟ༽ དུས་ཀྱི་ཆོས་ཉིད་དུ་འགྱུར་ཁ་མའི་དམ་པ་དག་ལ་ཐུགས་དམ་གསལ་འདེབས་ཀྱི་རིམ་པ་དང་།  ཐུགས་ཀྱི་དགོངས་པ་ཞིང་ཁམས་གང་ལ་གཏད་ཟིན་པ་དག་ལ་བར་དོ་ངོ་སྤྲོད་སོགས་སུ་ཞུ་ཚུལ་གྱི་རིམ་པ།

 འ༽ ཉམས་མགུར་དང་རྣམ་རྒྱལ་མའི་སྤྱི་བཀའི་དབང་གི་བླ་བརྒྱུད་གསོལ་འདེབས་སྨོན་ལམ་ཤིས་བརྗོད།

ཡ༽ གཙུག་དོར་རྣམ་རྒྱལ་མའི་སྦྱིན་སྲེག

ར༽  མཁའ་སྤྱོད་མའི་བསམ་མི་ཁྱབ་ཀྱི་ཉམས་ལེན་ངག་འདོན།

ལ༽ མ་ཎི་རིལ་སྒྲུབ་ཀྱི་ཆོ་ག་ལག་ལེན།

ཤ༽  དགའ་ལྡན་ལྷ་བརྒྱ་མ་དང་འབྲེལ་བའི་འཕོ་ཁྲིད་ཀྱི་ངག་འདོན་དགའ་ལྡན་དུ་བགྲོད་པའི་ཐེམ་སྐས།

ས༽  ཚེ་སྒྲུབ།

ཧ༽ མགོན་པོ་ཕྱག་དྲུག་པའི་ལས་བཞིའི་གཏོར་སྒྲུབ་བྱེད་ཚུལ་གངྒའི་ཆུ་རྒྱུན།

ཨ༽  དམག་ཟོར་མའི་བསྙེན་སྒྲུབ་ལས་གསུམ།

ཀི༽ དྲག་པོའི་ཟོར་བསྡེབསཔའི་མོ་ཉེ་བར་མཁོ་བ་ལས་ཚན་གཉིས།

ཁུ༽ ལུགས་གཉིས་ཀྱི་བསླབ་བྱ་མགུར་མ།

གེ༽ མ་ཆེན་ཨེ་ཀ་ཛ་ཏི་ལྟ་བུའི་སྲུང་མོའི་སྒྲུབ་ཐབས།

ངོ༽ རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་གསོལ་མཆོད་གཡང་འགུགས་ལྕགས་ཀྱུ།

ཅི༽ དྲི་བའི་སྐོར།

ཆུ༽ དྲིས་ལན་གྱི་སྐོར།

ཇེ༽  དྲག་པོ་སྡེ་གསུམ་གྱི་གསོལ་མཆོད།

ཉོ༽ ཕྱག་རྡོར་འབུམ་ཁང་དང་བདེ་ཆེན་ནས་འབུམ་ཁང་ཞིག་གསོས་སྐབས་སྲོག་ཤིང་གི་སྤེལ་ཚིག་འདོད་གསོལ།

ཏི༽ མ་ཎི་པད་དབྱངས་དང་འབྲེལ་བའི་སྨོན་ཚིག

ཐུ༽ དམ་ཅན་ཆོས་རྒྱལ་གྱི་གསོལ་མཆོད་བསྡུས་པ།

 དེ༽  སྐྱེར་སྒང་ལུགས་ཀྱི་རྟ་མགྲིན་སྦྱིན་སྲེག

ནོ༽ མགོན་པོ་ཕྱག་དྲུག་པའི་གསོལ་མཆོད།

པི༽ བྱམས་པའི་འདོད་གསོལ་དང་ཉི་མ་མདུང་གང་གི་གཏོར་མ་འབུལ་ཚུལ།

 ཕུ༽  འཇམ་དབྱངས་བཞད་པའི་སྤྲུལ་སྐུ་མྱུར་འབྱོན།

 བེ༽ གཟའ་བདུན་རྩིས་མོ་སོགས་ཆོས་ཚན་བཞི་བཅུ་ལྷག་ཅིག་བཞུགས་པར་རྙེ་དགོན༌པའི་ལོ་རྒྱུས་བྲིས་མ་ཞིག་ཡོད་པ་དེའི་ནང་དུ་མཐོང་བས་འདིར་དེ་སོར་བཞག་བྱས་ནས་བཀོད་པ་ཡིན།  གསུང་འབུམ་ལག་ཏུ་མ་རེག་པས་དངོས་སུ་ཞིབ་མཇལ་བྱེད་མ་ཐུབ།

 

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 

 

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn  

        

བརྒྱུད་འགོད།