ཁྲི་སྤྲུལ་བློ་བཟང་རྒྱལ་མཚན་སེང་གེའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-31 21:43:02     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།    ཀློག་ཐེངས།  

509.JPG

པར་པོད།ཤོག་གྲངས།

00803 ཀ་

1 མཆོད་སྡོང་མཐོང་བ་དོན་ལྡན་གྱི་དཀར་ཆག་དད་པའིརྒྱ་མཚོ་འཕེལ་བའི་རབ་དཀར་ཟླ་གཞོན་ལ། 57

2 ཤྰཀྱའི་དགེ་སློང་སུ་མ་རྡི་རྡ་ཛ་སི་རྡའི་རྟོགས་པ་བརྗོད་པ་ཉིན་མོའི་འོད་ལ། 230

00804 ཁ་

1 བླ་མའི་རྣལ་འབྱོར་གྱི་རིམ་པ་ཕྱོགས་གཅིག་ཏུ་བསྡེབས་པ་དགོས་འདོན་ཀུན་འབྱུང་ལ། 39

2 དམ་པའི་ཆོས་ཀྱི་ཐོབ་ཡིག་བདུད་རྩིའི་ཆུ་རྒྱུན་ལ། 63

3 རྗེ་བཙུན་བླ་མ་མཁས་དང་གྲུབ་པའི་དབང་ཕྱུག་ཁྲི་ཆེན་རྒྱལ་མཚན་སེང་གེའི་རྣམ་པར་ཐར་པ་ནོར་བུ་ཆེ་ཤེལ་དཀར་པོའི་ཕྲེང་བ་ལ། 31

4 རིགས་བརྒྱའི་ཁྱབ་བདག་རྗེ་སུ་མ་རྡི་རྡ་ཛ་སི་རྡ་དགུང་ལོ་བདུན་བཞེས་པ་ཡན་གྱི་རྣམ་པར་ཐར་པའི་ས་བོན་དད་པའི་ལྗོན་ཤིང་ལ། 13

5 རྗེ་བཙུན་མི་ཕམ་མགོན་པོའི་སྐུ་བརྙན་རིན་པོ་ཆེའི་ནང་བཞུགས་ཀྱི་དཀར་ཆག་ནོར་བུའི་མེ་ལོང་ལ། 8

6 དགའ་ལྡན་ཆོས་གླིང་གི་བཅའ་ཡིག་བླང་དོར་ཀུན་གསལ་ལ། 13

7 ཞྭ་སེར་ཅོད་པན་འཛིན་པའི་འདུས་སྡེ་ཆེན་པོ་དགེ་ལྡན་བཤད་སྒྲུབ་གླིང་གི་བཅའ་ཡིག་བླང་དོར་གསལ་བའི་མེ་ལོང་ལ། 13

8 དགའ་ལྡན་རྣམ་རྒྱལ་གླིང་གི་བཅའ་ཁྲིམས་འདུལ་གཞུང་དགོངས་ལྡན་བཻ་ཌྰརྱ་དཀར་པོའི་དོ་ཤལ་ལ། 11

9 བཀྲ་ཤིས་ཐེག་ཆེན་གླིང་གི་ཁྲིམས་སུ་བཅའ་བའི་ཡི་གེ་དངོས་གྲུབ་རྣམ་གཉིས་འགུགས་པའི་ལྕགས་ཀྱུ་ལ། 11

10 བསམ་གཏན་དར་རྒྱས་གླིང་གི་ཚངས་སྤྱོད་དཔལ་གྱི་དུམ་བུའི་དྲི་བསུང་ལ། 6

11 དགའ་ལྡན་ཆོས་འཕེལ་གླིང་གི་ཁྲིམས་སུ་བཅའ་བའི་ཡི་གེ་ཚངས་པར་སྤྱོད་པ་སྤོས་ཆེའི་མཚོ་ཞེས་པ་ལ། 5

12 གྲྭ་པའི་མཐའ་རྣམ་པར་གཞག་པ་ནོར་བུའི་ཕྲེང་བ་ལ། 30

13 སྐྱབས་འཇུག་གི་སྐོར་ཕྱོགས་གཅིག་ཏུ་བསྡེབས་པ་འདོད་དགུའི་རེ་སྐོང་ལ། 22

14 ཞལ་གདམས་མགུར་མའི་སྐོར་ལ། 5

15 བསྟན་འཛིན་གྱི་ཀྱིས་མཆོག་དམ་པ་རྣམས་ཀྱི་མཆོག་སྤྲུལ་མྱུར་བྱོན་གྱི་འདོད་གསོལ་སྨོན་ཚིག་གི་སྐོར་ཕྱོགས་གཅིག་ཏུ་བསྡེབས་པ་འདོད་དོན་དོན་གྲུབ་ཅེས་པ་ལ། 6

16 རྒྱུད་སྡེ་བཞིའི་དབང་གི་བརྒྱུད་འདེབས་བསྟོད་ཚོགས་ཞབས་བརྟན་སྨོན་ཚིག་གི་སྐོར་རྣམས་ཕྱོགས་གཅིག་ཏུ་བཀོད་པ་དཔག་བསམ་ཡོངས་འདུའི་ལྗོན་ཤིང་ལ། 40

00805 ག་

1 བླ་མ་མཆོད་པའི་ཆོ་གའི་དམིགས་རིམ་དང་འདོན་བསྒྲིགས་སྙན་བརྒྱུད་དངོས་གྲུབ་བདུད་རྩིའི་ཡང་བཅུད་ལ། 44

2 བློ་སྦྱོང་ཚིག་རྐང་བརྒྱད་མའི་འགྲེལ་པ་ལ། 8

3 སྐྱབས་འགྲོ་བྱེད་ཚུལ་སྐལ་བཟང་འཇུག་ངོགས་ལ། 4

4 སྐྱབས་འགྲོའི་ཁྲིད་ཡིག་སྐལ་བཟང་རེ་སྐོང་ཞེས་བྱ་བ་ལ། 24

5 བླ་མ་མཆོད་པའི་སྐབས་ཀྱི་སྐྱབས་འགྲོའི་དམིགས་རིམ་ལ། 4

6 བླ་མ་མཆོད་པའི་ཆོ་གའི་དམིགས་རིམ་དང་འདོན་བསྒྲིགས་སྙན་བརྒྱུད་དངོས་གྲུབ་བདུད་རྩིའི་ཡང་བཅུད་ལ། 43

7 དགའ་ལྡན་ལྷ་བརྒྱ་མའི་ཁྲིད་ཡིག་དངོས་གྲུབ་པད་དཀར་བཞད་པའི་དགའ་སྟོན་ལ། 32

8 བྱང་ཆུབ་ལམ་གྱི་རིམ་པའི་དམར་ཁྲིད་ཐམས་ཅད་མཁྱེན་པར་བགྲོད་པའི་བདེ་ལམ་གྱི་སྙིང་པོ་བསྡུས་པ་ལ། 4

9 བྱང་ཆུབ་ལམ་གྱི་རིམ་པའི་གནད་དོན་མདོར་བསྡུས་གཞན་ཕན་རབ་སྟེར་ལ། 12

10 ལམ་གྱི་གཙོ་བོ་རྣམ་གསུམ་གྱི་ཉམས་ལེན་བྱེད་ཚུལ་དབེན་ས་སྙན་བརྒྱུད་ལྟར་གྱི་འདོན་བསྒྲིགས་ཡོངས་འཛིན་ཞལ་ལུང་ལ། 11

11 རྗེ་བླ་མའི་བསྟོད་པའི་རབ་བྱེད་དཔྱིད་ཀྱི་རྒྱལ་མོའི་སྒྲ་དབྱངས་ཀྱི་འགྲེལ་པ་དྲི་མེད་ནོར་བུའི་ལྗོན་ཤིང་ལ། 19

12 ལམ་གྱི་གཙོ་བོ་རྣམ་གསུམ་གྱི་རྣམ་བཤད་སྐལ་བཟང་རེ་སྐོང་ལ། 27

13 གཞུང་མཆོག་ཤེས་རབ་སྙིང་པོའི་རྣམ་བཤད་ཟབ་དོན་པད་དཀར་བཞད་པའི་ཉིན་བྱེད་ལ། 18

14 འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་དོན་འགྲེལ་སྐལ་བཟང་རེ་བ་ཀུན་སྐོང་ལ། 26

15 རྗེ་བླ་མའི་རྣལ་འབྱོར་དང་འབྲེལ་བའི་དམིགས་བརྩེ་མའི་བསྙེན་པ་བྱེད་ཚུལ་མཆོག་ཐུན་དངོས་གྲུབ་ཆར་འབེབས་ལ། 8

16 ཐུབ་དབང་གནས་བརྟན་བཅུ་དྲུག་དང་བཅས་པའི་ཕྱག་མཆོད་ཐུགས་དམ་བསྐུལ་བའི་རིམ་པ་ཡིད་བཞིན་དབང་གི་རྒྱལ་པོ་ལ། 23

17 སངས་རྒྱས་སུམ་ཅུ་སོ་ལྔ་ལ་བརྟེན་ནས་སྡིག་ལྟུང་བཤགས་པའི་ཆོ་ག་ཉིན་བྱེད་སྣང་བ་ལ། 11

18 རབ་གནས་དགེ་ལེགས་རྒྱ་མཚོའི་ཆར་འབེབས་ཀྱི་ཟུར་འདེབས་འདོད་འཇོ་ནོར་བུའི་བུམ་བཟང་ལ། 18

19 དཔྱོད་ལྡན་རྣམས་ཀྱིས་དྲི་བ་ཞུས་པའི་ལན་ཕྱོགས་གཅིག་ཏུ་བཀོད་པ་ནོར་བུ་ཀེ་ཏ་ཀ་ཞེས་པ་ལ། 10

20 སྨོན་ཚིག་གི་སྐོར་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་བྱང་ཆེན་རྒྱ་མཚོར་བགྲོད་པའི་གྲུ་རྫིངས་ལ། 15

00806 ང་

1 རྗེ་བཙུན་སུ་མ་རྡི་རྡ་ཛ་སི་རྡ་དཔལ་བཟང་པོའི་གསུང་ཐོར་བུའི་སྐོར་ཕྱོགས་གཅིག་ཏུ་བཀོད་པ་བསམ་པའི་རེ་སྐོང་ལ། 11

2 རྗེ་བླ་མ་ལ་བརྟེན་པའི་གསོལ་འདེབས་དམིགས་བརྩེ་མའི་སྒོ་ནས་ཆེ་སྒྲུབ་བྱ་ཚུལ་དངོས་གྲུབ་ཆར་འབེབས་ལ། 6

3 རྗེ་བླ་མའི་རྣལ་འབྱོར་གྱི་སྒོ་ནས་དམིགས་བརྩེ་མ་ལ་བརྟེན་པའི་ཆར་འབེབས་བྱ་ཚུལ་ལ། 7

4 རྗེ་བཙུན་འཇམ་དཔལ་དབྱངས་དཀར་པོའི་སྒྲུབ་ཐབས་བློ་གྲོས་པདྨོ་བཞད་པའི་ཉིན་བྱེད་ལ། 6

5 རྗེ་བཙུན་འཇམ་དཔལ་དབྱངས་དཀར་པོ་ཤེས་རབ་བློ་འཕེལ་གྱི་བསྙེན་པ་སྦྱིན་སྲེག་བྱེད་ཚུལ་དང་བཅས་པ་དངོས་གྲུ་མཆོག་སྦྱིན་ལ། 9

6 རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྒྲུབ་ཐབས་བློ་གྲོས་མཆོག་གྲོལ་ཞེས་བྱ་བ་དང་ཁ་སྐོང་གི་སྦྱིན་སྲེག་བྱ་ཚུལ་ལ།8

7 འཇམ་དབྱངས་ནག་པོའི་སྒྲུབ་ཐབས་བུམ་ཆོག་བཀྲུ་བྱབས་དང་བཅས་པ་བྱ་ཚུལ་བཻ་ཌྰརྱ་སྔོན་པོའི་ཕྲེང་བ་ལ། 10

8 བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་ལ་བརྟེན་པའི་ཚེ་སྒྲུབ་བྱ་ཚུལ་འཆི་མེད་བདུད་རྩིའི་ཆུ་རྒྱུན་ལ། 3

9 རྒྱལ་ཡུམ་ཡིད་བཞིན་འཁོར་ལོ་ལ་བརྟེན་ནས་རང་གཞན་གྱི་དོན་དུ་ཚེའི་དངོས་གྲུབ་སྒྲུབ་པའི་ཚུལ་འཆི་མེད་བདུད་རྩིའི་མཆོག་སྦྱིན་ལ། 9

10 རྒྱལ་ཡུམ་རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་བསྙེན་ཡིག་འཆི་མེད་དཔལ་སྟེར་ལ། 9

11 རྒྱལ་ཡུམ་ཡིད་བཞིན་འཁོར་ལོའི་སྒོ་ནས་ཞི་བའི་སྦྱིན་སྲེག་བྱེད་ཚུལ་མཆོག་ཐུན་དངོས་གྲུབ་འདོད་འཇོ་ལ། 5

12 རྗེ་བཙུན་སྒྲོལ་དཀར་ལ་བརྟེན་པའི་བཀྲུ་བྱབས་སྲུང་གསུམ་བྱ་ཚུལ་རྡོ་རྗེ་བདུད་རྩིའི་ཆུ་རྒྱུན་ལ། 3

13 བཅོམ་ལྡན་འདས་གཙུག་ཏོར་རྣམ་པར་རྒྱལ་མ་ལ་བརྟེན་པའི་བུམ་སྒྲུབ་འཆི་མེད་བདུད་རྩིའི་དཔལ་སྟེར་ལ། 10

14 ཚེ་་རིའི་ལུགས་སྐྱེ་བཅོམ་ལྡན་འདས་གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུ་ལ་བརྟེན་པའི་སྟོང་མཆོད་བྱ་ཚུལ་འཆི་

མེད་རིག་འཛིན་དཔལ་སྟེར་ལ། 11

15 བཅོམ་ལྡན་འདས་གཙུག་ཏོར་རྣམ་པར་རྒྱལ་མའི་བསྙེན་པ་བྱེད་ཚུལ་དངོས་གྲུབ་འདོད་འཇོ་ལ། 5

16 ཚེ་ལྷ་རིགས་གསུམ་གྱི་སྒོ་ནས་ཚེ་སྤེལ་བར་བྱེད་པའི་ཆོ་ག་གཞོམ་བྲལ་མི་འགྱུར་རྡོ་རྗེའི་སྲོག་སྦྱིན་ལ། 11

17 རྒྱལ་ཡུམ་རྗེ་བཙུན་སྒྲོལ་མ་ལ་བརྟེན་པའི་མན་ཌལ་བཞི་པའི་ཆོ་ག་བྱིན་རླབས་གཏེར་མཛོད་ལ། 8

18 འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་ལ་བརྟེན་པའི་འཆི་བླུ་བྱེད་ཚུལ་འཆི་བདག་གཡུལ་ལས་རྒྱལ་བའི་ལྷ་རྔ་ལ།4

19 འཕགས་མཆོག་ཐུགས་རྗེ་ཆེན་པོ་ཕྱུག་བཞི་པ་ལ་བརྟེན་ནས་མ་ཎི་རིལ་སྒྲུབ་བྱ་ཚུལ་བྱིན་རླབས་མྱུར་འཇུག་ལ། 4

20 འཕགས་མཆོག་ཐུགས་རྗེ་ཆེན་པོ་ལ་བརྟེན་པའི་སྨྱུང་གནས་ཀྱི་ཆོ་ག་གཞན་ཕན་བདུད་རྩིའི་སྙིང་པོ་ལ། 16

21 འཕགས་མཆོག་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གཙོ་འཁོར་ཡོངས་རྫོགས་ཀྱི་སྦྱིན་སྲེག་བྱེད་ཚུལ་སྡིག་ལྟུང་ཚ་གདུང་སེལ་བའི་ཟླ་ཤེལ་ལ། 10

22 འཕགས་མཆོག་སེང་གེ་སྒྲ་ལ་བརྟེན་པའི་ཆེ་སྒྲུབ་བྱེད་ཚུལ་བདུད་རྩིའི་ཆེ་སྦྱིན་ལ། 6

23 བཅོམ་ལྡན་འདས་ཀླུའི་དབང་ཕྱུག་རྒྱལ་པོ་གཙོ་འཁོར་ལ་བརྟེན་པའི་ཆེ་སྒྲུབ་བྱ་ཚུལ་ཀླུ་གདོན་ཚ་བའི་གདུང་སེལ་

ག་བུར་གསར་པའི་ཐིགས་ཕྲེང་ལ། 7

24 བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་ལ་བརྟེན་པའི་ཆེ་སྒྲུབ་བྱ་ཚུལ་བདུད་རྩིའི་ཆུ་རྒྱུན་ལ། 6

25 གཟུངས་གྲྭ་ལྔ་ནས་བཤད་པའི་བསྲུང་བ་ལྔའི་སྒྲུབ་ཐབས་དང་བུམ་སྒྲུབ་བྱ་ཚུལ་ཟླ་བའི་ཆུ་རྒྱུན་ལ། 7

26 རྡོ་རྗེ་རྣམ་པར་འཇོམས་པའི་སྒོ་ནས་ཡུལ་ཁྲུས་བྱ་ཚུལ་ཉེས་པ་ཀུན་སེལ་ལ། 8

27 དྲག་པོ་གསུམ་འབྲེལ་ལ་བརྟེན་པའི་བུམ་སྒྲུབ་བཀྲུ་བྱབས་སྲུང་གསུམ་དུག་དབྱུང་དང་བཅས་པ་བྱ་ཚུལ་ཀྱི་འགྲོའི་

གདུང་བ་སེལ་བའི་སྨན་མཆོག་ཅེས་བྱ་བ་ལ། 7

28 དཔལ་གསང་བ་བདག་པོ་ཕྱུག་ན་རྡོ་རྗེ་དྲག་པོ་གསུམ་འབྲེལ་ལ་བརྟེན་པའི་ཞི་བའི་སྦྱིན་སྲེག་བྱ་ཚུལ་དངོས་གྲུབ་མཆོག་སྦྱིན་ལ། 9

29 བཅོམ་ལྡན་འདས་མ་ལྷག་པའི་ལྷ་མོ་ལོ་མ་གྱོན་མ་ལ་བརྟེན་པའི་ཆེ་སྒྲུབ་བྱ་ཚུལ་བདུད་རྩིའི་ཆེ་སྦྱིན་ལ། 6

30 ཡེ་ཤེས་ཁྱུང་ཁྲ་ལ་བརྟེན་ནས་ཆེ་སྒྲུབ་བྱ་ཚུལ་གདུང་སེལ་འཆི་བ་མེད་པའི་སྨན་མཆོག་ལ། 6

31 ཡེ་ཤེས་ཁྱུང་ཁྲ་ལ་བརྟེན་ནས་ཞི་བའི་སྦྱིན་སྲེག་བྱེད་ཚུལ་ཤེལ་དཀར་བུམ་བཟང་ལ། 6

32 འཕགས་མཆོག་ཛམྦྷ་ལ་ནག་པོར་བརྟེན་པའི་གཏེར་སྒྲུབ་བྱ་ཚུལ་དབུལ་བའི་གདུང་སེལ་སྐལ་བཟང་གཙུག་ནོར་ལ།9

33 འཕགས་མ་ནོར་རྒྱུན་མ་ལ་བརྟེན་པའི་གཏེར་སྒྲུབ་བྱ་ཚུལ་འདོད་དགུའི་ཆར་འབེབས་ལ། 5

34 མགོན་པོ་ཡིད་བཞིན་ནོར་བུ་ལ་བརྟེན་པའི་གཏེར་སྒྲུབ་བྱ་ཚུལ་འདོད་འཇོའི་བུམ་བཟང་ལ། 11

35 འབྲུ་བཅུད་ལོ་ཏོག་གི་གནོད་པ་ཞི་བའི་ཆེད་དུ་དཀར་གསུར་གཏོང་ཚུལ་ལ། 3

36 ཤེར་ཕྱིན་གྱི་མདོ་རྣམས་བཀླག་པའི་ཚུལ་ལ། 5

37 ཆོས་སྲུང་རྣམས་ལ་གཏོར་མ་འབུལ་བའི་རིམ་པ་ཕྱོགས་གཅིག་ཏུ་བཀོད་པ་རྡོ་རྗེ་སྒྲ་དབྱངས་ལ། 22

38 རྗེ་བླ་མའི་རྣལ་འབྱོར་གྱི་སྒོ་ནས་དམིགས་བརྩེ་མ་ལ་བརྟེན་པའི་ཆར་འབེབས་བྱ་ཚུལ་ལ། 7

39 བླ་མ་མཆོད་པའི་སྐབས་ཀྱི་སྐྱབས་འགྲོའི་དམིགས་རིམ་ལ། 4

00807 ཆ་

1 ཡི་དམ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་རིམ་པ་དང་པོའི་ལེགས་བཤད་གསང་ཆེན་ཟབ་ལམ་ལ། 69

2 སྤྱན་རས་གཟིགས་རྒྱལ་བརྒྱ་མཚོའི་བསྐྱེད་རིམ་གྱི་རྣམ་བཤད་འཕགས་མཆོག་དགྱེས་པའི་མཆོད་སྤྲིན་ལ། 34

3 བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྒྲུབ་ཐབས་སྡིག་ལྟུང་མུན་སེལ་ཉིན་བྱེད་སྣང་བ་ལ། 5

4 བཅོམ་ལྡན་འདས་རྡོར་སེམས་ཡབ་ཡུམ་གྱི་སྒྲུབ་ཐབས་སྡིག་ལྟུང་མུན་སེལ་ཉིན་བྱེད་སྣང་བའི་དོན་འགྲེལ་སྐལ་བཟང་སྙིང་གི་གདུང་སེལ་ཟླ་ཟེར་སྣང་བ་ལ། 15

5 བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་སྐྱེ་བསྙེན་པ་བྱེད་ཚུལ་མཆོག་ཐུན་དངོས་གྲུབ་མྱུར་གྲོལ་ལ། 10

6 འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣལ་འབྱོར་ཉམས་སུ་བླངས་པའི་ཕན་ཡོན་བྱིན་རླབས་མྱུར་འཇུག་ལ། 17

7 འཆི་མེད་རྔ་སྒྲའི་རྒྱུད་ལས་གསུངས་པའི་བྱ་རྒྱུད་པདྨའི་རིགས་ཀྱི་ནང་ཚན་མགོན་པོ་ཚེ་དཔག་མེད་ལྷ་དགུའི་བསྙེན་པ་བྱ་ཚུལ་པདྨ་་གའི་དོ་ཤལ་ལ། 16

8 ཚ་གསུར་གྱི་རྣམ་གཞག་ཕན་བདེའི་དཔལ་སྟེར་ལ། 11

9 བར་དོའི་སྐོར་གྱི་རྣམ་གཞག་ཤེལ་དཀར་མེ་ལོང་ལ། 12

10 འགྲོ་མགོན་བསྟན་པ་རིན་ཆེན་གྱི་གསང་བའི་མགུར་འགྲེལ་རྡོ་རྗེ་ཚིག་གི་མདུད་གྲོལ་ཀུན་བཟང་མཆོད་སྤྲིན་ལ།16

11 མགོན་པོ་འོད་དཔག་མེད་ལ་བརྟེན་པའི་འཕོ་བའི་ཉམས་ལེན་བདེ་ལྡན་ཞིང་དུ་བགྲོད་པའི་ཐེམ་སྐས་ལ། 8

12 བཅོམ་ལྡན་འདས་མགོན་པོ་མི་འཁྲུགས་པ་ལ་བརྟེན་པའི་འཕོ་བའི་ཉམས་ལེན་བྱེད་ཚུལ་ཞིང་མཆོག་མངོན་དགར་བགྲོད་པའི་རིན་ཆེན་ཐེམ་སྐས་ལ། 4

13 སྟོབས་ཆེན་ཁོར་བོ་བཅུའི་སྒོ་ནས་དམར་ཆེན་གཏོར་བཟློག་བྱ་ཚུལ་བདུད་དཔུང་ཕྱེ་མར་འཐག་པའི་འཁོར་ལོ་ལ།14

14 རྒྱལ་པོ་ཆེན་པོ་རྣམ་སྲས་ལ་བརྟེན་པའི་ཞི་བ་གཙོ་བོར་གྱུར་པའི་གཏོར་སྒྲུབ་བྱེད་ཚུལ་གདུང་སེལ་སྣང་བ་རྒྱ་མཚོའི་འོད་དཀར་ལ། 8

15 རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ལ་བརྟེན་ནས་རྒྱས་པ་གཙོ་བོར་གྱུར་པའི་འཇམ་པོ་གསུམ་གྱི་སྦྱིན་སྲེག་བྱེད་ཚུལ་ཡིད་བཞིན་དབང་རྒྱལ་ལ། 15

16 དཔལ་ལྡན་དམག་ཟོར་རྒྱལ་མོའི་གཏོར་ཆོག་མདོར་བསྡུས་ལ། 7

17 བསྟན་སྲུང་གཙོ་མོ་སྲིད་གསུམ་བདག་མོ་ལ་བརྟེན་པའི་གློ་བུར་ལས་བཅོལ་བྱ་ཚུལ་རྡོ་རྗེ་སྒྲ་དབྱངས་ལ། 4

18 རྒྱལ་བའི་བསྟན་སྲུང་གཙོ་མོ་དཔལ་ལྡན་སྲིད་གསུམ་བདག་མོ་ལ་མཆོད་གཏོར་འབུལ་བའི་རིམ་པ་ཆོས་སྲུང་དགྱེས་པའི་རྔ་ཆེན་ལ། 11

19 རྒྱལ་བའི་བསྟན་སྲུང་དཔལ་ལྡན་དམག་ཟོར་རྒྱལ་མོ་ལ་གཤེགས་གཏོར་འབུལ་ཚུལ་དམག་ཟོར་དགྱེས་པའི་མཆོད་སྤྲིན་ལ། 5

20 བསྟན་སྲུང་གཙོ་མོ་འདོད་ཁམས་དབང་ཕྱུག་མ་ལ་བརྟེན་པའི་དྲག་པོའི་གཏོར་ཟོར་གནམ་ལྕགས་འབར་བའི་འཁོར་ལོ་ལ། 13

21 ཆོས་སྐྱོང་དྲེགས་པ་ལྕམ་སྲིང་གི་སྤྱི་བསྟབ་བྱ་ཚུལ་གཏུམ་དྲག་རོལ་བའི་དགའ་སྟོན་ལ། 5

22 ཆོས་སྲུང་རྣམས་ལ་མཆོད་གཏོར་འབུལ་ཚུལ་དང་སྤྱི་བསྟབ་བྱ་ཚུལ་ཕྱོགས་གཅིག་ཏུ་བཀོད་པ་དོན་ལྡན་ཚངས་པའི་སྒྲ་དབྱངས་ལ། 7

00808 ཇ་

1 ལེགས་པར་སྦྱར་བའི་སྐད་དང་གངས་ཅན་བོད་སྐྱེ་བརྡ་ཤན་སྦྱར་ཏེ་ཀྰ་ལིའི་ཕྲེང་བར་བསྒྲིགས་པ་མཁས་པ་དགའ་བྱེད་ལ། 121

2 ཕུག་ལུགས་རྩིས་ཀྱི་སྙིང་པོ་མཁས་པའི་མགུལ་ལྡན་ལ། 27

3 སུམ་ཅུ་པའི་རྣམ་བཤད་ཉིན་མོའི་སྣང་བ་ལ། 28

4 སྒྲ་གཅིག་དོན་མང་ལ་འཇུག་པ་སོགས་ཀྱི་རྣམ་གཞག་ལ། 15

5 རྟགས་ཀྱི་འཇུག་པའི་རྣམ་བཤད་ནོར་བུའི་ལྡན་ཕྲེང་ལ། 33

6 བླ་མ་ཡི་དམ་ཆོས་སྲུང་རྣམས་སྐྱེ་བསྟོད་ཚོགས་ཀུན་བཟང་མཆོད་སྤྲིན་ལ། 16

7 ལྟོ་འཕྱེ་བརྟག་པ་ལ་ཉེ་བར་མཁོ་བའི་ལྷའི་རྣལ་འབྱོར་དང་ཀླུ་རྒྱལ་ལ་མཆོད་གཏོར་འབུལ་ཚུལ་ལ། 5

8 ལྷའི་དགེ་བསྙེན་ཆེན་པོ་ལྭ་སྒོར་འཁོར་བཅས་སྐྱེ་བསྐང་བཤགས་བྱེད་ཚུལ་ལྷ་རྒྱལ་གདོང་ལྔའི་གད་རྒྱངས་ལ། 4

9 ཡུལ་སྐྱོང་དགྲ་ལྷའི་རྒྱལ་པོ་ཨ་ཙ་ཐུར་གྲགས་པའི་བསྐང་གསོལ་བྱེད་ཚུལ་ལྷ་ཆེན་དགྱེས་པའི་རོལ་མོ་ལ། 4

10 ཡུལ་སྐྱོང་་རི་འཁོར་བཅས་ཀྱི་གསོལ་མཆོད་བྱེད་ཚུལ་འགགས་མེད་ལྷ་རྔའི་སྒྲ་སྐད་ལ། 4

11 ཡུལ་སྐྱོང་ཆེན་པོ་གཉན་རྒོད་སྔོ་ལྷ་གཡུ་རྩེ་རྒྱལ་པོ་ལ་བརྟེན་པའི་བཟློག་མདོས་ལྷ་རྒྱལ་རྡོ་རྗེ་སྒྲ་དབྱངས་ལ། 8

12 བཀྲ་ཤིས་སྨན་རིའི་རྒྱལ་པོ་སོགས་ཀྱི་ཐུགས་དམ་བསྐང་བའི་རིམ་པ་ལྷ་ཆེན་དགྱེས་པའི་རོལ་མོ་ལ། 3

13 བླ་མ་ཡི་དམ་ཆོས་སྲུང་གཞི་བདག་རྣམས་སྐྱེ་བསངས་མཆོད་བྱེད་ཚུལ་ཕྱོགས་གཅིག་ཏུ་བསྡེབས་པ་བདེ་ལེགས་ཆར་འཕེབས་ལ། 414 བསྔོ་བའི་སྐོར་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ཐེག་མཆོག་བགྲོད་པའི་ཐེམ་སྐས་ལ། 8

00809 བཀའ་རྒྱ་མ

1 གྲུབ་དབང་པདྨ་སབྷ་ཝ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་སོགས་སྣ་ཚོགས་ཀྱི་སྐོར་ལ། 7

2 སློབ་དཔོན་པདྨ་སབྷ་ཝ་ལ་བརྟེན་པའི་ཚེ་སྒྲུབ་བྱ་ཚུལ་མི་འགྱུར་སྲོག་གི་ཀྭ་བ་ལ། 3

3 དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་རྫོགས་རིམ་གྱི་རྣམ་གཞག་འཇམ་དཔལ་དགྱེས་པའི་མཆོད་སྤྲིན་ལ།17

4 རྡོ་རྗེ་འཇིགས་བྱེད་ནག་པོ་མདའ་འགེངས་ཀྱི་སྒྲུབ་ཐབས་འཇིགས་མཛད་ཞལ་ལུང་བདུད་འཇོམས་དཔའ་བོའི་གད་རྒྱངས་ལ། 4

5 དཔལ་ཆེན་དབང་གི་རྒྱལ་པོ་རྟ་མཆོག་རོལ་བའི་བསྐྱེད་རིམ་གྱི་རྣམ་གཞག་དབང་ཆེན་དགྱེས་པའི་རོལ་གར་ལ། 42

6 ཡི་དམ་རྟ་མཆོག་རོལ་བ་ཁྲག་འཐུང་ལྷ་དགུའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླངས་པའི་ཚུལ་བདེ་ཆེན་བདུད་རྩིའི་ཆུ་རྒྱུན་ལ། 17

7 པདྨ་ཡང་གསང་ཁྲོས་པའི་ཚོགས་འཁོར་མདོར་བསྡུས་དབང་ཆེན་དགྱེས་མགུར་རོལ་བའི་དགའ་སྟོན་ལ། 6

8 ཡང་གསང་ཁྲོས་པའི་སྒོ་ནས་བཀྲུ་བྱབས་དུག་དབྱུང་བསྲུང་བ་དང་བཅས་པ་བྱ་བའི་ཚུལ་བར་ཆད་ཀུན་སེལ་ལ། 7

9 དེའི་གཏོར་བཟློག་སོགས་ཀྱི་སྐབས་སུ་མཁོ་བའི་ཟུར་རྒྱན་འགའ་ཞིག་ལ།3

10 དེའི་རྣལ་འབྱོར་ལ་བརྟེན་ནས་འཕོ་བའི་མན་ངག་ཉམས་སུ་ལེན་པའི་ཚུལ་མཁའ་སྤྱོད་བགྲོད་པའི་མྱུར་ལམ་ལ། 3

11 བཅོམ་ལྡན་འདས་མ་ཁམས་གསུམ་དབང་འདུས་ཀྱི་ལྷ་མོ་ཀུ་རུ་ཀུལླེལ་བརྟེན་པའི་བླ་མའི་རྣལ་འབྱོར་དངོས་གྲུབ་མྱུར་གྲོལ་སོགས་ལ། 6

12 སྒྲོལ་བསྟོད་ལ། 1

13 དེའི་བདག་བསྐྱེད་སྒོམ་ཚུལ་གྱི་ཐོ་ཡིག་དང་ཚོགས་མཆོད་འབུལ་ཚུལ་ཨུཏྤལ་དམར་པོའི་ལྕགས་ཀྱུ་ལ། 6

14 དེའི་རིམ་པ་དང་པོའི་རྣམ་བཤད་དངོས་གྲུབ་པད་མོ་བཞད་པའི་དགའ་སྟོན་ལ། 21

15 དེའི་ཆར་འབེབས་བྱ་ཚུལ་དངོས་གྲུབ་འདོད་འཇོ་ལ། 6

16 བཅོམ་ལྡན་འདས་མ་རིག་བྱེད་མ་ལ་བརྟེན་པའི་དགེ་འདུན་འདུ་བའི་འཁོར་ལོའི་གསལ་བྱེད་བྲི་སྒྲུབ་བྱ་ཚུལ་ལ། 4

17 རྗེ་བཙུན་ནྰ་རོ་མཁའ་སྤྱོད་མའི་རྣལ་འབྱོར་དང་སྒྲུབ་ཐབས་མདོར་བསྡུས་ལ། 6

18 དེའི་སྒྲུབ་ཐབས་མཁའ་སྤྱོད་གྲུབ་པའི་གཏམ་སྙན་ལྷའི་རོལ་མོ་ལ། 10

19 དེའི་སིདྡྷུ་རའི་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་དང་བདག་ཉིད་དབང་བླངས་པའི་རིམ་པ་མཁའ་སྤྱོད་དབང་མོ་དགྱེས་པའི་མཆོད་སྤྲིན་ལ། 28

20 དེའི་སྦྱིན་སྲེག་བྱེད་ཚུལ་སྡིག་སྒྲིབ་བུད་ཤིང་སྲེག་པའི་མེ་ཆེན་ལ། 6

21 མཁས་གྲུབ་ཁྱུང་པོའི་མན་ངག་དག་བྱིན་རླབས་བྱེད་ཚུལ་དམིགས་རིམ་ཚིག་ཏུ་བརྗོད་ཆོག་པ་མདོར་བསྡུས་སུ་བཀོད་པ་ལ། 2

22 མཁའ་འགྲོ་སེང་གེའི་གདོང་པ་ཅན་གྱི་སྒོ་ནས་ཚེ་སྒྲུབ་བྱ་ཚུལ་བདུད་རྩི་ཤེལ་དཀར་བུམ་བཟང་ལ། 7

23 དེའི་ནོར་སྒྲུབ་བྱ་ཚུལ་འདོད་དགུའི་བང་མཛོད་ལ། 12

24 དེའི་སྒྲུབ་ཐབས་རྡོ་རྗེ་ཕ་ལམ་ལ། 7

25 དེའི་དམར་ཆེན་གཏོར་བཟློག་བྱ་ཚུལ་རྡོ་རྗེ་མཚོན་ཆ་འབར་བའི་འཁོར་ལོ་ལ། 20

26 དེའི་བསྙེན་ཡིག་བཻ་ཌྰརྱ་སྔོན་པོའི་མེ་ལོང་ལ། 6

27 དེའི་སྦྱིན་སྲེག་གི་ཆོ་ག་དངོས་གྲུབ་གཏེར་མཛོད་ལ། 17

28 མགོན་པོ་ལྷ་བཞིའི་དྲིལ་སྒྲུབ་ཀྱི་བླ་མའི་རྣལ་འབྱོར་ལ། 4

29 མྱུར་མཛད་མགོན་པོ་ཕྱུག་དྲུག་པའི་བདག་བསྐྱེད་སྒོམ་བཟླས་བྱེད་ཚུལ་ལ། 3

30 མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་སྙིང་ཞུགས་ཐུན་མོང་མ་ཡིན་པའི་རྒྱུན་ཁྱེར་ཡེ་ཤེས་ལྔ་ལྡན་ལ། 7

31 དེའི་གློ་བུར་ལས་བཅོལ་བྱ་ཚུལ་མཚོན་ཆ་འབར་བའི་འཁོར་ལོ་ལ། 5

32 རྒྱལ་བའི་བསྟན་སྲུང་ཆེན་པོ་གུར་ལྷ་བརྒྱད་ཀྱི་ཞི་རྒྱས་དབང་དྲག་གི་སྦྱིན་སྲེག་བྱེད་ཚུལ་ལས་བཞི་ལྷུན་གྱིས་གྲུབ་པའི་རྔ་སྒྲ་ལ། 19

33 ཆོས་རྒྱལ་ནང་སྒྲུབ་འཁོར་བཅས་ཀྱི་ཐུགས་དམ་བསྐང་བའི་རིམ་པ་ལས་བཞིའི་འཕྲིན་ལས་སྒྲུབ་པའི་རྡོ་རྗེ་གད་རྒྱངས་ལ། 5

34 དམ་ཅན་གཤིན་རྗེ་ཆོས་རྒྱལ་གསང་སྒྲུབ་ཀྱི་ཐུགས་དམ་བསྐང་བའི་རིམ་པ་ནམ་མཁའ་མཛོད་ཀྱི་འདོད་འཇོ་ལ། 5

35 བླ་མ་ཡི་དམ་མཁའ་འགྲོ་སྲུང་མའི་ཚོགས་སྤྱི་དང་ཁྱད་པར་དཔལ་ལྡན་ལྷ་མོ་མ་བརྟེན་པའི་ཚོགས་མཆོད་འབུལ་ཚུལ་ཁྲག་འཐུང་རོལ་བའི་དགའ་སྟོན་ལ། 3

36 དཔལ་ལྡན་སྲིད་གསུམ་བདག་མོའི་བསྙེན་པ་བྱེད་ཚུལ་ཆོས་སྲུང་དགྱེས་པའི་བཞད་སྒྲ་ལ། 8

37 རྒྱལ་བའི་བསྟན་སྲུང་ཆེན་པོ་དམ་ཅན་རྡོ་རྗེ་ལེགས་པ་ལ་བརྟེན་པའི་དྲག་པོའི་གཏོར་བཟློག་བྱ་ཚུལ་དགྲ་འཇོམས་རྡོ་རྗེ་ཕ་ལམ་ལ། 22

38 དམ་ཅན་ནོར་སྒྲུབ་ལ། 6

དཀར་ཆག་ལ། 9

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །ཁྲི་སྤྲུལ་བློ་བཟང་རྒྱལ་མཚན་སེང་གེ་ནི་མདོ་སྨད་ཁྲོམ་ཐོག་ཏུ་རབ་བྱུང་བཅུ་གསུམ་པའི་མེ་གླང་1757 ལོ་ལ་འཁྲུངས།དགུང་ལོ་བཞི་ལ་མཁན་ཆེན་ཆོས་སྐྱོང་རྒྱ་མཚོའི་དྲུང་དུ་གཙུག་ཕུད་ཕུལ།མཚན་བློ་བཟང་རྒྱལ་མཚན་སེང་གེ་ཞེས་བགྲལ།དགུང་ལོ་བདུན་ལ་དགའ་ལྡན་ཆོས་གླིང་གི་ཁྲིར་ཕེབས།དགེ་སློང་བློ་བཟང་ཐོས་བསམ་ནས་ཀློག་བསླབ་ཅིང་བྱམས་ཆོས་བྲིས་སུ་བཅུག །དགུང་ལོ་བརྒྱད་ལ་སྒོ་མང་དགེ་བཤེས་བློ་བཟང་ཤེས་རབ་ཡོངས་འཛིན་དུ་

བསྟེན་ནས་གཞུང་ལ་སློབ་སྦྱོང་གནང༌།དགུང་ལོ་བཅུ་དྲུག་ཕེབས་སྐབས་བསྟོད་པ་མི་འགྱུར་མའི་འགྲེལ་པ་བརྩམས།དགུང་ལོ་ཉེར་གསུམ་ལ་ཞོག་ཁར་པཎ་ཆེན་དཔའ་ལྡན་ཡེ་ཤེས་མཆོག་ནས་མཁན་སློབ་སྦྲགས་མས་ཡོངས་རྫོགས་དགེ་སློང་གི་དངོས་པོ་བསྒྲུབས།དགུང་ལོ་བཅུ་བདུན་ནས་ཉེར་ལྔའི་བར་དགོན་པའི་རྟེན་དང་བརྟེན་པ་བཅས་གསར་བསྐྲུན་བྱས།དགུང་ལོ་ཉེར་དྲུག་ལ་དབུས་འགྱུར་ཆོས་ཀྱི་ཞིང་སར་བྱོན་ནས།རྒྱལ་བ་འཇམ་དཔལ་རྒྱ་མཚོ་དང་

་རྡོར་ནོ་མོན་ཧན་མཇལ།བླ་བྲང་སྒོ་མང་གི་ཆོས་གྲྭར་ཞུགས།ཧོར་སྐལ་བཟང་དོན་གྲུབ་དགེ་རྒན་དུ་གདན་དྲངས་ཏེ་གཞུང་ལ་སློབ་གཉེར་གནང་སྟེ་ལོ་བདུན་བཞུགས།དགུང་ལོ་སོ་གཉིས་ལ་མདོ་སྨད་དུ་ཕྱིར་ཕེབས་ནས་དགུང་ལོ་ལྔ་བཅུ་བར་སྨད་ཕྱོགས་སུ་བཞུགས།དགུང་ལོ་ང་གཉིས་ལོ་བོད་དུ་ཕེབས་ནས་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དང༌།ཀློང་རྡོལ་ངག་དབང་བློ་བཟང༌།ཁྲི་ཆེན་བློ་བཟང་ཡེ་ཤེས་བསྟན་པ་རབ་རྒྱས་སོགས་མཇལ་ནས་དབང་བཀའ་མང་དུ་གསན་ཏེ་མདོ་སྨད་དུ་བྱོན།རྒྱ་ནག་ཏུ་སྔ་རྗེས་ཐེངས་གཉིས་ཕེབས།དགུང་ལོ་ང་བརྒྱད་ནས་དགུང་ལོ་གོ་གཅིག་བར་གདན་ས་དགའ་ལྡན་ཆོས་གླིང་དང༌།གཙོའི་དགོན།རོང་པོ་བདེ་ཆེན་སོགས་དགོན་སྡེ་མང་ཆེ་བར་བཤད་སྒྲུབ་སྐྱེ་བསྟན་པ་དབྱར་མཚོ་ལྟར་སྤེལ།མཛོད་དགེ་དཀར་མོར་མཚན་ཉིད་ཀྱི་དགོན་པ་གསར་དུ་བཏབ།སྔགས་ཕྱོགས་ཀྱི་རྒྱུད་གྲྭ་བཙུགས།དགུང་ལོ་གོ་གསུམ་སྟེ་ས་བྱ་1849 ལོ་ལ་སྐུ་གཤེགས།གསུང་འབུམ་པོད་བདུན་བཞུགས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn            

བརྒྱུད་འགོད།