དངུལ་ཆུ་ངག་དབང་རྡོ་རྗེའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-31 16:25:08     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།    ཀློག་ཐེངས།  

 723.JPG

པར་པོད།ཤོག་གྲངས།

00751

1 འདུལ་བའི་ཆོ་ག་ལས་དེང་དུས་མཁོ་བ་འགའ་ཞིག་ཟུར་དུ་བཀོད་པ་ལ། 11

2 འཕགས་པ་སྤྱན་རས་གཟིགས་སྐྱེ་བསྟོད་པ་པོ་བསྟོད་ཀྱི་འགྲེལ་པ་དོན་ཡོད་རྡོ་རྗེས་མཛད་པ་ལས།7

3 གཏོར་མ་བརྒྱ་རྩ་ཆ་ལག་ཚང་བ་ཐམས་ཅད་མཁྱེན་པ་དབེན་ས་པས་མཛད་པ་ལྷན་ཐབས་དང་བསྲེས་པ་ལ། 10

4 གཏོར་མའི་བཤད་ཁྲིད་ལེགས་བཤད་དོན་བསྡུས་གཞན་ཕན་རབ་གསལ་ལ། 17

5 ཡི་དམ་ཆེན་པོ་རྡོ་རྗེ་འཇིགས་བྱེད་སྐྱེ་བཀའ་བསྒོ་བྱ་ཚུལ་དང༌།གཟུངས་བཞུགས་འབུལ་ཚུལ་གྱི་ལག་ལེན་རྣམ་པར་དག་པ་ལ། 6

6 རྗེ་མཁས་གྲུབ་དམ་པ་ངག་དབང་རྡོ་རྗེའི་བསམ་སྤྱོད་ངེས་གཏམ་ལ། 1

7 འཆི་བདག་འབྱུང་པོའི་གཏོར་མ་རང་གཞན་གྱི་འཆི་བ་བླུ་བའི་ཚུལ་དུ་གཏོར་བ་ལ། 1

8 ལྷ་ཆོས་དང༌།མི་ཆོས་འབྲེལ་བའི་བསླབ་བྱ་ནོར་ཕྲེང་ལ། 5

9 བློ་གྲོས་ཀྱི་འཇུག་སྒོ་འབྱེད་པར་བྱེད་པའི་ཐབས་ཤེས་ངོ་སྤྲོད་ཚིག་ཏུ་སྒྲིགས་པ་ལ། 11

10 བརྡ་གསར་རྙིང་གི་ཁྱད་པར་བསྟན་པ་གསར་བུའི་བློ་གྲོས་ཉིན་བྱེད་ལ། 6

11 བོད་སྐྱེ་བརྡའི་བྱེ་བྲག་སོ་སོར་ཕྱེ་བ་དག་བྱེད་གསལ་བའི་མེ་ལོང་ལ། 23

12 ཐུབ་བསྟན་རིན་པོ་ཆེ་ལ་ལོག་པར་སྤྱོད་པ་ཅུང་ཟད་བསུན་འབྱིན་པ་ལ། 13

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །དངུལ་ཆུ་ངག་དབང་རྡོ་རྗེ་ནི་གཙང་གྲོ་འཁོར་བཀྲ་ཤིས་ཁང་གསར་དུ་རབ་བྱུང་བཅུ་གཉིས་པ་ལྕགས་བྱི་1720 ལོ་འཁྲུངས།མཚན་ལྷ་བཙན་རྡོ་རྗེར་གསོལ།དེ་ནས་བཀྲས་དགེའི་སློབ་དཔོན་དགེ་འདུན་ཡར་འཕེལ་ལ་གཙུག་ཕུད་སྤྲུལ་བས་མཚན་དགེ་འདུན་རྡོ་རྗེ་གནང༌།དེ་རྗེས་ཆོས་རྗེ་ངག་དབང་དར་པོའི་དྲུང་དགེ་ཚུལ་བསྒྲུབས་པས་མཚན་ངག་དབང་རྡོ་རྗེར་གསོལ།དེ་ལྟར་མཚན་ལན་གསུམ་བྱུང་ཡང་རྡོ་རྗེའི་སྒྲ་མ་བསྒྱུར་བ་དེ་ཚེ་རིང་པོ་གནས་པའི་རྟེན་འབྲེལ་ཡིན་གསུངས།བཞད་དགེ་འཕེལ་དུ་གསན་སྦྱོང་མཛད་པ་དང༌།ཁོང་གི་ཐུགས་སྲས་དངུལ་ཆུ་རྡརྨ་བྷ་ཊར་རབ་བྱུང་གི་སྡོམ་པ་དང༌།མདོ་སྔགས་ཀྱི་ཟབ་ཆོས་བུམ་ས་གང་བྱོས་སུ་གནང༌།སྐུ་ཚེ་ཕལ་ཆེར་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བར་མཛད།དགུང་ལོ་གྱ་བཞི་སྟེ་ཆེ་ཕག 1803ལོ་སྐུ་གཤེགས།གསུང་འབུམ་པོད་གསུམ་ཡོད་འཁོད་ཀྱང་འདིར་པོད་གཅིག་བཞུགས།

  རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

 

 

 

                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།