ཁ་དྲོན་ནང་པ་རྗེ་བཙུན་བློ་བཟང་བསྟན་འཛིན་གྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-31 16:28:09     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།    ཀློག་ཐེངས།  

20100226180456393.jpg 

པར་བོད།ཤོག་གྲངས།

00764

1 བཀའ་གདམས་ཀྱི་དགེ་བའི་བཤེས་གཉེན་གནས་བརྟན་ཆེན་པོ་ཁ་དྲོན་ནང་པ་རྗེ་བཙུན་བློ་བཟང་བསྟན་འཛིན་གྱི་རྣམ་ཐར་དད་པའི་སྒོ་བྱེད་ལ།31

2 བླ་མའི་རྣལ་འབྱོར་དང་ལྷག་པའི་ལྷ་འགའ་ཞིག་གི་སྒྲུབ་ཐབས་སོགས་ལ།13

3 བཅོམ་ལྡན་འདས་གཙུག་ཏོར་རྣམ་རྒྱལ་མའི་མངོན་རྟོགས་ལ། 8

4 རྣམ་འཇོམས་སྒྲུབ་ཐབས་ལ། 8

5 རི་ཁྲོད་བསམ་གཏན་གླིང་གི་བཅའ་ཡིག་ལ། 2

6 སྐུ་གསུང་ཐུགས་རྟེན་རབ་གནས་བྱ་ཚུལ་ལ། 12

7 ཀུན་རིག་གི་སྦྱིན་སྲེག་བྱ་ཚུལ་ལ། 10

8 ཡེ་ཤེས་ཁྱུང་ཁྲའི་སྒྲུབ་ཐབས་གདུང་སེལ་ལ། 6

9 ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པའི་སྨྱུང་ཆོག་ལ། 14

10 བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་སྒྲུབ་ཐབས་ལ། 14

11 འཇམ་དབྱངས་དམར་སེར་གྱི་སྒྲུབ་ཐབས་ལ། 9

12 མྱུར་མཛད་བླ་མ་མགོན་པོའི་བརྒྱུད་འདེབས་ལ། 2

13 ཐུགས་རྗེ་ཆེན་པོའི་སྨོན་ལམ་ལ། 1

14 འཕགས་པ་ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པའི་ལྷན་ཐབས་ལ། 12

15 མཁས་གྲུབ་བློ་བཟང་བསྟན་འཛིན་གྱིས་མཛད་པའི་སྨོན་ཚིག་ལ། 2

16 སྨྱུང་གནས་བླ་བརྒྱུད་ལ། 2

17 རང་གཞན་རྣམས་ཀྱི་སྒོ་གསུམ་གྱིས་བསྐྲུན་པའི་རྣམ་དཀར་དགེ་ཚོགས་བསྔོ་བྱང་གསེར་འགྱུར་རྩི་ལ། 5

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །ཁ་དྲོན་ནང་པ་བློ་བཟང་བསྟན་འཛིན་ནི་མདོ་སྨད་ཤར་རྒྱུད་གྲོ་ཆེན་གྱི་ཡུལ་དུ་ཡབ་ཚེ་རིང་དོན་གྲུབ་དང་ཡུམ་ཀླུ་མོ་ཡག་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ལྕགས་ཁྱི་1730 ལོ་ལ་འཁྲུངས།དགུང་ལོ་བདུན་པར་ཁྱར་དགེ་བློ་གྲོས་རྒྱ་མཚོའི་མདུན་དགེ་བསྙེན་བསྒྲུབས།དེ་རྗེས་ཁྱར་དགེ་བློ་གྲོས་བསོད་ནམས་མདུན་དུ་རབ་ཏུ་བྱུང༌།མཚན་བློ་བཟང་བསྟན་འཛིན་གསོལ།དགུང་ལོ་ཉེར་གཅིག་པར་སློབ་དཔོན་བརྩོན་འགྲུས་བཟང་པོའི་མདུན་དགེ་ཚུལ་དང༌།བསྙེན་རྫོགས་ཀྱི་སྡོམ་པ་བཞེས།དཀའ་སྤྱད་ཀྱིས་ཉམས་ལེན་དང་ཆོས་འཆད་དབང་ལུང་གནང་བ་སོགས་ཀྱིས་དུས་འདའ་བར་མཛད།དགུང་ལོ་རེ་དྲུག་སྟེ་ཤིང་ཡོས1795 ལོ་ལ་སྐུ་གཤེགས།འདིར་གསུང་འབུམ་པོད་གཅིག་བཞུགས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

 

 

                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

 
བརྒྱུད་འགོད།