འོན་རྒྱལ་སྲས་སྐལ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-31 16:41:05     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།    ཀློག་ཐེངས།  

 723.JPG

པར་པོད།ཤོག་གྲངས།

331

00791 ཀ་

1 སྐྱབས་མགོན་རིགས་བརྒྱའི་ཁྱབ་བདག་རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་པོས་བྱང་ཆུབ་ལམ་གྱི་རིམ་པ་དམར་ཁྲིད་ཐམས་ཅད་མཁྱེན་པར་བགྲོད་པའི་བདེ་ལམ་གྱི་མྱོང་ཁྲིད་གནང་བའི་སྐབས་སུ་རྗེ་ཉིད་ཀྱིས་ཟིན་བྲིས་སུ་བཏབ་པ་ལ། 46

2 བྱང་ཆུབ་ཀྱི་སེམས་སྦྱོང་བའི་མན་ངག་དང༌།བླ་མའི་རྣལ་འབྱོར་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་རིམ་གཉིས་ཆོས་རྒྱལ་རིགས་ལྡན་འབྱུང་ཚུལ།བསྟན་པའི་གནས་ཚད་ལེགས་བཤད་གསལ་སྒྲོན་རྣམས་ལ། 41

3 ལམ་ཁྲིད་བླ་མའི་ཞབས་བརྟན་གསོལ་འདེབས་སྨོན་ཚིག་གི་སྐོར་ཕན་བདེའི་རེ་སྐོང་རྣམས་ལ། 77

4 ཡི་དམ་ལྷ་ཚོགས་ཀྱི་སྒྲུབ་ཐབས་རྗེས་གནང་ཚེ་སྒྲུབ་རབ་གནས་སྦྱིན་སྲེག་ཡུལ་ཁྲུས་བསངས་མཆོད་སོགས་འདོད་དགུའི་ཆར་འབེབས་ལ། 105

5 རྩིས་ཀྱི་བསྟན་བཅོས་ཉིན་བྱེད་སྣང་བའི་ལྡན་མཆོག་ལ། 13

6 གཙུག་ལག་རྩིས་ཀྱི་སྐོར་འོག་གསོན་རྩིས་རྡེའུ་ཞེ་བདུན་གྱི་གསལ་བྱེད་བླ་གསལ་དགའ་བྱེད་ལ། 7

7 སྡེབ་སྦྱོར་དང་དན་དྲིའི་གཞུང་ལས་ལེའུ་གཉིས་པའི་དཔེར་བརྗོད་ཀུན་འཁོར་སྨན་བཤད་དབྱངས་འཆར་ལུང་གསལ་བའི་སྒྲོན་མེ་རྣམས་ལ། 45

8 འཕགས་པ་ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས་ཀྱི་དཀྱིལ་འཁོར་གྱི་ས་ཆོག་གི་ངག་འདོན་བདེ་ལེགས་ཀུན་འབྱུང་གི་དགོངས་པ་རབ་གསལ་ལ། 15

9 ཚེ་ཆོག་འདོད་འཇོ་དབང་གི་རྒྱལ་པོའི་སའི་ཆོ་ག་དགོངས་དོན་རབ་ཏུ་གསལ་བ་ལ། 15

00792 ཁ་

1 སྐྱབས་མགོན་རྡོ་རྗེ་འཆང་རྒྱལ་སྲས་སྐལ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོས་དཔལ་རྡོ་རྗེ་ཕྲེང་བའི་བཀའ་དབང་གནང་བའི་ཟིན་བྲིས་ལ། 70

2 མི་ཏྲ་བརྒྱ་རྩའི་དཀྱིལ་འཁོར་གྱི་མངོན་རྟོགས་བློ་གསལ་མགུལ་ལྡན་ལ། 118

3 དུས་འཁོར་དབང་གི་རྣམ་བཤད་དགོངས་གསལ་འོད་ལྡན་ལ། 60

4 རྗེ་བཙུན་མི་ཕམ་མགོན་པོའི་དབུ་ཐོག་གི་རྒྱ་ཕུབ་གསར་བཞེངས་དཀར་ཆག་ལ། 47

5 དཔལ་གསང་བའི་བདག་པོ་འཁོར་ལོ་ཆེན་པོའི་རིམ་གཉིས་ཀྱི་རྣམ་བཤད་གསང་ཆེན་མྱུར་ལམ་ལ། 13

6 རབ་གནས་དགེ་ལེགས་ཆར་འབེབས་ཀྱི་ངག་འདོན་བཀྲ་ཤིས་བདུད་རྩིའི་ཆར་འབེབས་སོགས་ལ། 27

00793 ག་

332

1 བྱང་ཆུབ་ལམ་རིམ་ཆེན་མོའི་ས་བཅད་ལ། 30

2 ལམ་རིམ་མྱོང་ཁྲིད་སྐལ་ལྡན་ཐར་འདོད་འཇུག་ངོགས་ལ།16

3 བདེ་ལམ་གྱི་མྱོང་ཁྲིད་དབེན་ས་སྙན་བརྒྱུད་ཀྱི་མན་ངག་གིས་བལྡན་པའི་ཟིན་བྲིས་ལ། 106

4 ཀློང་རྡོལ་རིན་པོ་ཆེ་ནས་བྲག་གཡབ་ཏུ་བཀའ་འགྱུར་བཞེངས་པའི་དཀར་ཆག་ལ། 33

5 བདེ་མཆོག་ནག་པོའི་ལུགས་ཀྱི་་བདག་བསྐྱེད་ལ། 23

6 དེའི་བུམ་མདུན་ལ། 13

7 དེའི་དབང་ཆོག་ལ། 20

8 དེའི་ས་ཆོག་ལ། 10

9 དེའི་སྦྱིན་སྲེག་ལ། 7

10 མི་འཁྲུགས་ལྷ་བཅུ་གསུམ་གྱི་སྒྲུབ་དཀྱིལ་དབང་ཆོག་བཅས་ལ། 24

11 སྲད་རྒྱུད་ལུགས་ཀྱི་བླ་མའི་རྣལ་འབྱོར་དང་འཁོར་ཆེན་དུས་འཁོར་བཅས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ལ། 14

12 གསུང་ཐོར་བུ་ལས་མཁའ་སྤྱོད་མའི་སྦྱིན་སྲེག་སོགས་ཡི་དམ་སྒྲུབ་སྐོར་ལ། 6

13 གསུང་ཐོར་བུ་ལས་འཇིགས་བྱེད་སོགས་ཀྱི་རིམ་གཉིས་ཀྱི་ཁྲིད་དང་གཏུམ་མོ་འཕོ་ཁྲིད་བཅས་ལ། 11

14 བདེ་མཆོག་ལག་མཆོད་གསང་འདུས་མགོན་པོ་སོགས་ཀྱི་ཚོགས་འཁོར་བཅས་ལ། 8

15 སྡོམ་གསུམ་སོ་སོའི་བསྔོ་བགྲང་དང་བཤགས་སྡོམ་བྱ་ཚུལ་བདུད་རྩིའི་ཆུ་རྒྱུན་ཉིན་ཞག་ཕྲུགས་གཅིག་གི་ཀུན་སྤྱོད་བཅས་པར།9

16 འཁྲུངས་རབ་གསོལ་འདེབས་ཞབས་བརྟན།འདོད་གསོལ་སོགས་ཐོར་བུ་རྣམས་ལ། 24

17 དམ་ཅན་རྡོར་ལེགས་པའི་གསོལ་ཁ་སོགས་ལ། 6

18 རྗེ་བཙུན་རྣམ་པར་རྒྱལ་མ་ལ་བརྟེན་པའི་བརྟན་བཞུགས་ཀྱི་རིམ་པ་ཕན་བདེའི་སྣང་བའི་དགའ་སྟོན་ལ། 10

དཀར་ཆག་ལ། 1

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།འོན་རྒྱལ་སྲས་སྐལ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་ནི་དབུས་སྟོད་ལ་མོར་ཡབ་ཆོས་རྗེ་བསོད་ནམས་དབང་འདུས་དང༌།ཡུམ་ཉི་མ་བདེ་སྐྱོང་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་ཆེ་ཕག 1743 ལོ་ལ་འཁྲུངས།དགུང་ལོ་བཞི་ལ་འོན་ངེས་གསང་དར་རྒྱས་གླིང་དུ་གདན་ཞུས།དགུང་ལོ་ལྔ་ལ་རྒྱལ་བ་སྐལ་བཟང་རྒྱ་མཚོའི་དྲུང་དུ་གཙུག་ཕུད་ཕུལ།མཚན་བསྐལ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་ཞེས་གསོལ།དགེ་སློང་རྒྱ་མཚོ་རྡོ་རྗེ་བསྟེན་ནས་ཡི་གེ་འབྲི་ཀློག་དང་ཆོས་སྤྱོད་སོགས་གསན་སྦྱོང་མཛད།

དགུང་ལོ་བཅུ་ལ་རྒྱལ་བ་རིན་པོ་ཆེའི་དྲུང་དུ་རབ་བྱུང་བསྒྲུབས།དགོན་ལུང་བཀའ་བཅུ་གྲགས་པ་ཡར་འཕེལ་བསྟེན་ནས་བསྡུས་གྲྭ་བློ་རྟགས་བཅས་གཞུང་ཆེན་ལ་སློབ་གཉེར་མཛད།དགུང་ལོ་བཅོ་ལྔ་ལ་རྒྱལ་བ་བསྐལ་བཟང་རྒྱ་མཚོ་སྐུ་གཤེགས།

དགུང་ལོ་ཉི་ཤུ་ལ་ཕུར་ཅོག་ངག་དབང་བྱམས་པའི་དྲུང་དུ་བསྙེན་རྫོགས་བསྒྲུབས།དེའི་ལོར་རྒྱལ་བ་འཇམ་དཔལ་རྒྱ་མཚོ་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོར་ཕེབས།

དགུང་ལོ་ཉེར་བཞི་ལ་ལྷ་ལྡན་སྨོན་ལམ་ཆེན་མོར་གྲྭ་སྐོར་དམ་བཅའ་མཛད།དགུང་ལོ་ཉེར་ལྔ་ལ་བཀྲ་ཤིས་ལྷུན་པོར་པཎ་ཆེན་རིན་པོ་ཆེ་མཇལ་བར་ཕེབས།རྗེ་འདིས་ཕུར་ཅོག་ངག་དབང་བྱམས་པ།པཎ་ཆེན་དཔལ་ལྡན་ཡེ་ཤེས།ལྕང་སྐྱ་རོལ་པའི་རྡོ་རྗེ་སོགས་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན།

དགུང་ལོ་ཉེར་དྲུག་ནས་མི་ལོ་ལྔ་གསུམ་ཙམ་རིང་འོན་ཕུར་སྒྲུབ་པ་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ།དགུང་ལོ་རེ་དགུ་སྟེ་ལྕགས་ལུག་ 1811 ལོ་ལ་གཤེགས།འདིར་གསུང་པོད་གསུམ་བཞུགས།

བརྒྱུད་འགོད།