ཀློང་རྡོལ་ངག་དབང་བློ་བཟང་གི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-27 22:54:12     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།    ཀློག་ཐེངས།  

微信图片_20170625075737.jpg

པར་བོད།ཤོག་གྲངས།

00746

ཀལམ་རིམ་ཆེན་མོ་ཤར་སྒོམ་བྱ་ཚུལ་གྱི་མན་ངག་ས་བཅད་ལ། 26

ཁལམ་རིམ་ཆུང་ངུ་བློ་སྦྱོང་ཉི་མའི་འོད་ཟེར་བློ་སྦྱོང་དོན་བདུན་མ་ལམ་ཐུན་མོང་པ་བཅས་ཀྱི་ས་བཅད་ལ། 17

གགསང་སྔགས་རིག་པ་འཛིན་པའི་སྡེ་སྣོད་ལས་བྱུང་བའི་རྒྱུད་སྡེ་བཞིའི་མིང་གི་རྣམ་གྲངས་ལ། 42

ངདཔལ་དུས་ཀྱི་འཁོར་ལོ་གསང་འདུས་འཇམ་རྡོར་ཡེ་ཤེས་ཞབས་ལུགས་བདེ་མཆོག་ལྰུ་ནག་དྲིལ་གསུམ་འཇིགས་བྱེད་བཅས་ཀྱི་རིམ་གཉིས་ས་བཅད་དང༌།རིམ་ལྔ་གསལ་སྒྲོན་ནྰ་རོ་ཆོས་དྲུག་སྙིང་པོ་དོན་གསུམ་ཐིག་ལེ་བཅུ་དྲུག་བཅས་ཀྱི་ས་བཅད་ལ། 29

ཅདང་པོའི་སངས་རྒྱས་དཔལ་དུས་ཀྱི་འཁོར་ལོའི་ལོ་རྒྱུས་དང་ཤབྷ་ལའི་ཞིང་བཀོད་བཅས་ལ། 26

ཆརྒྱལ་བ་ཙོང་ཁ་པའི་གཞུང་དང་མཐུན་པའི་དུས་འཁོར་གྱི་མིང་གི་རྣམ་གྲངས་ཕྱོགས་གཅིག་ཏུ་བཏུས་པ་ལ། 24

ཇདཔལ་ལྡན་བླ་བྲང་ཀྱི་མཆོད་རྟེན་གྱི་བཀོད་པ་ཀུན་མཁྱེན་བུ་ལུགས་ལྟར་བྲིས་པ་ལ། 4

ཉཕར་ཕྱིན་ལས་བྱུང་བའི་དོན་བདུན་ཅུའི་མིང་གི་རྣམ་གྲངས་ལ། 35

ཏཐེག་ཆེན་མངོན་པའི་སྡེ་སྣོད་ལས་བྱུང་བའི་དབུ་མའི་སྐོར་གྱི་མིང་གི་རྣམ་གྲངས་ལ། 21

ཐརྒྱས་འབྲིང་བསྡུས་གསུམ་བཀའ་གདམས་གཞུང་དྲུག་དབུ་མ་བཞི་བརྒྱ་པ་སོགས་མདོ་སྡེའི་མིང་གི་རྣམ་གྲངས་ལ།15

དའབུམ་གྱི་འགྲེས་རྐང་བརྒྱ་རྩ་བརྒྱད་ཀྱི་ངོས་འཛིན་རགས་རིམ་བཀོད་པ་ལ། 16

ནནང་རིག་པ་འདུལ་བའི་སྡེ་སྣོད་ལས་བྱུང་བའི་མིང་གི་རྣམ་གྲངས་ལ། 38

པཐེག་དམན་མངོན་པའི་སྡེ་སྣོད་ལས་བྱུང་བའི་མིང་གི་རྣམ་གྲངས་ལ། 38

ཕགཏན་ཚིགས་རིགས་པ་ལས་བྱུང་བའི་མིང་གི་རྣམ་གྲངས་ལ། 27

བརིག་གནས་ཐུན་མོང་བའི་སྒྲ་རིག་པ་སྙན་ངག་ཟློས་གར་མངོན་བརྗོད་བརྡའ་གསར་རྙིང་གི་ཁྱད་པར་ལས་བྱུང་བའི་མིང་གི་རྣམ་གྲངས་ལ། 16

མབཟོ་དང་གསོ་བ་རིག་པ་སྐར་རྩིས་ལས་བྱུང་བའི་མིང་གི་རྣམ་གྲངས་ལ། 25

ཙམདོ་སྔགས་ཀྱི་དབང་ལུང་ཁྲིད་གསུམ་ཐོབ་པའི་གསན་ཡིག་ཐར་པའི་ཐེམ་སྐས་ཀྱི་སྟོད་ཆ་ལ། 92

ཚདེའི་སྨད་ཆ་བཅས་ལ། 45

ཛབཀའ་འགྱུར་ཡོངས་རྫོགས་ཀྱི་ལུང་ཐོབ་པའི་གསན་ཡིག་རྒྱས་པ་དང་བསྡུས་པ་བཅས་ལ། 18

ཝཕྱི་མོ་རྗེས་བརྙེད་སྔགས་རིམ་ཆེན་མོའི་ས་བཅད་ལ། 11

ཞདགེ་ལྡན་རིང་ལུགས་འཛིན་པ་གསན་རྒྱ་ཆེ་བར་འདོད་པ་རྣམས་ལ་ཕན་པའི་མཚན་ཐོ་ལ། 13

ཟརྒྱ་བོད་དུ་བྱོན་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་མཚན་ཐོ་ལ། 33

འ་རྒྱ་བོད་དུ་བསྟན་པའི་སྦྱིན་བདག་རྒྱལ་བློན་ཇི་ལྟར་བྱུང་ཚུལ་གྱི་མཚན་ཐོ་ལ། 20

ཡའཇིག་རྟེན་ལས་འདས་མ་འདས་སྐྱེ་བསྟན་སྲུང་རྒྱ་མཚོའི་མཚན་ཐོ་ལ། 16

རབཀའ་གདམས་པ་དང་དགེ་ལུགས་པའི་བླ་མ་རགས་རིམ་གྱི་གསུང་འབུམ་དཀར་ཆག་ལ། 65

ལདབང་བཞི་བྱིན་རླབས་ཀྱི་ཚུལ་དུ་ལེན་ཚུལ་དང་ལམ་རིམ་ཆེང་བའི་བརྒྱུད་འདེབས་ཁ་སྐོང་ལ། 2

ཤབདེ་མཆོག་གི་སྔགས་རིན་ཆེན་རྣམ་པ་བཞི་འདོན་ཚུལ་དང༌།ལྰུ་ཨི་པའི་མངོན་རྟོགས་བསྡུས་ནས་འདོན་ཚུལ།འཇམ་དབྱངས་ནང་སྒྲུབ་ཞི་ཁྲོ་སྦྲགས་སྒྲུབ།རྒྱལ་པོའི་གསེར་སྐྱེམས་འབུལ་ཚུལ་བཅས་ལ། 11

སལྟས་སྣ་ཚོགས་བརྟག་ཐབས་ལ། 10

ཧརིན་ཆེན་བརྟག་ཐབས་ལ། 3

ཨལྷོ་བྲག་མར་པའི་སྲས་མཁར་དགུ་ཐོག་ལ་དར་ཤམ་སྤྲུལ་བའི་དཀར་ཆག་ལ། 4

ཨྰ བླ་མ་ཉིད་ཀྱི་རྣམ་ཐར་མགུར་མ་སོགས་གསུང་ཐོར་བུ་ལ། 22

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །ཀློང་རྡོལ་ངག་དབང་བློ་བཟང་ནི་འཁྲུངས་ཡུལ་མདོ་སྟོད་ཕུ་མདོ་ཡབ་བྲག་རྩ་དཔོན་གྱི་བརྒྱུད་པ་སྔགས་འཆང་དབང་འབུམ་དང༌།ཡུམ་འཇང་བཟའ་བུམ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ས་ཕག 1719 ལོའི་ཟླ་བ་བཅུ་གཅིག་པའི་ཚེས་བཅོ་ལྔ་ལ་སྐུ་བལྟམས།དགུང་ལོ་བཞི་ལྔ་ལ་ཡབ་ཀྱིས་སངས་རྒྱས་ཆོས་ཚོགས་མ་ཤོ་ལོ་ཀ་གཅིག་ངག་ནས་བསླབ་པར་མཛད།དགུང་ལོ་བདུན་ཐོག་བློ་གླིང་དགེ་སློང་བློ་བཟང་དགེ་འདུན་ནས་གཙུག་ཕུད་བཞེས་ནས་ཆོས་སྒོར་ཞུགས།དགུང་ལོ་བཅུ་གཉིས་ཐོག་འཇམ་མགོན་ཕུར་ཅོག་ངག་དབང་བྱམས་པ་ཆབ་མདོར་ཕེབས་སྐབས་རབ་བྱུང་གི་སྡོམ་པ་གྲལ།དགུང་ལོ་བཅུ་བདུན་བར་ཡབ་ཡུམ་གྱི་དྲུང་དུ་བཞུགས་ནས་གསང་འདུས་དང་འཇིགས་བྱེད་སོགས་ཆོས་སྤྱོད་ཐུགས་ལ་བཟུང༌།དགུང་ལོ་བཅོ་བརྒྱད་ལ་ཚ་བ་རོང་རི་ཁྲོད་དུ་རྩ་ཤེས་སོགས་གཞུང་འགའ་འཛིན་སྐྱོར་གནང༌།དགུང་ལོ་ཉི་ཤུ་ཐོག་ཆབ་མདོར་གླིང་སྟོད་གྲྭ་ཚང་གི་སྔགས་གྲྭའི་ལག་ལེན་ཞིབ་ཕྲ་ལོ་གཉིས་རིང་མཛད།དེ་ནས་རྗེ་དགེ་འདུན་བཀྲ་ཤིས་ཀྱི་རྗེས་སུ་བཟུང་ནས་ཆེ་དབར་ཡང་དགོན་སྒྲུབ་སྡེར་ལོ་གཅིག་བཞུགས་རིང་ལམ་རིམ་ཆེང་བ་ཐུགས་ལ་བཟུངས།རྗེ་དགེ་འདུན་བཀྲ་ཤིས་ཀྱི་ཐུགས་དགོངས་ལ་ཉིད་གྲྭ་སར་སློབ་གཉེར་ཞིག་ལ་བཏང་ན་ངེས་པར་དུ་བསྟན་འཛིན་ཆེན་པོ་ཞིག་ཡོང་བ་འདུག་པས་གྲྭ་སར་གཏོང་དགོས་འདུག་ཅིང༌།སྔ་འཕྲོས་ཁོ་རང་གོང་མའི་འཕྲིན་ལས་ཀྱི་སྟབས་ལི་ཐང་ཕྱོགས་སུ་འབུལ་སྡུད་ལ་ཕེབས།ལི་ཐང་ཆོས་སྡེར་བཞུགས་ནས་བསྡུས་གྲྭ་ཐུགས་འཛིན་དང༌།མཁན་པོ་ཆོས་འཕགས་ཀྱི་དྲུང་ནས་རྩི་བཞག་གསན་ནས་རྩོད་གྲྭ་གནང་བས་ལོ་ངོ་གསུམ་ཙམ་བསྡུས་ར་སོགས་ལ་ཐུགས་གཉེར་དང༌།ལྷོ་བྲག་སྙན་བརྒྱུད་ཀྱི་དབང་ལུང་རྣམས་ཞུས།དགུང་ལོ་ཉི་ཤུ་རྩ་བཞིའི་ཐོག་ཁམས་པ་ཨོ་ཅོ་མི་བརྒྱད་དང་ལྷན་དུ་དབུས་སུ་ཕེབས་ནས་སེ་ར་ལྷོ་པ་ཁང་ཚན་དུ་བཞུགས།དེ་རྗེས་སེར་བྱེས་གྲྭ་ཚང་གི་ཆོས་རར་བཞུགས།སྒོམ་སྡེ་བརྩོན་འགྲུས་ཀྱི་དྲུང་དུ་བསྡུས་གྲྭའི་རྩི་བཞག་གསན་སྦྱོང་གནང་བའི་དབུ་བཙུགས།དགུང་ལོ་སུམ་ཅུའི་ཐོག་མཁན་ཆེན་ཕུར་ཅོག་ངག་དབང་བྱམས་པའི་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།རྗེའི་དྲུང་ནས་ལམ་རིམ་འཇམ་དཔལ་ཞལ་ལུང་གི་ཁྲིད་ཚར་བརྒྱད་དང༌།བྱང་ཆུབ་བདེ་ལམ་གྱི་ཁྲིད་ཚར་བདུན།གསང་བདེ་འཇིགས་གསུམ་གྱི་བསྐྱེད་རྫོགས་སོགས་ཆོས་བཀའ་མང་པོ་གསན།དགུང་ལོ་སོ་གཅིག་ཐོག་གཙང་ཕྱོགས་སུ་གནས་མཇལ་དུ་ཕེབས།པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་མཇལ།དེར་ཡུན་རིང་བཞུགས།ཞང་ཞུང་དགེ་སློང་ཡེ་ཤེས་མཐའ་ཡས་ས་ནས་ཆོས་འབྲེལ་ཡང་གསན་ནས་དབུས་སུ་ཕེབས།དགུང་ལོ་སོ་གསུམ་ལོར་གསང་ཕུར་བྱོན་ནས་བཀའ་བཅུའི་མཚན་བཏགས་ཀྱང་མཛད།དགུང་ལོ་སོ་བརྒྱད་ཐོག་ཏྲེ་བོ་དགེ་བཤེས་བསྟན་འཕེལ་སོགས་ཁ་ཤས་དང་ལྷན་དུ་འཕན་པོ་ཤ་བ་འབུམ་པ་དང༌།འོལ་ཁ།ལྷོ་གནས་སོགས་ཞིབ་ཏུ་མཇལ་བར་ཕེབས།དགུང་ལོ་སོ་དགུའི་ཐོག་ཆེ་བཟང་ངག་དབང་ཆོས་གྲགས་ཀྱི་དྲུང་ནས་རྒྱུད་འགྲེལ་སོགས་གསན།རྒྱུད་དུ་ལོ་གསུམ་བཞུགས་རིང་སྔགས་ཀྱི་དཀའ་གནད་རྣམས་ཐུགས་ལ་ཤིན་ཏུ་ངེས་པར་མཛད།རྒྱལ་བའི་དབང་པོ་བསྐལ་བཟང་རྒྱ་མཚོ་དང༌།པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས།གྲུབ་དབང་ལྕང་སྐྱ་རོལ་རྡོར།རྗེ་ངག་དབང་བྱམས་པ་རྣམ་བཞིས་མདོ་སྔགས་ཀྱི་གདམས་པ་ཟབ་མོ་རྣམས་བཀའ་དྲིན་ལེགས་པར་གྲལ།རྣམ་རྒྱལ་གྲྭ་ཚང་གི་སྡེ་པ་དོན་གྲུབ་རྒྱལ་མཚན་ཟེར་བ་ནས་མཉེས་ཐང་གི་ཕུར་རི་ཁྲོད་ཀློང་རྡོལ་ཟེར་བ་ཞིག་ཡོད་པ་དེར་ཕེབས་ན་ཁོ་རང་ནས་འཚོ་བ་སོགས་མཉེས་ཐང་གཞིས་ཀ་ནས་འབུལ་བདེ་ཡོང་བས་དེར་ཕེབས་ན་ཞུས་པ་ཐུགས་ལ་འཐད་པར་བྱུང༌།དེ་སྔོན་འགྲོ་མགོན་གཙང་པ་རྒྱ་རས་ཀྱིས་སྒྲུབ་པ་ཡུན་རིང་མཛད་པ་ཀློང་རྡོལ་གྲགས་པ་དེར་ཕེབས།དང་པོ་ཐུན་མོང་ལམ་སྦྱངས་གལ་ཆེ་བས་བསགས་སྦྱངས་མཛད།དགུང་ལོ་ཞེ་བཞི་ལ་རྒྱལ་དབང་འཇམ་དཔལ་རྒྱ་མཚོ་གསེར་ཁྲིར་ཕེབས་པ་དང༌།པཎ་ཆེན་དཔལ་ལྡན་ཡེ་ཤེས་མཇལ་བར་ཕེབས་ཏེ་སྐྱབས་ཞུ་མཛད།དགུང་ལོ་ཞེ་ལྔའི་ཐོག་སྒོ་མང་སློབ་དཔོན་བྲ་སྟི་ངག་དབང་དགེ་ལེགས་ཀྱིས་སྒོ་མང་གྲྭ་ཚང་དུ་གདན་དྲངས་ཟླ་གཅིག་རིང་བྱང་ཆུབ་ལམ་རིམ་ཆེན་མོའི་བཤད་ལུང་ཟབ་རྒྱས་གྲལ།དགུང་ལོ་ཞེ་བརྒྱད་ཐོག་ཕུར་ཅོག་མཆོག་སྤྲུལ་བློ་བཟང་བྱམས་པའི་དཔལ་ལ་ལུང་ཕུལ།དེ་ནས་ལོ་རེ་བཞིན་ལམ་རིམ་སོགས་བཀའ་ཆོས་ཚོགས་ཆོས་མང་དུ་གནང༌།དགུང་ལོ་ལྔ་བཅུ་ནས་སྒྲུབ་པ་སྙིང་པོར་མཛད་ཅིང༌།དགུང་ལོ་ང་བཞིའི་ཐོག་འབྲོག་རི་པོ་དགའ་ལྡན་མཇལ་བར་ཕེབས།བསྙེན་བཀུར་དང༌།ཡོལ་བ་བླ་བྲེ།སྐུ་ཐང་སོགས་འབུལ་བར་མཛད།དགུང་ལོ་ང་བརྒྱད་ཐོག་རྒྱལ་དབང་འཇམ་དཔལ་རྒྱ་མཚོ་བླ་བྲང་སུ་ཆིབས་བསྐྱོད་གནང་སྐབས་གསེར་ཞལ་མཇལ།དེའི་ལོར་ལྷོ་བྲག་བྲོ་བ་ལུང་དུ་རྗེ་མར་པའི་གཟིམ་ཁང་སོགས་ལ་གནས་གཟིགས་གནང༌།སྲས་མཁར་ལ་མཆོད་རྫས་འབུལ་བ་གནང༌།སྔ་རྗེས་སྦྱོག་ལྕོག་ཏུ་ལོ་གསུམ་དང༌།ཀློང་རྡོལ་དུ་ལོ་དགུ།རིན་ཆེན་གླིང་དུ་ལོ་བརྒྱད་བཅས་ལོ་ཉེར་གཅིག་ཙམ་རི་ཁྲོད་ཁོ་ན་བསྟེན་ནས་ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་

རྣམས་སྒོམ་སྒྲུབ་མཛད།དགུང་ལོ་དོན་དྲུག་སྟེ་རབ་བྱུང་བཅུ་གསུམ་པའི་ཤིང་སྟག 1794 ལོ་ལ་སྐུ་གཤེགས།འདིར་གསུང་འབུམ་པོད་གཅིག་བཞུགས།

  རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

 

 

                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།