ཀུན་མཁྱེན་འཇིགས་མེད་དབང་པོའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-31 16:26:49     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།    ཀློག་ཐེངས།  

 01300000496856125966377567013.jpg

པར་པོད།ཤོག་གྲངས།

00752 ཀ་

1 དུས་གསུམརྒྱལ་བའི་སྤྱི་གཟུགས་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་ཞལ་སྔ་ནས་ཀྱི་རྣམ་ཐར་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་ལ། 278

2 གསང་བའི་རྣམ་ཐར་ལ། 5

00752 ཀ་

1 དུས་གསུམརྒྱལ་བའི་སྤྱི་གཟུགས་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་ཞལ་སྔ་ནས་ཀྱི་རྣམ་ཐར་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་ལ། 278

2 གསང་བའི་རྣམ་ཐར་ལ། 5

00753 ཁ་

1 ཆོས་ཀྱི་རྗེ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་རྣམ་པར་ཐར་པ་དད་པ་དང་ལྡན་པ་དག་ལ་གཏམ་དུ་བྱ་བ་ངོ་མཚར་གངྒྰའི་ཆུ་རྒྱུན་ལ། 37

2 མཁས་ཤིང་གྲུབ་པའི་དབང་ཕྱུག་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་རྣམ་ཐར་ངོ་མཚར་སྐལ་བཟང་འཇུག་ངོགས་ལ། 123

3 རྗེ་བཙུན་བླ་མ་ཐམས་ཅད་མཁྱེན་པ་ལྕང་སྐྱ་རྡོ་རྗེའི་འཁྲུངས་རབས་ཀྱི་ཕྲེང་བ་གཏམ་དུ་བརྗོད་པ་ངོ་མཚར་དད་པའི་ལྗོན་ཤིང་ལ། 121

4 སྐྱེ་རྒུའི་འདྲེན་མཆོག་དམ་པ་བྲག་གཡབ་ཆུང་ཚང་སྤྲུལ་པའི་སྐུ་རིན་པོ་ཆེ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་གི་རྣམ་ཐར་དད་པའི་སྒོ་འབྱེད་ལ། 13

5 དཔལ་ལྡན་བླ་མ་ཀུན་སྤང་ཆེན་པོ་ངག་དབང་བློ་བཟང་དཔལ་བཟང་པོའི་རྣམ་ཐར་དད་པའི་མྱུ་གུ་ལ། 16

6 གདན་ས་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་གདན་རབས་མུ་ཏིག་ཕྲེང་བ་ལ། 42

00754 ག་

1 རྗེ་བླ་མ་སྲིད་ཞིའི་གཙུག་ལྡན་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་ཐར་ཉི་མའི་འོད་ཟེར་སྟོད་ཆ་ལ། 355

00755 ང་

1 རྗེ་བླ་མ་སྲིད་ཞིའི་གཙུག་ལྡན་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་ཐར་ཉི་མའི་འོད་ཟེར་སྨད་ཆ་ལ། 291

00756 ཅ་

1 བདེ་བར་གཤེགས་པའི་བཀའི་དགོངས་འགྲེལ་བསྟན་བཅོས་འགྱུར་རོ་ཅོག་པར་དུ་སྒྲུབ་པའི་ཚུལ་ལས་ཉེ་བར་བརྩམས་པའི་གཏམ་ཡང་དག་པར་བརྗོད་པ་དཀར་ཆག་ནོར་བུའི་ཕྲེང་བ་ལ། 264

2 དགེ་ལྡན་ཆོས་འབྱུང་ནོར་བུའི་ཕྲེང་བ་ལ། 85

3 མཁས་གྲུབ་ཐམས་ཅད་མཁྱེན་པ་དགེ་ལེགས་དཔལ་བཟང་པོའི་རྣམ་ཐར་ལ། 13

00757 ཆ་

1 བསྟན་བཅོས་ཆེན་པོ་དབུ་མ་འཇུག་པའི་མཐའ་དཔྱོད་ལུང་རིགས་སྒྲོན་མེ་ལ། 242

2 གྲྭ་པའི་མཐའ་རྣམ་པར་གཞག་པ་རིན་ཆེན་ཕྲེང་བ་ལ། 26

3 བསམ་གཟུགས་ཆེན་མོ་ལས་མདོར་བསྡུས་ཏེ་བཀོད་པ་བསམ་གཟུགས་ཀྱི་རྣམ་གཞག་ལེགས་བཤད་བུམ་བཟང་ལ། 35

4 དངོས་བརྒྱད་དོན་བདུན་ཅུའི་རྣམ་གཞག་མདོར་བསྡུས་ལ། 9

5 མཁྱེན་གསུམ་གྱི་རྣམ་པ་བརྒྱ་དང་དོན་གསུམ་གྱི་རང་བཞིན་ཡང་དག་པར་བརྗོད་པ་ལེགས་བཤད་པདྨ་དཀར་པོའི་འཁྲི་ཤིང་ལ། 10

6 ཕར་ཕྱིན་སྐབས་བརྒྱད་པའི་མཐའ་དཔྱོད་མདོར་བསྡུས་ལ། 39

00758 ཇ་

1 དམ་པའི་ཆོས་མངོན་པ་མཛོད་ཀྱི་དོན་ལེགས་པར་བཤད་པ་རིན་པོ་ཆེའི་གྲུ་གཟིངས་གནས་དང་པོ་ལ། 382 གནས་གཉིས་པ་ལ། 49

3 གནས་གསུམ་པ་ལ། 61

4 གནས་བདུན་པ་ལ། 26

5 རྟེན་འབྲེལ་རྩོམ་འཕྲོ་ཅན་གྱི་སྐོར་ལ། 36

6 ས་ལམ་གྱི་རྣམ་གཞག་ཐེག་གསུམ་མཛེས་ལྡན་ལ། 22

7 མདོ་རྒྱུད་བསྟན་བཅོས་དུ་མ་ནས་འབྱུང་བའི་ཆོས་ཀྱི་རྣམ་གྲངས་ཤེས་ལྡན་ཡིད་ཀྱི་དགའ་སྟོན་ལ། 34

8 དཀོན་མཆོག་རྗེས་སུ་དྲན་པའི་མདོའི་དགོངས་འགྲེལ་དོན་གསལ་སྒྲོན་མེ་ལ། 27

9 ལྟ་བའི་གསུང་མགུར་གྱི་འགྲེལ་པ་ཚིག་གི་སྒྲོན་མེ་ལ། 11

10 གསོལ་འདེབས་ཀཻ་ཏ་ཀའི་ཕྲེང་མཛེས་ཀྱི་རྣམ་བཤད་ཚིག་དོན་རབ་གསལ་ལ། 26

11 རྣམ་འགྲེལ་གྱི་རྣམ་བཤད་རིགས་པའིརྒྱ་མཚོའི་འགོ་མུག་བར་གསུམ་གྱི་སྙན་ངག་གི་ཚིག་འགྲེལ་པ་མདོར་བསྡུས་ལ། 9

12 འཕགས་མཆོག་སྤྱན་རས་གཟིགས་ཀྱི་གསོལ་འདེབས་ཕན་བདེའི་ཆར་འབེབས་ཀྱི་འགྲེལ་པ་མདོར་བསྡུས་ལ། 9

13 འཇམ་དབྱངས་སྨྲ་སེང་གི་བསྟོད་འགྲེལ་བར་དོ་འཕྲང་སྒྲོལ་གྱི་འགྲེལ་པ་མགོན་པོའི་སྒྲུབས་ཐབས་ཀྱི་རྣམ་བཤད་དང་བཅས་པ་ལ། 21

00759 ཉ་

1 སྐྱེས་རབས་ཀྱི་ས་བཅད་ལ། 9

2 སྐྱེས་རབས་སོ་བཞི་པའི་འགྲེལ་པ་མཁས་པའི་མགྲིན་ལྡན་ལ། 83

3 པད་དཀར་ཆོས་གླིང་གི་མཚན་ཉིད་བླ་མ་རྒྱལ་མཚན་དོན་གྲུབ་ཀྱི་དྲིས་ལན་སོགས་ཀྱི་སྐོར་ལ། 21

4 ལམ་རིམ་དམར་ཁྲིད་འཇམ་དཔལ་ཞལ་ལུང་གི་སྔོན་འགྲོ་སྦྱོར་བའི་ཆོས་དྲུག་ཉམས་སུ་ལེན་ཚུལ་ལ། 13

5 བྱང་ཆུབ་ལམ་གྱི་རིམ་པའི་དམིགས་སྐོར་མདོར་བསྡུས་བྱིན་རླབས་གཏེར་མཛོད་ལ། 23

6 ཞལ་གདམས་མགུར་མའི་སྐོར་ལ། 18

7 འཇམ་དབྱངས་ཆོས་ཀྱི་རྒྱལ་པོ་དཀོན་མཆོག་འཇིགས་མེད་དབང་པོའི་གསུང་འབུམ་སྣ་ཚོགས་ཀྱི་སྐོར་ལ། 18

8 སླད་ནས་བསྡུས་པའི་ཐོར་བུ་བའི་རིམ་པ་ལ། 17

9 བླ་མའི་རྣལ་འབྱོར་གྱི་རིམ་པ་དངོས་གྲུབ་ཀུན་འབྱུང་ལ། 43

10 རང་བསྟོད་གསོལ་འདེབས་ཀྱི་སྐོར་ལ། 26

11 བརྒྱུད་འདེབས་ཀྱི་སྐོར་ལ། 19

12 རྡོ་རྗེ་འཆང་ཆེན་པོ་དཀོན་མཆོག་འཇིགས་མེད་དབང་པོའི་བཀའ་རྩོམ་ལས་བསྟོད་ཚོགས་ཀྱི་རིམ་པ་དོན་ལྡན་ཚངས་པའི་སྒྲ་དབྱངས་ལ། 36

13 སྐྱེས་བུ་དམ་པ་རྣམས་ལ་ཞབས་བརྟན་གསོལ་འདེབས་ཀྱི་རིམ་པ་བྱིན་རླབས་རོལ་མཚོ་ལ། 48

14 ཡང་སྲིད་མྱུར་བྱོན་གྱི་སྐོར་ལ། 20

00760 ཏ་

1 རྡོ་རྗེ་ཕྲེང་བའི་དབང་ཆོག་ལ། 21

2 མི་ཏྲ་བརྒྱ་རྩའི་བླ་མེད་ཀྱི་དབང་ཆོག་དངོས་གཞི་ངག་འདོན་གྱི་རིམ་པ་བསྒྲིགས་པ་ལ། 20

3 ཚེ་ཆོག་འཆི་མེད་བུམ་བཟང་ལ། 38

4 མ་ཅིག་གྲུབ་པའི་རྒྱལ་མོ་ནས་བརྒྱུད་པའི་ཚེ་དཔག་མེད་ལྷ་གཅིག་བུམ་གཅིག་གི་སྒོ་ནས་ཚེ་དབང་བསྐུར་ཚུལ་ཞིབ་ཏུ་བརྗོད་པ་ཚེ་དཔལ་པདྨོ་རྒྱས་པའི་ཉིན་བྱེད་ལ། 18

5 འཕགས་པ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དབང་གི་མཚམས་སྦྱོར་པདྨ་དཀར་པོའི་མྱུ་གུ་ལ། 19

6 ནམ་མཁའ་སྒོ་འབྱེད་ཀྱི་བྱིན་རླབས་བྱ་ཚུལ་བཀླགས་པས་དོན་གྲུབ་ལ། 12

7 རྡོ་རྗེ་འཇིགས་བྱེད་ལྷ་ཞེ་དགུའི་སྒྲུབ་ཐབས་དཔག་བསམ་སྙེ་མ་ལ། 24

8 རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་སྒྲུབས་ཐབས་བདུད་ལས་རྣམ་རྒྱལ་གྱི་ངག་འདོན་ཁྲིགས་ཆགས་སུ་བསྡེབས་པ་ལ། 20

9 དེའི་སྒྲུབ་ཐབས་མདོར་བསྡུས་རིན་ཆེན་བུམ་བཟང་ལ། 10

10 འཇམ་དཔལ་གཤིན་རྗེའི་དགྲ་ནག་གི་སྨོན་ལམ་ཤེས་བརྗོད་པད་དཀར་ཕྲེང་བ་ལ། 4

11 སྤྱན་རས་གཟིགས་ཀྱི་དམར་ཁྲིད་སྙིང་པོ་དོན་གསུམ་གྱི་གདམས་ངག་ ཉམས་སུ་ལེན་ཚུལ་དྲི་མེད་ཆུ་རྒྱུན་ལ། 9

12 སྒྲོལ་མ་མན་ཌལ་བཞི་པའི་ཆོ་ག་དཔག་བསམ་སྙེ་མ་ལ། 13

13 ཚེ་བདག་མགོན་པོ་ལ་བརྟེན་ནས་ཚེའི་དངོས་གྲུབ་སྒྲུབ་པའི་ཆོ་ག་འཆི་མེད་འདོད་འཇོའི་བུམ་བཟང་ལ། 9

14 ཡི་དམ་སྒྲུབ་སྐོར་གྱི་རིམ་པ་དགོས་འདོད་ཀུན་འབྱུང་ལ། 111

15 ཀུན་རིག་གི་བསྙེན་ཡིག་དང་སྦྱིན་སྲེག་གི་རིམ་པ་སོགས་སྡིག་ལྟུང་མུན་པ་སེལ་བའི་ཉིན་བྱེད་ལ། 61

16 གཅོད་ཀྱི་རྒྱུན་ཁྱེར་མདོར་བསྡུས་ལ། 15

17 དམིགས་བརྩེ་མ་ལ་བརྟེན་པའི་ཆར་འབེབས་བྱ་ཚུལ་གྱི་ལྷན་ཐབས་ལ། 10

18 དགེ་ལྡན་རིལ་སྒྲུབ་བྱ་ཚུལ་ལག་ཏུ་བླངས་བདེ་བར་བཀོད་པ་བྱིན་རླབས་ཆར་འབེབས་ལ། 6

19 རབ་གནས་སྐྱེ་བཤད་པ་སྐལ་བཟང་ཁ་འབྱེད་ལ། 9

20 བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་སོགས་ཀྱི་ཕན་ཡོན་བཤད་པ་དགེ་ལེགས་རིན་ཆེན་འདྲེན་པའི་ཤིང་རྟ་ལ། 25

00761 ཐ་

1 དཀོན་མཆོག་འཇིགས་མེད་དབང་པོའི་འཕྲིན་ཡིག་སྙན་ངག་གི་རིམ་པ་བུང་བ་སྨྱོས་པའི་སྒྲ་དབྱངས་ལ། 59

2 དཀར་ཆག་དང་བཅའ་ཡིག་གི་རིམ་པ་ཤེལ་དཀར་མེ་ལོང་ལ། 95

3 དཀོན་མཆོག་འཇིགས་མེད་དབང་པོའི་གསུང་འབུམ་ལས་བཤད་པའི་རིམ་པ་མུ་ཏིག་ཕྲེང་བ་ལ། 54

4 དགེ་བའི་བཤེས་གཉེན་བསོད་ནམས་དབང་རྒྱལ་གྱིས་ཞུས་པའི་ཁྲི་བཤད་ལ། 6

5 དཔལ་ལྡན་དམག་ཟོར་རྒྱལ་མོའི་སྒོ་ནས་ཤོ་མོ་བརྟག་ཚུལ་ཀུན་གསལ་མེ་ལོང་ལ། 11

6 བསྐང་གསོའི་ལེ་ཚན་ལ། 59

7 བསྟན་སྲུང་རྒྱ་མཚོའི་གཏོར་འབུལ་གྱི་སྐོར་ལ། 31

8 བསངས་མཆོད་ཀྱི་རིམ་པ་དངོས་གྲུབ་ཀྱི་རོལ་མཚོ་ལ། 97

9 ཆོས་སྤྱོད་འགའ་ཞིག་གི་ས་བཅད་དང་སྨོན་ཚིག་གི་རིམ་པ་ལེགས་ཚོགས་དོན་གྲུབ་ལ། 26

00762 ད་

1 རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་ཟབ་པ་དང་རྒྱ་ཆེའི་དམ་པའི་ཆོས་ཀྱི་གསན་ཡིག་ཐུབ་བསྟན་མཛེས་ལྡན་གསུང་རབ་རིན་པོ་ཆེའི་འབྱུང་གནས་མ་དྲོས་ཀླུང་ཆེན་ཞེས་པའི་སྟོད་ཆ་ལ། 283

00763 ན་

1 དཀོན་མཆོག་འཇིགས་མེད་དབང་པོའི་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་གསན་ཡིག་ཐུབ་བསྟན་མཛེས་ལྡན་གསུང་རབ་རིན་པོ་ཆེའི་འབྱུང་གནས་མ་དྲོས་ཀླུང་ཆེན་ཞེས་པའི་སྨད་ཆ་ལ། 245

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །ཀུན་མཁྱེན་འཇིགས་མེད་དབང་པོ་ནི་མདོ་སྨད་སྣང་རའི་གསེར་ཁང་དུ་རུས་ཆེན་བཞིའི་ཡ་གྱལ་ལྡོང་གི་རིགས་སུ་དཔོན་འབུམ་ཡག་གི་ཡང་ཚ་ཕ་གཙུག་ཏོར་ངག་དབང་རྣམ་རྒྱལ་དང༌།ཡུམ་རྣམ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ས་སྤྲེ་1728 ལོ་ལ་འཁྲུངས།དགུང་ལོ་དྲུག་ཐོག་འདུལ་འཛིན་དོན་གྲུབ་རྒྱ་མཚོའི་ས་ནས་རབ་བྱུང་སྡོམ་པ་ཞུས་ཏེ།མཚན་ངག་དབང་ལྡན་མཚན་གསོལ།དགུང་ལོ་བདུན་ལ་ཕྱེ་ཐང་རི་ཁྲོད་དུ་ཀློག་བསླབས་པས་དཀའ་ཚེགས་མེད་པར་མཁྱེན།དགུང་ལོ་བཅུ་གསུམ་ལ་སྟོང་འཁོར་རིན་པོ་ཆེ་ངག་དབང་བསོད་ནམས་ཀྱི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ངག་དབང་འཇམ་དབྱངས་འཕྲིན་ལས་རྒྱལ་མཚན་བཏགས།དགུང་ལོ་བཅོ་ལྔར་འཇམ་བཞད་སྤྲུལ་སྐུར་ངོས་འཛིན་ཞུས།དགུང་ལོ་བཅུ་དྲུག་ལ་བཀྲ་ཤིས་འཁྱིལ་བླ་བྲང་དུ་གསེར་ཁྲིར་མངའ་གསོལ།དགུང་ལོ་ཉེར་གཉིས་ཐོག་ལྕང་སྐྱ་རོལ་པའི་རྡོ་རྗེའི་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།མཚན་དཀོན་མཆོག་འཇིགས་མེད་དབང་པོ་ཡེ་ཤེས་བརྩོན་འགྲུས་ཞེས་གསོལ།དགུང་ལོ་ཉེར་བཞི་བར་མདོ་སྨད་བཀྲ་ཤིས་འཁྱིལ་དུ་གསན་སྦྱོང་མཛད།དགུང་ལོ་ཉེར་ལྔར་དབུས་ཕྱོགས་སུ་ཕེབས་ནས་རྒྱལ་བའི་དབང་པོ་བསྐལ་བཟང་རྒྱ་མཚོ་དངོས་མཇལ་གྱིས་བསླབ་སྟོན་གྲལ།དེའི་ལོ་བླ་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས།གཞུང་ཆེན་བཀའ་པོད་ལྔར་གསན་བསམ་མཛད།དེ་ནས་ཀླུ་འབུམ་བློ་བཟང་དར་རྒྱས་དང༌།ཕུར་ཅོག་བྱམས་པ་རིན་པོ་ཆེ།སྟག་ཕུ་བློ་བཟང་བསྟན་པའི་རྒྱལ་མཚན་བཅས་དགེ་བའི་བཤེས་གཉེན་དུ་མའི་དྲུང་ནས་མདོ་སྔགས་ཀྱི་ཆོས་ཁ་མང་དུ་ཞུས།དགུང་ལོ་སོ་གསུམ་ལ་མདོ་སྨད་དུ་གདན་སར་ཕྱིར་ཕེབས་ནས་གླིང་བསྲེའི་མཚན་བཏགས་མཛད།དགོན་ལུང་བྱམས་པ་གླིང་གི་ཁྲིར་བཞུགས།དགུང་ལོ་ང་བདུན་ལ་དབུས་སུ་ཕེབས།དགུང་ལོ་ང་བརྒྱད་ལོ་རྒྱལ་དབང་ཐམས་ཅད་མཁྱེན་པ་འཇམ་དཔལ་རྒྱ་མཚོ་མཆོག་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་དབུས་སུ་སྤྱན་འདྲེན་གྱིས་དགེ་འདུན་ཁྲི་ཕྲག་ལ་བསྙེན་བཀུར་ཉིན་འཁྱོངས་གཟབ་རྒྱས་ཞུས།ཀུན་མཁྱེན་གོང་མའི་རྣམ་ཐར་ཡིད་འཕྲོག་ལེགས་བཤད་དང༌།སྐྱེས་རབས་སོ་བཞིའི་འགྲེལ་པ།དགེ་ལྡན་ཆོས་འབྱུང༌།ཅོ་ནེའི་བཀའ་འགྱུར་དཀར་ཆག་བཅས་གསར་དུ་བརྩམས།དགོན་ལུང་གི་ཡིག་ཆའི་པར་གསར་བརྐོ་མང་པོ་མཛད།དགུང་ལོ་ང་དགུར་མདོ་སྨད་དུ་ཕེབས།དབུས་གཙང་དང་མདོ་སྨད་ཁུལ་བཅས་པར་ཆོས་འཁོར་མཐའ་ཀླས་བསྐོར།དགུང་ལོ་རེ་བཞི་སྟེ་ལྕགས་ཕག 1791 ལོར་སྐུ་གཤེགས།འདིར་གསུང་འབུམ་པོད་བཅུ་གཉིས་བཞུགས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

 

 

                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

 
བརྒྱུད་འགོད།