བཀའ་འགྱུར་བ་བློ་བཟང་ཚུལ་ཁྲིམས་སམ་མེར་ཀེན་ཆོས་རྗེའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-31 16:18:38     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།    ཀློག་ཐེངས།  

723.JPG

 པར་པོད།ཤོག་གྲངས།

00749 ག་

1 དཔལ་གསང་བ་འདུས་པའི་བརྒྱུད་རིམ་གསོལ་འདེབས་ལ། 3

2 གསང་བ་འདུས་པའི་གསོལ་འདེབས་བྱིན་རླབས་ཉེར་འཇུག་ལ། 2

3 དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་བརྒྱུད་རིམ་གསོལ་འདེབས་ལ། 3

4 དྲིལ་བུ་ལྷ་ལྔའི་བརྒྱུད་འདེབས་མུ་ཏིག་ཕྲེང་བ་ལ། 3

5 གྲུབ་ཆེན་དྲིལ་བུ་ལྷ་ལྔའི་སྒྲུབ་ཐབས་ལ། 24

6 དྲིལ་བུ་ལྷ་ལྔའི་མདུན་བསྐྱེད་ལ། 12

7 མཆོག་རོ་སྲེག་པའི་ཆོ་ག་གཞན་ཕན་དངོས་གྲུབ་ཀྱི་རྒྱ་མཚོ་ལ། 42

8 དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་སྒྲུབ་མཆོད་དང་འབྲེལ་བའི་ཞི་བའི་སྦྱིན་སྲེག་ལག་ལེན་གྱི་རིམ་པ་ལ། 15

9 རོ་སྲེག་སྡིག་སྦྱོང་མུན་སེལ་སྒྲོན་མེ་ཐར་ལམ་གསལ་བྱེད་ལ། 14

10 བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་ཆོ་གའི་ལྷན་ཐབས་ཤིན་ཏུ་བསྡུས་པ་གསལ་བའི་སྒྲོན་མེ་ལ།19

11 ཀུན་རིག་གི་དཀྱིལ་འཁོར་སྒྲུབ་མཆོད་དང་འབྲེལ་བའི་ཞི་བའི་སྦྱིན་སྲེག་གི་ལག་ལེན་ལ། 50

12 ལྷོ་སྒོའི་ཆོ་ག་ཐར་ལམ་གསལ་བྱེད་ལ། 17

13 ཀུན་རིག་གི་ཆོ་གའི་ཡན་ལག་ཕྱུག་རྒྱ་སྤྱིའི་ཟུར་འདེབས་བློ་གསལ་དགའ་བའི་ཟློས་གར་ལ། 6

14 ཀུན་རིག་གི་སྒྲུབ་ཐབས་ཁྱེར་བདེ་ངན་སོང་སྒོ་འགེགས་ལ། 7

15 བླ་བྲང་ཆོས་སྐྱོང་ཆེན་པོའི་བསངས་མཆོད་བར་ཆད་ཀུན་སེལ་ལ། 2

16 རི་ཁྲོད་ལོ་མ་གྱོན་མའི་མངོན་རྟོགས་རིམས་ནད་ཚ་གདུང་སེལ་བའི་ག་བུར་ཐིགས་པ་ལ། 1

17 འཇམ་པའི་ན་ག་རཀྵའི་བསྟོད་པ་ཀླུ་ནད་ཀུན་སེལ་དང༌།ས་བྱིན་གྱི་བརླབས་ཤིང་གཟུང་བའི་ཆོ་ག་ལ། 1

18 སློབ་མ་རྗེས་འཛིན་བྱ་ཚུལ་ལ། 1

19 ཇ་མཆོད་བསམ་དོན་དོན་གྲུབ་མ་དང་ཇ་མཆོད་འཕྲིན་ལས་མྱུར་གྲུབ་མ་ལྷག་བསམ་དཀར་བའི་ཚིགས་བཅད་ལ།3

20 དབྱངས་ཅན་ལྷ་མོ་དཀར་མོའི་བསྟོད་བསྐུལ་ལ། 1

21 ལྷ་མོ་དབྱངས་ཅན་མའི་གསང་སྒྲུབ་མུན་སེལ་སྒྲོན་མེ་ལ། 2

22 ཕྱུག་ཆེན་དམིགས་རིམ་གྱི་ཟུར་མཁོ་རྣ་བའི་བཅུད་ལེན་ལ། 2

23 འོད་དཔག་མེད་ཀྱི་སྒྲུབ་ཐབས་ཆེ་ཀྱིས་གསར་པའི་ཕྲེང་བ་ལ། 1

24 མ་ཅིག་ལབ་ཀྱི་སྒྲོན་མའི་སྒྲུབ་ཐབས་ལ། 3

25 མགོན་པོའི་སྤོས་སྦྱོར་གུ་གུལ་ཉུང་ཀར་སྒྲུབ་ཚུལ་སོགས་མགོན་པོའི་བསྙེན་སྒྲུབ་སྐོར་ལ། 9

26 མ་ཎི་རིལ་སྒྲུབ་ཀྱི་ཆོ་ག་ལག་ལེན་མདོར་བསྡུས་ཤེལ་དཀར་མེ་ལོང་དང་ལྷ་མོའི་གཤེགས་གཏོར་འབུལ་ཚུལ་ལ། 8

27 ཁྲོ་མོ་སྨེ་བརྩེགས་ཀྱི་མངོན་རྟོགས་གྲིབ་སེལ་དབང་པོ།ཐམ་ཕུད་ངོ་མཚར་ཕུལ་བྱུང་མ་ལ། 1

28 དཔལ་ལྡན་ལྷ་མོའི་མཆོད་གཏོར་འབུལ་ཚུལ་ལ། 1

29 ཇོ་བོའི་ཞལ་གཟིགས་མར་གྲགས་པའི་ཛམྦྷ་ལ་འབྲུག་བཞོན་གཙོ་འཁོར་ལྔ་པ་པའི་སྒྲུབ་ཐབས་ལ། 2

30 ཛམ་དཀར་སྒྲུབ་ཐབས་ལ། 1

31 སྣ་ཚོགས་ཡུམ་གྱི་མངོན་རྟོགས་ལ། 2

32 ཡིག་དྲུག་གི་སྒོ་ནས་སད་དང་སེར་བ་ཟློག་ཐབས་ལ། 2

00750 ང་

1 བླ་མའི་རྣལ་འབྱོར་དངོས་གྲུབ་ཀུན་འབྱུང་ལ། 6

2 བྱིན་རླབས་ཉེ་བརྒྱུད་ཀྱི་བླ་མའི་རྣལ་འབྱོར་དངོས་གྲུབ་འདོད་འཇོ་ལ། 4

3 བླ་མའི་རྣལ་འབྱོར་བཅུ་གཅིག་ཞལ་སེམས་དཔའ་གསུམ་བརྩེགས་ལ། 4

4 བླ་མའི་རྣལ་འབྱོར་དངོས་གྲུབ་བང་མཛོད་དང་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ལ། 4

5 བདེ་གཤེགས་བདུན་གྱི་གསོལ་འདེབས་བསླབ་བྱ་ཡི་གེ་བྲིས་པའི་ཕན་ཡོན་བཅས་ལ། 6

6 ལུང་དང་རྗེས་གནང་གི་བཤད་སྦྱོར་བློ་གསལ་མགྲིན་ལྡན་ལ། 7

7 འཇམ་དབྱངས་ཨ་ར་པ་ཙ་སེར་པོའི་སྒྲུབ་ཐབས་ལ། 2

8 འཇམ་དབྱངས་དཀར་པོའི་མངོན་རྟོགས་ལ། 3

9 འཇམ་དཀར་ཤེས་རབ་བློ་འཕེལ་གྱི་མངོན་རྟོགས་ལ། 4

10 འཕགས་པ་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་ལ། 2

11 དཔལ་ཕྱུག་ན་རྡོ་རྗེའི་སྒྲུབ་ཐབས་ལ། 5

12 འོད་དཔག་མེད་ཀྱི་སྒྲུབ་ཐབས་ལ། 2

13 ཚེ་དཔག་མེད་དཀར་པོའི་མངོན་རྟོགས་ལ། 2

14 བདེ་མཆོག་ལྷ་ལྔ་སྒྲུབ་ཐབས་དང་གཏོར་འབུལ་ལ། 6

15 མི་གཡོ་བ་སྔོན་པོའི་སྒྲུབ་ཐབས་མདོར་བསྡུས་ལ། 3

16 སངས་རྒྱས་སྨན་བླ་དང་ཞང་བློན་གཉིས་ཀྱི་སྒྲུབ་ཐབས་ལ། 2

17 གདུགས་དཀར་གྱི་སྒྲུབ་ཐབས་མདོར་བསྡུས་ལ། 3

18 རྟ་མགྲིན་གསང་སྒྲུབ་ཀྱི་རྗེས་གནང་བྱ་ཚུལ་ལ། 10

19 རྟ་མགྲིན་གྱི་གཏོར་འབུལ་ལ། 4

20 འཇིགས་བྱེད་བཅུ་གསུམ་མའི་གཏོར་འབུལ་མདོར་བསྡུས་ལ། 4

21 འཇིགས་བྱེད་དཔའ་གཅིག་གི་སྨོན་ལམ་འདེབས་ཚུལ་ལ། 2

22 བླ་མགོན་དབྱེར་མེད་ཀྱི་སྒྲུབ་ཐབས་དང་གཏོར་འབུལ་མདོར་བསྡུས་ལ། 4

23 ལྷ་མཆོག་མ་ཧྰ་ཀ་ལའི་གཏོར་འབུལ་འཕྲིན་ལས་མྱུར་བསྐུལ་ལ། 3

24 མགོན་པོའི་སྒྲུབ་ཐབས་མདོར་བསྡུས་ལ། 3

25 མགོན་དཀར་གྱི་མངོན་རྟོགས་ཚིགས་བཅད་མ་ལ། 2

26 མགོན་པོ་ཕྱུག་དྲུག་པའི་རྒྱུན་ཁྱེར་དང་གཏོར་འབུལ་བསྡུས་པ་ལ། 2

27 མགོན་པོའི་འཇམ་བསྐུལ་དང་ཐུགས་རྗེ་རིང་བསྐུལ།གཤེགས་གཏོར་འབུལ་ཚུལ།མགོན་པོ་བར་ཆད་ཀུན་སེལ་གྱི་སྒྲུབ་ཐབས་ལ། 5

28 ཆོས་སྐྱོང་སྤྱིའི་གཏོར་འབུལ་ཤིན་ཏུ་བསྡུས་པ་ལ། 3

29 མགོན་པོའི་གཏོར་མ་འབུལ་ཚུལ་ལ། 2

30 ཆོས་རྒྱལ་ཕྱི་སྒྲུབ་ཀྱི་གཏོར་འབུལ་ལ། 2

31 ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་གཏོར་འབུལ་ལ། 2

32 སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་སྒྲུབ་ཐབས་ལ། 3

33 དཔལ་ལྡན་ལྷ་མོའི་གཤེགས་གཏོར་ལ། 7

34 ལྷ་མོའི་གཉེར་གཏད་འཇམ་བསྐུལ་འཕྲིན་ལས་མྱུར་སྒྲུབ་ལ། 2

35 མགོན་པོ་ཞལ་བཞི་པའི་གཏོར་འབུལ་ལ། 2

36 གནོད་སྦྱིན་དྲེག་པ་ལྕམ་སྲིང་གི་བསྐུལ་བ་ལ། 2

37 བདེ་ལྡན་མ་ལ། 2

38 རྟ་མགྲིན་གྱི་རྗེས་གནང་བརྒྱུད་འདེབས་ལ། 4

39 གཤིན་པོ་ལ་བརྡ་སྤྲོད་འཕོ་བའི་སྒོ་འབྱེད་ལ། 3

40 སློབ་མ་ལ་བཀའ་བསྒོ་བྱེད་ཚུལ་དང༌།ཀུ་རུ་ཀུལླེའི་མངོན་རྟོགས་བསྙེན་སྒྲུབ་ཚོགས་མཆོད་བྱ་ཚུལ་ལ། 5

41 བདེ་མཆོག་ལྷན་ཀྱིས་སྒོམ་ཚུལ་ལ། 3

42 སྤྱན་རས་གཟིགས་དང་སྒྲོལ་མ་དཀར་ལྗང་བཅས་ཀྱི་སྒྲུབ་ཐབས་ལ། 4

43 མགོན་པོའི་གཏོར་འབུལ་ལ། 2

44 སྡུག་བསྔལ་ཐམས་ཅད་སེལ་བའི་སྒྲོལ་མའི་སྒྲུབ་ཐབས་ལ། 2

45 རིག་བྱེད་མའི་སྒྲུབ་ཐབས་དང་པར་བྱང་ལེགས་ཚོགས་དོན་གྲུབ་མ་ལ། 3

46 རྡོ་རྗེ་ཁྱུང་ཁྲའི་མངོན་རྟོགས་དང་སེང་གདོང་མའི་མངོན་རྟོགས་ལ། 4

47 མེ་ལྷ་ལ་མཆོད་པ་འབུལ་ཚུལ་ལ། 1

48 དགེ་སློང་མ་དཔལ་མོའི་ལུགས་སྨྱུང་གནས་ཀྱི་ཕན་ཡོན་དང་སྤྱན་རས་གཟིགས་ཀྱི་མངོན་རྟོགས་ལ། 3

49 ཐུགས་རྗེ་ཆེན་པོའི་གཏོར་འབུལ་བསམ་འཕེལ་དབང་རྒྱལ་ལ། 2

50 སྨྱུང་གནས་ཀྱི་ཆོ་གའི་བུམ་བསྐྱེད་ལ། 10

51 བཤགས་པ་བྱ་ཚུལ་གྱི་ཆོ་ག་ལ། 4

52 རྩ་ལྟུང་བཅུ་བཞིའི་ངོས་འཛིན་དང་བཤགས་པ་བྱ་ཚུལ་ལ། 2

53 ཐུགས་རྗེ་ཆེན་པོའི་དམར་ཁྲིད་ལ། 3

54 ཡིག་དྲུག་གི་ཕན་ཡོན་ལ།3

55 ཐུན་དྲུག་གི་རྣལ་འབྱོར་ལ། 3

56 ལྷ་མོའི་རེ་མ་ཏིའི་བསྐང་མདོས་ལ། 25

57 གཙུག་གཏོར་བཟློག་ཆེན་གྱི་ཟུར་འདེབས་ལ། 21

58 ཆོས་རྒྱལ་ཕྱི་སྒྲུབ་ལ་བརྟེན་པའི་ཟོར་ལས་ཀྱི་དམིགས་རིམ་ལ། 12

59 བླ་མའི་ཞལ་ལུང་བརྗེད་བྱང་དུ་བཀོད་པ་སོགས་ཉེར་མཁོ་སྣ་ཚོགས་ལ། 6

60 ལས་རྡོར་པའི་ལག་ལེན་མདོར་བསྡུས་ལ། 7

61 སྦྱིན་སྲེག་གི་སྡོམ་དང་གསེར་འོད་གཡང་སྐྱབས་ཀྱི་ལག་ལེན་ལ། 6

62 གདུགས་དཀར་ཟློག་ཆེན་གྱི་གཏོར་མའི་ལག་ལེན་ལ། 2

63 སྨྱུང་གནས་ཀྱི་ལོ་རྒྱུས་ལ། 4

64 ཀུན་རིག་གི་ཆོ་གའི་ཟུར་འདེབས་སྐལ་བཟང་རྣ་བའི་བདུད་རྩི་ལ། 57

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །བཀའ་འགྱུར་བ་བློ་བཟང་ཚུལ་ཁྲིམས་སམ་མེར་ཀེན་ཆོས་རྗེ་ནི་རབ་བྱུང་བཅུ་གཉིས་པ།སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་འགོར་འཁྲུངས་པ་ཞིག་ཡིན་པ་དང༌།ཁོང་ནི་ཛ་ཡ་པན་ཌི་ཏ་བློ་བཟང་འཕྲིན་ལས་ཀྱི་སློབ་མ་ཡིན།རྗེ་འདིར་མཛད་རྣམ་མེད་པས་ཞིབ་ཆ་འབྲིར་མ་སྤོབས།གསུང་འབུམ་པོད་དྲུག་ཡོད་ཅེས་འཁོད་ཀྱང་འདིར་པོད་གཉིས་བཞུགས།

པར་པོད།ཤོག་གྲངས།

00747 ཀ་

ཀཁྲི་ཆེན་ཆོས་ཀྱི་རྒྱལ་པོ་ནོ་མོན་ཧན་ས་མ་ཏི་པཀྵི་རིན་པོ་ཆེ་རྡོ་རྗེ་འཆང་ངག་དབང་ཚུལ་ཁྲིམས་དཔལ་བཟང་པོའི་སྐྱེས་རབས་རྣམ་ཐར་དད་པའི་སྒོ་འབྱེད་ལས་སྐྱེས་རབས་སྤྱིའི་རྣམ་གཞག་ལ། 13

ཁསངས་རྒྱས་འཁོར་བ་འཇིག་གི་རྟོགས་བརྗོད་ལ། 29

ག རྩྭ་ཚོང་གི་ཁྱེའུ་བཀྲ་ཤིས་ཀྱི་རྟོགས་བརྗོད་ལ། 13

ངགནས་བརྟན་ཆེན་པོ་བ་ཀུ་ལའི་རྟོགས་བརྗོད་ལ། 13

ཅསློབ་དཔོན་ཆེན་པོ་བྲམ་ཟེ་མཆོག་སྲེད་ཀྱི་རྟོགས་བརྗོད་ལ། 11

ཆགྲུབ་ཆེན་ལྰ་བ་པའི་རྟོགས་བརྗོད་ལ། 15

ཇརྗེ་བཙུན་ཏེ་ལོ་པའི་རྟོགས་བརྗོད་ལ། 31

ཉརྗེ་ཕག་མོ་གྲུབ་པའི་རྟོགས་བརྗོད་ལ། 17

ཏརྗེ་བཙུན་རི་ཕུག་པའི་རྟོགས་བརྗོད་ལ། 9

ཐརྗེ་བཙུན་ཀུན་སྤངས་རྡོ་རིང་པའི་རྟོགས་བརྗོད་ལ། 19

དབྱང་སེམས་ཤེས་རབ་བཟང་པོའི་རྟོགས་བརྗོད་ལ། 13

ནཔཎ་ཆེན་བློ་གྲོས་ལེགས་བཟང་གི་རྟོགས་བརྗོད་ལ། 7

པགནས་བརྟན་འཇམ་དབྱངས་གྲགས་པའི་རྟོགས་བརྗོད་ལ། 13

ཕསྐྱབས་མགོན་དམ་པ་མདོ་སྨད་དུ་འཁྲུངས་ནས་རྒྱ་ཕེབས་དང་པོའི་བར་གྱི་རྣམ་ཐར་སྟོད་ཆ་ལ། 147

00748 ཁ་

1 ཁྲི་ཆེན་ཆོས་ཀྱི་རྒྱལ་པོ་རྡོ་རྗེ་འཆང་ངག་དབང་ཚུལ་ཁྲིམས་དཔལ་བཟང་པོའི་སྐྱེས་རབས་རྣམ་ཐར་དད་པའི་སྒོ་

འབྱེད་ལས་ཆོས་སྲིད་ཡོངས་སྐྱེ་བདག་པོར་བཞེངས་པ་སོགས་ཀྱི་རྟོགས་བརྗོད་སྨད་ཆ་ལ། 401

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །ཚེ་སྨོན་གླིང་ངག་དབང་ཚུལ་ཁྲིམས་ནི་མདོ་སྨད་ཅོ་ནེ་དགོན་པའི་ཉེ་འདབས་དར་འོ་ཞེས་པར་ཡབ་མཆོག་སྐྱབས་དང༌།ཡུམ་ཚུལ་ཆེན་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ལྕགས་གླང་1721 ལོ་ལ་འཁྲུངས།དགུང་ལོ་བདུན་ཐོག་ཅོ་ནེ་དགོན་དུ་རབ་བྱུང་བསྒྲུབས།མདོ་སྔགས་ཀྱི་གསན་སྦྱོང་མཛད།དགུང་ལོ་ཉི་ཤུ་ཐམ་པའི་ཐོག་མཁན་ཆེན་གྲགས་པ་བཤད་སྒྲུབ་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།དགུང་ལོ་ཉེར་གསུམ་ཐོག་བོད་དུ་ཕེབས་ནས་སེར་སྨད་གྲྭ་ཚང་དུ་སློབ་གཉེར་ལ་ཞུགས།དགེ་བའི་བཤེགས་གཉེན་ཆེན་པོ་གྲགས་པ་མཁས་གྲུབ་སོགས་བསྟེན་ནས་མདོ་སྔགས་ཀྱི་གསུང་རབརྒྱ་མཚོ་ལྟ་བུར་སྦྱངས་པ་མཐར་ཕྱིན་པ་མཛད།དགུང་ལོ་སོ་བརྒྱད་ཐོག་དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས།དེ་ནས་རྒྱུད་སྟོད་ཀྱི་ཆོས་གྲྭར་ཞུགས།

སྔགས་ཀྱི་དམ་བཅའ་མཛད་རྗེས་དགེ་བསྐོས་དང༌།དེ་ནས་རིམ་བཞིན་བླ་མ་དབུ་མཛད།ཤར་པ་ཆོས་རྗེ་སོགས་མཛད།ཤར་པ་ཆོས་རྗེའི་སྐབས་གོང་ས་མཆོག་གི་བཀའ་འབྲེལ་གོང་མའི་དབུ་བླར་རྒྱ་ནག་ཏུ་ཕེབས།དགུང་ལོ་ང་ལྔ་ལོ་སྲིད་སྐྱོང་དེ་མོ་གཤེགས་ཚབ་རྗེ་ཉིད་ལ་སྲིད་སྐྱོང་བསྐོ་བཞག་གྲལ་ནས་ལོ་བཅུའི་རིང་སྲིད་བསྐྱངས།དེའི་སྐབས་རྒྱལ་བ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་མཛད།དགུང་ལོ་ང་བརྒྱད་ནས་དགུང་ལོ་རེ་ལྔ་བར་དགའི་ལྡན་ཁྲི་པའི་གདན་རབས་དྲུག་ཅུ་རེ་གཅིག་པ་མཛད།དགུང་ལོ་རེ་དྲུག 1786 ལོ་ལ་ལྕང་སྐྱ་རོལ་པའི་རྡོ་རྗེ་སྐུ་གཤེགས་ནས་དེའི་ཚབ་ཏུ་གོང་མའི་བཀའ་བཞིན་རྗེ་ཉིད་སླར་ཡང་གོང་མའི་དབུ་བླར་ཕེབས།གསུང་རབ་མང་པོ་སོག་སྐད་དུ་བསྒྱུར་བའི་ཕྱུག་ལས་མཛད།དགུང་ལོ་བདུན་ཅུ་སྟེ་ལྕགས་ཕག1791 ལོར་སྐུ་གཤེགས་སོ།།འདིར་གསུང་འབུམ་པོད་གཉིས་བཞུགས།

  རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

 

 

                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།