ཚེ་སྨོན་གླིང་ངག་དབང་ཚུལ་ཁྲིམས་ཀྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-27 23:09:15     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།    ཀློག་ཐེངས།  

 微信图片_20170625075737.jpg

པར་པོད།ཤོག་གྲངས།

00747 ཀ་

ཀཁྲི་ཆེན་ཆོས་ཀྱི་རྒྱལ་པོ་ནོ་མོན་ཧན་ས་མ་ཏི་པཀྵི་རིན་པོ་ཆེ་རྡོ་རྗེ་འཆང་ངག་དབང་ཚུལ་ཁྲིམས་དཔལ་བཟང་པོའི་སྐྱེས་རབས་རྣམ་ཐར་དད་པའི་སྒོ་འབྱེད་ལས་སྐྱེས་རབས་སྤྱིའི་རྣམ་གཞག་ལ། 13

ཁསངས་རྒྱས་འཁོར་བ་འཇིག་གི་རྟོགས་བརྗོད་ལ། 29

རྩྭ་ཚོང་གི་ཁྱེའུ་བཀྲ་ཤིས་ཀྱི་རྟོགས་བརྗོད་ལ། 13

ངགནས་བརྟན་ཆེན་པོ་བ་ཀུ་ལའི་རྟོགས་བརྗོད་ལ། 13

ཅསློབ་དཔོན་ཆེན་པོ་བྲམ་ཟེ་མཆོག་སྲེད་ཀྱི་རྟོགས་བརྗོད་ལ། 11

ཆགྲུབ་ཆེན་ལྰ་བ་པའི་རྟོགས་བརྗོད་ལ། 15

ཇརྗེ་བཙུན་ཏེ་ལོ་པའི་རྟོགས་བརྗོད་ལ། 31

ཉརྗེ་ཕག་མོ་གྲུབ་པའི་རྟོགས་བརྗོད་ལ། 17

ཏརྗེ་བཙུན་རི་ཕུག་པའི་རྟོགས་བརྗོད་ལ། 9

ཐརྗེ་བཙུན་ཀུན་སྤངས་རྡོ་རིང་པའི་རྟོགས་བརྗོད་ལ། 19

དབྱང་སེམས་ཤེས་རབ་བཟང་པོའི་རྟོགས་བརྗོད་ལ། 13

ནཔཎ་ཆེན་བློ་གྲོས་ལེགས་བཟང་གི་རྟོགས་བརྗོད་ལ། 7

པགནས་བརྟན་འཇམ་དབྱངས་གྲགས་པའི་རྟོགས་བརྗོད་ལ། 13

ཕསྐྱབས་མགོན་དམ་པ་མདོ་སྨད་དུ་འཁྲུངས་ནས་རྒྱ་ཕེབས་དང་པོའི་བར་གྱི་རྣམ་ཐར་སྟོད་ཆ་ལ། 147

00748 ཁ་

1 ཁྲི་ཆེན་ཆོས་ཀྱི་རྒྱལ་པོ་རྡོ་རྗེ་འཆང་ངག་དབང་ཚུལ་ཁྲིམས་དཔལ་བཟང་པོའི་སྐྱེས་རབས་རྣམ་ཐར་དད་པའི་སྒོ་

འབྱེད་ལས་ཆོས་སྲིད་ཡོངས་སྐྱེ་བདག་པོར་བཞེངས་པ་སོགས་ཀྱི་རྟོགས་བརྗོད་སྨད་ཆ་ལ། 401

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །ཚེ་སྨོན་གླིང་ངག་དབང་ཚུལ་ཁྲིམས་ནི་མདོ་སྨད་ཅོ་ནེ་དགོན་པའི་ཉེ་འདབས་དར་འོ་ཞེས་པར་ཡབ་མཆོག་སྐྱབས་དང༌།ཡུམ་ཚུལ་ཆེན་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ལྕགས་གླང་1721 ལོ་ལ་འཁྲུངས།དགུང་ལོ་བདུན་ཐོག་ཅོ་ནེ་དགོན་དུ་རབ་བྱུང་བསྒྲུབས།མདོ་སྔགས་ཀྱི་གསན་སྦྱོང་མཛད།དགུང་ལོ་ཉི་ཤུ་ཐམ་པའི་ཐོག་མཁན་ཆེན་གྲགས་པ་བཤད་སྒྲུབ་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།དགུང་ལོ་ཉེར་གསུམ་ཐོག་བོད་དུ་ཕེབས་ནས་སེར་སྨད་གྲྭ་ཚང་དུ་སློབ་གཉེར་ལ་ཞུགས།དགེ་བའི་བཤེགས་གཉེན་ཆེན་པོ་གྲགས་པ་མཁས་གྲུབ་སོགས་བསྟེན་ནས་མདོ་སྔགས་ཀྱི་གསུང་རབརྒྱ་མཚོ་ལྟ་བུར་སྦྱངས་པ་མཐར་ཕྱིན་པ་མཛད།དགུང་ལོ་སོ་བརྒྱད་ཐོག་དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས།དེ་ནས་རྒྱུད་སྟོད་ཀྱི་ཆོས་གྲྭར་ཞུགས།

སྔགས་ཀྱི་དམ་བཅའ་མཛད་རྗེས་དགེ་བསྐོས་དང༌།དེ་ནས་རིམ་བཞིན་བླ་མ་དབུ་མཛད།ཤར་པ་ཆོས་རྗེ་སོགས་མཛད།ཤར་པ་ཆོས་རྗེའི་སྐབས་གོང་ས་མཆོག་གི་བཀའ་འབྲེལ་གོང་མའི་དབུ་བླར་རྒྱ་ནག་ཏུ་ཕེབས།དགུང་ལོ་ང་ལྔ་ལོ་སྲིད་སྐྱོང་དེ་མོ་གཤེགས་ཚབ་རྗེ་ཉིད་ལ་སྲིད་སྐྱོང་བསྐོ་བཞག་གྲལ་ནས་ལོ་བཅུའི་རིང་སྲིད་བསྐྱངས།དེའི་སྐབས་རྒྱལ་བ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་མཛད།དགུང་ལོ་ང་བརྒྱད་ནས་དགུང་ལོ་རེ་ལྔ་བར་དགའི་ལྡན་ཁྲི་པའི་གདན་རབས་དྲུག་ཅུ་རེ་གཅིག་པ་མཛད།དགུང་ལོ་རེ་དྲུག 1786 ལོ་ལ་ལྕང་སྐྱ་རོལ་པའི་རྡོ་རྗེ་སྐུ་གཤེགས་ནས་དེའི་ཚབ་ཏུ་གོང་མའི་བཀའ་བཞིན་རྗེ་ཉིད་སླར་ཡང་གོང་མའི་དབུ་བླར་ཕེབས།གསུང་རབ་མང་པོ་སོག་སྐད་དུ་བསྒྱུར་བའི་ཕྱུག་ལས་མཛད།དགུང་ལོ་བདུན་ཅུ་སྟེ་ལྕགས་ཕག1791 ལོར་སྐུ་གཤེགས་སོ།།འདིར་གསུང་འབུམ་པོད་གཉིས་བཞུགས།

  རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

 

 

                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།