འཇོག་རི་ངག་དབང་བསྟན་འཛིན་འཕྲིན་ལས་ཀྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-31 20:20:03     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།    ཀློག་ཐེངས།  

 723.JPG

པར་པོད།ཤོག་གྲངས།

00800 ཀ་

1 བསྟན་པའི་གསལ་བྱེད་དམ་པ་རྗེ་བཙུན་བླ་མ་ངག་དབང་བསྟན་འཛིན་འཕྲིན་ལས་རྣམ་རྒྱལ་གྱི་འཁྲུངས་རབས་དང་འབྲེལ་བའི་རྟོགས་བརྗོད་གསོལ་འདེབས་བརྟན་བཞུགས་སྨོན་ལམ་དང་བཅས་པ་ཕན་བདེའི་པད་ཚལ་བཞད་པའི་ཉིན་བྱེད་ལ། 4

2 རྗེ་ཉིད་ཀྱི་འཁྲུངས་རབས་གསོལ་འདེབས་ལེགས་ཚོགས་བྱེ་བའི་འབྱུང་གནས་ལ། 3

3 བཀའ་དྲིན་མཚུངས་མེད་ཐུབ་བསྟན་ཡོངས་རྫོགས་སྐྱེ་བདག་པོ་མཚན་བརྗོད་པར་དཀའ་བ་རྗེ་བཙུན་ཡེ་ཤེས་མཚན་ཅན་གྱི་རྣམ་པར་ཐར་པ་རྨད་དུ་བྱུང་བ་དྲན་ཅིང་གསོལ་འདེབས་ཐུགས་རྗེའི་རྔ་ཆེན་བསྐུལ་བའི་རིན་ཆེན་དབྱུ་གུ་ལུང་གི་བརྒྱུད་འདེབས་ཁ་སྐོང་ལ། 3

4 ཟུང་འཇུག་གྲུབ་པའི་དཔའ་བོ་ཐར་པའི་རྒྱལ་མཚན་གྱི་མཛད་པ་ཐུན་མོང་བའི་རྣམ་པར་ཐར་པ་ཟུང་འཇུག་རིན་ཆེན་འདྲེན་པའི་ཤིང་རྟ་ལ། 108

5 བསྟན་པའི་གསལ་བྱེད་ཁྲི་ཆེན་ཆོས་ཀྱི་རྒྱལ་པོ་ཨེར་ཏེ་ནི་ནོ་མོན་ཧན་དགའ་ལྡན་ཤེ་རེ་གེ་ཐུ་ཤ་ཇིན་ནི་སྦ་དར་ཀོལ་ཧུ་ས་མ་ཏི་པཀྵི་རིན་པོ་ཆེའི་རྣམ་ཐར་གསོལ་འདེབས་རིན་ཆེན་བྲངས་པའི་ལྷུན་པོ་ལ། 3

6 མཁན་ཆེན་རྡོ་རྗེ་འཆང་མཚུངས་མེད་ཐུབ་པའི་གདུང་འཚོབ་ཆེན་པོརྒྱ་མཚོའི་མཚན་ཅན་གྱི་རྣམ་ཐར་དྲན་ཅིང་གསོལ་བ་འདེབས་ཚུལ་བདུད་བཞིའི་གཡུལ་ལས་རྒྱལ་བའི་རྔ་བོ་ཆེ་ལ། 3

7 དགེ་སྦྱོང་གི་དབང་པོའི་རྟོགས་བརྗོད་ཚིགས་བཅད་དུ་བསྡེབས་པ་ལ། 4

8 བྱ་བྲལ་ངག་དབང་གི་རྟོགས་བརྗོད་དྭངས་ཤེལ་ནོར་བུའི་ཕྲེང་བ་ལ། 95

9 རྒྱལ་བ་དབེན་ས་ཡབ་སྲས་ཀྱི་མན་ངག་གཏོར་མའི་ཆོ་ག་ཕུན་ཚོགས་འདོད་ཡོན་མའི་རྣམ་བཤད་ཕུན་ཚོགས་དགོངས་ལྡན་ལ། 47

10 བསླབ་བྱ་ལམ་གཙོའི་ཡང་སྙིང་འདོད་པ་འཇོ་བའི་བུམ་བཟང་ལ། 8

11 ཤར་ཕྱོགས་བསྟན་པའི་རྩ་ལག་མཁན་ཆེན་ཡེ་ཤེས་བསྟན་པའི་སྒྲོན་མེའི་རྣམ་པར་ཐར་པ་དགེ་ལྡན་བསྟན་པའི་མཛེས་ལྡན་ལ། 93

12 བླ་མ་མཆོད་པའི་ལྷན་ཐབས་གསོལ་འདེབས་དང་བཅས་པ་ཐུགས་རྗེའི་རྔ་ཆེན་བསྐུལ་བའི་རིན་པོ་ཆེའི་དབྱུ་གུ་ཞེས་བྱ་བ་ལ། 6

13 མཁས་གྲུབ་ཆེན་པོ་ཁྲི་ཆེན་མི་ཉག་རྡོ་རྗེ་བཟང་པོའི་རྣམ་ཐར་གསོལ་འདེབས་ལ། 5

14 ཁལ་ཁ་རྗེ་བཙུན་དམ་པའི་འཁྲུངས་རབས་གཡོལ་འདེབས་ལ། 5

15 སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ལ་གདམས་པ་མན་ངག་ནོར་བུའི་ཕྲེང་བ་ཞེས་བྱ་བ་ལ། 12

16 སྐྱོན་མཚང་རྡུལ་དུ་རློག་པའི་རྩ་ཚིག་གནམ་ལྕགས་རྡོ་རྗེའི་ཐོག་མདའ་ཨང་ཡིག་དྲུག་པ་བཅས་ལ། 4

17 ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་མཁྱེན་བརྩེའི་བྲན་ཟླ་སོགས་ལེ་ཚན་འགའ་ཞིག་ལ། 13

18 བླ་མའི་རྣལ་འབྱོར་དང་བརྟན་བཞུགས་ཚིགས་བཅད་སོགས་གསོལ་འདེབས་ཕྱོགས་བསྒྲིགས་པ་ལ། 16

00801 ཁ་

1 ཐར་པ་དོན་དུ་གཉེར་བའི་སྤོང་བ་པ་རྣམས་ལ་ཁྲིམས་སུ་བཅའ་བའི་ཡི་གེ་འཇམ་དཔལ་སྙིང་པོའི་དགོངས་ལྡན་ཞེས་བྱ་བར།10

2 བླ་མ་དང་སྨན་པའི་རྒྱལ་པོར་བརྟེན་པའི་བླ་མའི་རྣལ་འབྱོར་སོགས་གསོལ་འདེབས་ཀྱི་རིགས་སྣ་ཚོགས་ལ། 20

3 སྐྱབས་མགོན་བཀའ་དྲིན་མཚུངས་མེད་ཡོངས་འཛིན་ཐམས་ཅད་མཁྱེན་པ་སོགས་དམ་པ་དུ་མར་སྤྲུལ་བའི་ཞུ་ཡིག་སོགས་བསླབ་བྱའི་རིམ་པ་ལ། 47

4 རྗེ་བཙུན་བླ་མ་གྲུབ་པའི་དབང་ཕྱུག་ཡོངས་འཛིན་པན་ཌི་ཏ་ཆེན་པོའི་གསན་ཡིག་བཀའ་གདམས་མེས་པོའི་ཞལ་ལུང་སྐལ་ལྡན་ཤིང་རྟའི་ཆུ་རྒྱུན་ལ། 158

5 གུང་ཐང་དཔལ་གྱི་གཙུག་ལག་ཁང་བྱུང་རབས་དང་བཅས་པའི་དཀར་ཆགའགྲོ་མགོན་ཞལ་ལུང་བདུད་རྩིའི་ཆུ་རྒྱུན་ལ། 76

6 དངུལ་གདུང་ངོ་མཚར་མཐོང་བ་དོན་ལྡན་སོགས་ཀྱི་དཀར་ཆག་སཙྪ་སོགས་ཆབ་འདྲེན་གྱི་ཆོ་ག་ཐ་འོག་གི་གཏོར་འབུལ།འོད་ཟེར་ཅན་མར་མཆོད་བསྟོད་བྱ་ཚུལ་བཅས་པར།11

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །འཇོག་རི་ངག་དབང་བསྟན་འཛིན་འཕྲིན་ལས་ནི་དབུས་སྟོད་བྱི་རི་སྟག་རྩེར་ཡབ་དཔལ་མགོན་དང༌།ཡུམ་ཚེ་རིང་ལྷ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་ས་འབྲུག 1748 ལོ་ལ་འཁྲུངས།ཆེང་དགུང་ལོ་བརྒྱད་དགུའི་སྐབས་ཉང་བྲན་གཞིས་ཀ་སྐོར་གྱི་ཕྱུགས་འཚོ་བར་ཕེབས།དགུང་ལོ་བཅུ་གསུམ་ལ་སེ་ར་སྨད་དུ་བློ་བཟང་རྒྱལ་མཚན་དྲུང་དུ་གཙུག་ཕུད་ཕུལ།མཚན་གྲགས་པ་བློ་གྲོས་ཞེས་གསོལ།དགུང་ལོ་བཅུ་བདུན་ལྕང་ར་ངག་དབང་འཕྲིན་ལས་དྲུང་དུ་རབ་བྱུང་བསྒྲུབས།མཚན་ངག་དབང་བསྟན་འཛིན་འཕྲིན་ལས་སུ་གསོལ།དེ་ནས་རྗེ་གྲགས་པ་འཕྲིན་ལས་སོགས་བསྟེན་ནས་གཞུང་ཆེན་ལ་སློབ་གཉེར་མཛད།ཕར་ཕྱིན་འཛིན་གྲྭའི་སྐབས་བྱ་བྲལ་ལ་ཕེབས།དགུང་ལོ་ཉེར་གཉིས་སྐབས་སྐྱིད་གྲོང་དུ་ཀ་ཆེན་ཡེ་ཤེས་རྒྱལ་མཚན་གྱི་སར་བསྙེན་པར་རྫོགས།དེ་ནས་གྲུབ་དབང་བློ་བཟང་རྣམ་རྒྱལ་གྱི་གདན་ས་ཕུག་པོ་ཆེར་སྒྲུབ་པ་བརྩོན་བཞིན་བཞུགས།དགུང་ལོ་ཉེར་བརྒྱད་ལ་བླ་མའི་བཀའ་བཞིན་བལ་ཡུལ་ཁུལ་གནས་སྐོར་ལ་ཕེབས།དགུང་ལོ་སོ་གཉིས་ཐོག་སྐྱིད་གྲོང་ནས་ལྷ་སར་ཕེབས་ཏེ་ཆོས་མཐུན་གྱི་གནང་སྒོར་ཞུགས།དགུང་ལོ་ང་གཅིག་ལ་འབྲུ་ལ་མཁན་ཆེན་གྱི་རྣམ་ཐར་ལྗགས་རྩོམ་མཛད།དགུང་ལོ་ང་བདུན་ལ་ཁལ་ཁ་རྗེ་བཙུན་དམ་པའི་འཁྲུངས་རབས་གསོལ་འདེབས་བརྩམས།དེ་ནས་སྐུ་ཚེའི་གཤེགས་བཞུགས་རྣམ་ཐར་ན་མ་གསལ་བས་འདིར་བཀོད་མེད།འདིར་གསུང་འབུམ་པོད་གཉིས་བཞུགས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

 

 

                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

 
བརྒྱུད་འགོད།