ཆས་པ་རྒྱ་གར་བ་འཇམ་དཔལ་གྲུབ་པའི་རྡོ་རྗེའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-31 21:47:06     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།    ཀློག་ཐེངས།  

 723.JPG

པར་བོད།ཤོག་གྲངས།

00810

གཅིག

ཀདགྲ་བོ་སྨྱོ་བ་དང་རིམས་དབབ་པར་བྱེད་པའི་འཕྲུལ་འཁོར་མ་ཧེའི་ཞལ་ཅན་དྲག་པོའི་ངར་དབྱངས་ལ། 11

ཁདམ་ཅན་ཆོས་རྒྱལ་ལ་བརྟེན་པའི་དྲག་པོའི་ཟོར་ཆེན་དུག་མཚོ་ཁོལ་མའི་རྦ་རླབས་མཐའ་དམག་འབུམ་བཟློག་ལ། 21

གཆོས་རྒྱལ་དྲག་པོའི་ཟོར་ཆེན་ཟུར་འདེབས་གནམ་ལྕགས་རྡོ་རྗེའི་ཐོག་ཆར་འཇིགས་པའི་གློག་ཕྲེང་ལ། 11

ངལྷ་མོ་ཕྱོགས་བཞི་མའི་སྒོ་ནས་ཐུན་མོང་མ་ཡིན་པའི་དྲག་པོའི་གཏོར་ཆེན་བསྐལ་བའི་མེ་ལྕེ་འབར་བའི་ཕྲེང་བ་ལ། 11

ཅལྷ་མོའི་མངོན་རྟོགས་ལ། 4

ཆལྷ་མོའི་དབང་སྡུད་དམིགས་པ་ལ། 2

ཇལྷ་མོའི་གཏོར་ཆེན་མེ་ལྕེ་འབར་བའི་ཕྲེང་བ་ལ། 5

ཉདམ་ཅན་རྡོ་རྗེ་ལེགས་པ་ལ་བརྟེན་ནས་བསྟན་དགྲ་ཚར་གཅོད་དྲག་པོའི་ལས་རིམ་ལ། 11

ཏཆོམ་རྐུན་སོགས་ཀྱི་གློ་བུར་དུ་དགྲ་བྱུང་ན་ལྟས་ངན་ཆོ་འཕྲུལ་གཏོང་བའི་ཆོ་ག་ལ། 5

ཐརྡོ་རྗེ་ཤུགས་ལ་བརྟེན་པའི་ཀླ་ཀློའི་དམག་བཟློག་འབྱུང་བཞིའི་འཇིགས་པའི་འཕྲུལ་འཁོར་ལ། 7

དདེའི་དམག་བཟློག་ཟུར་འདེབས་ངར་འདོན་ལ། 9

ནབཙན་རྒོད་ཙི་དམར་གྱི་སྒོ་ནས་དྲག་པོའི་གཏོར་བཟློག་བྱ་ཚུལ་ལ། 13

པགཉན་ཆེན་སྔོ་ལ་གཡུ་རྩིའི་དྲག་པོའི་ལས་རིམ་ཟོར་ནག་ལ། 8

ཕསྒྲོལ་མ་དམར་མོའི་དབང་གི་སྦྱིན་སྲེག་ལ། 5

བཐོག་སྲུང་གི་དམིགས་པ་བྱ་ཚུལ་ལ། 4

མཨ་ཙ་ར་ནག་པོ་ལྟུང་ཞགས་ཅན་གྱི་སྒོ་ནས་དགྲ་ལ་ཐན་འགྱེད་གཏོང་ཚུལ་ལ། 8

ཙའབྲུམ་པ་དཀར་ནག་སྲུང་ཚུལ་སོགས་མན་ངག་ཟབ་བསྡུས་འཇིགས་མེད་རྡོ་རྗེའི་ཕ་ལམ་ལ། 26

ཚརིགས་ལྡན་སྤྲུལ་པའི་སྤྱི་ལུང་སོགས་ལ། 4

ཛཆས་པ་སྤྲུལ་སྐུའི་སྦྱི་ལམ་ལ། 4

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

 

༄༅། །ཆས་པ་རྒྱ་གར་བ་འཇམ་དཔལ་གྲུབ་པའི་རྡོ་རྗེ་ནི་ཡུལ་མདོ་ཁམས་མིན་ནམ་སྙམ།སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་ནང་འཁྲུངས།བཀྲ་ཤིས་འཁྱིལ་དུ་གསན་བསམ་མཛད།ཁོང་སྤྱི་ལོ་1802 ལོ་ལ་བཀྲ་ཤིས་འཁྱིལ་གྱི་ཁྲི་འཛིན་ལས་ཐོག་མཛད་པ་གསུང་འབུམ་བཞུགས་བྱང་དུ་གསལ་བ་ལས་དེ་མིན་རྣམ་ཐར་དང༌།གསན་ཡིག་སོགས་རྙེད་སོན་མ་བྱུང༌།འདིར་གསུང་འབུམ་བཀའ་རྒྱ་མ་པོད་གཅིག་བཞུགས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn            

བརྒྱུད་འགོད།