ཆ་ཧར་བློ་བཟང་ཚུལ་ཁྲིམས་ཀྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-27 22:52:54     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།    ཀློག་ཐེངས།  

 微信图片_20170625075737.jpg

པར་པོད།ཤོག་གྲངས།

00736 ཀ

1 མཉམ་མེད་ཐུབ་པའི་དབང་པོའི་བསྟོད་པ་ལ། 3

2 རྗེ་བཙུན་ཙོང་ཁ་པ་ཆེན་པོའི་གསོལ་འདེབས་མཆོག་སྦྱིན་དང་རྗེ་ཡབ་སྲས་ཀྱི་བསྟོད་པ་བཅས་ལ། 4

3 སྐྱབས་མགོན་ཨ་ཀྱྰ་རིན་པོ་ཆེའི་གསོལ་འདེབས།ནོ་མོན་ཧན་རིན་པོ་ཆེའི་བརྟན་བཞུགས།གསོལ་འདེབས་མྱུར་བསྐུལ་མ།བླ་མ་མང་པོའི་གསོལ་འདེབས་བཅས་ལ། 7

4 རྩ་བའི་བླ་མ་རྣམས་ཀྱི་བཀའ་དྲིན་དྲན་པའི་གསོལ་འདེབས།ལམ་རིམ་བརྒྱུད་འདེབས།བླ་མ་མཆོག་གསུམ་སྤྱིའི་བསྟོད་སྨོན་ཤིས་བརྗོད་བཅས་ལ། 8

5 དམིགས་བརྩེ་མའི་ཁྲིད་ཡིག་ལེགས་ཚོགས་ཀུན་འབྱུང་ལ། 3

6 དམིགས་བརྩེ་མའི་རྣམ་བཤད་ལ། 21

7 རྗེའི་གསོལ་འདེབས་ས་གསུམ་མའི་ས་བཅད་དང་གསང་བའི་རྣམ་ཐར་བསྡུས་དོན་བཅས་ལ། 5

8 ལམ་རིམ་གྱི་ཆེ་བ་བཞིའི་རྣམ་གཞག་དོན་གསལ་ལ། 17

9 ལམ་གྱི་རྟོགས་པ་བསྐྱེད་པ་ལ་འཇུག་པའི་ཡན་ལག་སྒྲོན་མེ་བཅས་ལ། 26

10 ཉམས་ལེན་གནད་དུ་འགྲོ་བའི་མན་ངག་དང་ཟུར་རྒྱན་ཡིག་ཆུང་ལ། 31

11 རྒྱུན་གྱི་ཉམས་ལེན་བྱ་ཚུལ་ལ། 6

12 རྟེན་འབྲེལ་བསྟོད་པའི་ས་བཅད་ཉམས་སུ་ལེན་ཚུལ་ལ། 13

13 རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་མདོ་ཕྱོགས་མན་ངག་ས་བཅད་ལ། 13

14 རྗེ་བཙུན་གྱིས་གནང་བའི་ཚེ་གཅིག་ལ་འཚང་རྒྱ་བའི་མན་ངག་ཅུང་ཟད་ཕྱེ་བ་ལ། 11

15 རྟོགས་པ་ཀྱི་བའི་གཞི་ཚུགས་ཐབས།ཆོས་གྲལ་དུ་ཚུད་པའི་མན་ངག་ཁུ་བྱུག་ཟླ་བའི་རྟོགས་བརྗོད།ཆོས་ལ་སློབ་པའི་གོ་རིམ་གྱི་ཡིག་ཆུང་བཅས་ལ། 14

16 སྐྱབས་ཡུལ་གྱི་ཁྱད་པར་ཤེས་པའི་བརྗེད་བྱང༌།སྐྱབས་སྟོན་པ་པོ་ལས་བརྩམས་པའི་ཡི་གེ།ཆོས་ཀྱི་བསླབ་བྱ་དང་བླ་མའི་རྣལ་འབྱོར།ཐོས་བསམ་སྒོམ་པའི་ངོས་འཛིན།ཐོག་མའི་བློ་སྦྱོང་ལས་བརྩམས་པའི་དྲིས་ལན།ཆོས་ཉན་ཚུལ།རིག་པ་ངོས་འཛིན་གྱི་ཡིག་ཆུང༌།མི་ཆེན་གྱི་དྲན་གསོ།བྱ་རྫོགས་སྐད་ཅིག་མ།གཞན་ཆེད་སྡིག་ོང་བསམ་པའི་ཁྱད་པར།གླང་ཐང་མའི་གསུང་སོགས་ལ། 17

17 སྐྱབས་འགྲོའི་བརྗེད་བྱང༌།མཆོད་པའི་ཕན་ཡོན།སྐུའི་ཆ་རེ་རེའི་ཡོན་ཏན།སྐྱབས་ཀྱི་ནུས་པ།ཆོས་ཀྱི་ཡོན་ཏན།གླེགས་བམ་བསྙེན་བཀུར།ཆོས་ཀྱི་ནུས་པ།བློ་བཀལ་ཚུལ།ཆོས་སྐྱབས་དངོས་ཡིན་ཚུལ།དགེ་འདུན་གྱི་བསླབ་བྱ།ཆོས་སྐྱོང་བསྟེན་པའི་དགོས་པ།ཆོས་སྐྱོང་གིས་འཇིགས་སྐྱོབ་བྱ་ཚུལ།མཐུན་རྐྱེན་སྒྲུབ་ཚུལ།སྐྱབས་ལ་འབྲེལ་བཞག་ཕན་ཡོན།མུ་སྟེགས་བོན་གྱི་ངན་པའི་ཁྱད་པར།ལྷ་འདྲེ་དང་སྲུང་མའི་ཁྱད་པར།ཡོན་ཏན་ཤེས་པའི་ལུང་བཅས་ལ། 7

18 བརྗེད་བྱང་ཐོར་བུ་སྣ་ཚོགས་ཏེ།འདི་ལ་ཉམས་རྟོགས་ཀྱི་འཕེལ་ལ་བསགས་སྦྱང་དགོས་ཚུལ།རྟོགས་པ་ཀྱི་བའི་གོ་རིམ་དང༌།ཡིད་སྨོན་ཙམ་ལས་རྟོགས་པ་ཀྱི་ཚུལ།རེ་དོགས་མི་བྱ་བ་གནད་དུ་སོང་བའི་རྟགས།ཕྱུག་བྱ་ཚུལ།ཆོས་བྱས་པའི་འཚུབ་རྟགས།ཐུན་མཚམས་བོག་བྱེད་ཚུལ།ཐོས་རྐྱང་ལ་མི་ཞེན་པ།ཡིད་ཆེས་མེད་པའི་རྟགས།སྲེད་ལེན་གྱི་སྐྱོན།ཤེར་ཕྱིན་གྱི་དོན།ཚོགས་གྲལ་གྱི་འཛེམ་རྒྱུ།ཉ་ཁོག་ལོ་རྒྱུས།ཀ་ཤ་པ་ན་བྲེ་སོགས་ཀྱི་ཚད།སྟོང་ཉིད་བ་རྟོག་པའི་བརྟག་པ་བཅས་ཆོས་ཚན་གཉིས་ལ། 8

19 སྐྱོ་བའི་ཡིད་བསྐུལ་ནས་ཆོས་སྒྲུབ་པར་འདོད་པའི་སྒྲ་ཚིག་མཐོ་ས་འདོད་པའི་འགོག་སྒྲ།ཕན་གནོད་བརྟག་པའི་ཀ་ཕྲེང༌།དགའ་རྩེད་སྟོན་མོ་སྤོང་བའི་སྒྲ།ཁ་བཤད་གྲོང་ཆོག་ལ་བསམ་བློ་བཏང་བའི་སྒྲ།ཆོས་དང་ཚེ་འདི་མཉམ་པའི་དབུ་ཚུགས་སྤོང་བའི་སྒྲ།ཀུན་སློང་འཆོས་པའི་ཚིགས་བཅད།ཆོས་སྒྲུབ་པར་སྨོན་པའི་སྒྲ་བཅས་ལ། 10

20 བསླབ་བྱ་བཅུ་དགུའི་སྡོམ་ཚིག་ནི་བླ་མའི་གསུང་གི་བརྗེད་ཐོ།ཤོ་ལོ་ཀ་ལས་བླ་མ།གཡམ་རྒྱུག་སྤོང་བའི་གཏམ།མི་རྟག་དྲན་པའི་ཤོ་ལོ་ཀ་དབང་པོའི་སྒོ་སྡོམ་ཚུལ།གྲོང་ཆོག་པ་ལ་བསྐུལ་བའི་གཏམ།བདེ་བར་འདོད་པ་མི་ཞེན་པའི་གཏམ།དོན་མེད་དུ་འདའ་བ་སྤོང་བའི་ལུགས།བླ་མ་དྲན་པའི་ཚིག་རྐྱེན་ངན་ལམ་དུ་ལྷོང་བའི་འཕྲོས་གཏམ་བཅས་ལ། 9

21 མན་ཌལ་གྱི་ཁྲིད་ཡིག་ལ། 4

22 དངོས་གྲུབ་ཀུན་འབྱུང་དབེན་ས་སྙན་བརྒྱུད་ཀྱི་དམིགས་བརྩེ་མ།དགའ་ལྡན་ལྷ་བརྒྱ་མའི་དམིགས་རིམ་བསྡུས་པ།ལྔ་མཆོད་བསྡུས་པ་ལེགས་ཚོགས་དོན་གྲུབ་མ།མཆོད་ཕྲེང་བཅས་ལ། 8

23 བྱང་ཆུབ་ལམ་རིམ་ངག་འདོན་དུ་བྱས་ཏེ་བག་ཆགས་འཇོག་ཚུལ་ལ། 26

24 སྐྱབས་ཡུལ་གསལ་འདེབས་ཚུལ།ཉམས་ལེན་ཐོར་བུའི་མན་ངག་སྦྱོར་བའི་ཆོས་དྲུག་བསྡུས་པ།བྱང་སྡོམ་དང་སྔགས་སྡོམ་གཞུང་བཤད།ཨ་ཀ་རོའི་འགྲེལ་པ།ཐུན་དྲུག་རྣལ་འབྱོར་བཅས་ལ། 12

25 ཡེ་རྡརྨའི་འགྲེལ་པ་ལ། 3

26 བསྙེན་ཡིག་མདོར་བསྡུས་དངོས་གྲུབ་ཀུན་འབྱུང་ལ། 12

27 ཞག་གཅིག་གི་ཉམས་ལེན་ཇི་ལྟར་བྱ་ཚུལ་དངོས་གྲུབ་ཀུན་འབྱུང་ལ། 14

28 དགེ་སློང་དུས་དྲན་བྱ་ཚུལ།དུས་དྲན་བསྡུས་པ།བསླབ་བྱ་སྲུང་ཐབས།དགེ་ཚུལ་གྱི་བཤགས་སྨོན་བཅས་ལ། 10

29 འདོད་དོན་འགྲུབ་པའི་བདེན་ཚིག་དགེ་ལེགས་ཀུན་འབྱུང༌།སྐུ་ཀྱི་མྱུར་གསལ་གྱི་ཚིགས་བཅད།སློབ་གཉེར་སྒྲུབ་པའི་འདོད་གསོལ་བཅས་ལ། 9

30 ལམ་རིམ་རིན་པོ་ཆེ་ཚོགས་འདོན་བྱ་ཚུལ་ལ། 15

31 བཤགས་པ་དང་སྨོན་ལམ་ལ། 4

00737 ཁ་

1 རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་གོ་སླ་བར་བརྗོད་པ་བདེ་ལེགས་ཀུན་གྱི་འབྱུང་གནས་ལེའུ་དང་པོར།19

2 ལེའུ་གཉིས་པར་འཁྲུངས་ཡུལ།ཡབ་ཡུམ་བལྟམས་པའི་སྐབས།ཙནྡན་སྐུ་འབུམ་བཅས་ཀྱི་ལོ་རྒྱུས།རབ་ཏུ་བྱུང་ཚུལ།ཆོས་རྗེ་དོན་རིན་པའི་རྣམ་ཐར་བཅས་ལ། 20

3 ལེའུ་གསུམ་པར་ཐུགས་གཉེར་གསན་སྦྱོང་མཛད་ཚུལ།ལྷ་མོ་དབྱངས་ཅན་མའི་ཞལ་གཟིགས་པ་སོགས་དང་རྗེ་རེད་མདའ་བའི་རྣམ་ཐར་བཅས་ལ། 24

4 ལེའུ་བཞི་པར་བསྙེན་རྫོགས་མཛད་པ།བཀའ་བསྟན་འགྱུར་གཟིགས་པ།ཆོས་མང་དུ་གསུང་བ།འཇམ་དཔལ་དབྱངས་ཀྱི་ཞལ་གཟིགས་ནས་མན་ངག་མནོས་པ།དབུ་མ་པའི་རྣམ་ཐར་བཅས་ལ།32

5 ལེའུ་ལྔ་པ་ལྷ་སར་འཇམ་དཔལ་དབྱངས་ལས་ཉམས་ལེན་མདོར་བསྡུས་གསན་པ།འཁོར་བརྒྱད་དང་ལྷན་དུ་ལྷོ་བྲག་ཙ་རི་སོགས་སུ་བྱོན་པ་བཅས་ལ་80

6 ལེའུ་དྲུག་པ་ལྷ་སའི་ལོ་རྒྱུས་དང༌།སྨོན་ལམ་ཚུགས་པ།དགའ་ལྡན་འདུས་སྡེ་བཙུགས་པ།གསུང་རབ་མང་པོ་བརྩམས་པ།ཐུགས་དམ་མཛད་ནས་བདུད་རིགས་ཚར་བཅད་པ།རྟེན་མང་པོ་བཞེངས་པ།བསྟན་པ་ལ་དག་ཐེར་མཛད་ཚུལ་བཅས་ལ། 66

7 ལེའུ་བདུན་པ་གཟུགས་སྐུའི་མཛད་པ་བསྡུ་ཚུལ།དགའ་ལྡན་དུ་འཇམ་དཔལ་སྙིང་པོ་སོགས་སུ་འགྱུར་ཚུལ།གསུང་འབུམ་གྱི་དཀར་ཆག་དགའ་ལྡན་གྱི་རྟེན་གྱི་དཀར་ཆག་སྲས་མཆོག་རྣམས་ཀྱི་གྲངས།ལྷོ་བྲག་གྲུབ་ཆེན།མཁན་ཆེན་ཆོས་སྐྱབས་བཟང་པོ།འདུལ་འཛིན།རྟོགས་ལྡན་སོགས་ཀྱི་རྣམ་ཐར་ཟུར་ཙམ་བཅས་ལ། 41

8 ལེའུ་བརྒྱད་པར་རྒྱལ་ཚབ་རྗེ་མཁས་གྲུབ་རིན་པོ་ཆེ་སོགས་འཇམ་དབྱངས་བདུན་བརྒྱུད་དང༌།རྗེ་དཔོན་བློ་བཟང་ཉི་མ་སོགས་དགའ་ལྡན་ཁྲི་པ་རྣམས་ཀྱི་མཚན་དང༌།རྣམ་ཐར་ཅི་རིགས་ལ། 44

9 ལེའུ་དགུ་པ་སྟེ་ཐ་མ་ལ་འཇམ་དབྱངས་ཆོས་རྗེའི་རྣམ་ཐར་དང༌།བླ་བྲང་ཀྱི་དཀར་ཆག་བྱམས་ཆེན་ཆོས་རྗེའི་རྣམ་ཐར།སེ་རའི་དཀར་ཆག་རྗེ་དགེ་འདུན་གྲུབ་ཀྱི་རྣམ་ཐར།བཀྲ་ཤིས་ལྷུན་པོའི་དཀར་ཆགམཁས་གྲུབ་ཤེས་རབ་སེང་གེའི་རྣམ་ཐར།སྲད་རྒྱུད།སྨད་རྒྱུད་གཉིས་ཀྱི་བྱུང་ཚུལ།རྒྱུད་སྟོད་ཀྱི་བྱུང་ཚུལ།ཕན་ཡོན་དང་བརྩམས་བྱང་བཅས་མཇུག་རྫོགས་ལ། 48

10 རྗེ་ཙོང་ཁ་པའི་བསྡུས་དོན་ཉིས་བརྒྱ་དགུ་བཅུར་བསྡུས་ཏེ་བཀོད་པ་ལ། 15

11 རྗེ་ཙོང་ཁ་པའི་རྣམ་ཐར་གྱི་སྙིང་པོ་གསན་སྦྱོང་དང༌།ཉམས་བཞེས།བསྟན་འགྲོའི་དོན་མཛད་པ་སྟེ་གསུམ་དུ་བསྡུས་ནས་བྲིས་པ།རྗེ་ཙོང་ཁ་པའི་རྗེས་སུ་འཛིན་པའི་སྨོན་ལམ་སྟེ་གཉིས་ལ། 4

00738 ག་

1 རྒྱན་གྱི་མཆོད་བརྗོད་དང་དགོས་འབྲེལ་ལུས་རྣམ་གཞག་བཅས་ཀྱི་འགྲེལ་པ་དང༌།བདག་མེད་གཉིས་ཀྱི་ཁྱད་པར།སྤང་བྱ་སྤོང་ཚུལ་ཞུང་བསྡུས་བཅས་ལ། 35

2 རྒྱན་གྱི་སྐབས་དང་པོའི་འགྲེལ་པའི་ནང་སེམས་བསྐྱེད་ཀྱི་སྐབས་སུ་སྨོན་འཇུག་གི་ཁྱད་པར་ཀྱིད་ཚད་སོགས་དང༌།གདམས་ངག་བདེན་གཉིས།བདེན་བཞི།སྤྱན་ལྔ།མངོན་ཤེས་དྲུག་སོགས་དང༌།དགེ་འདུན་ཉི་ཤུ་ལ་ཉན་ཐོས་ཀྱི་རྣམ་གཞག་ལམ་དུ་འཇུག་པའི་རིམ་པ་བཅས་ལ། 83

3 སྐབས་གཉིས་པའི་འགྲེལ་པ་ལ། 30

4 སྐབས་གསུམ་པའི་འགྲེལ་པ་ལ། 12

5 སྐབས་བཞི་པའི་འགྲེལ་པ་ལ། 64

6 སྐབས་ལྔ་པ་ལ། 44

7 སྐབས་དྲུག་པ་ལ། 5

8 སྐབས་བདུན་པ་ལ། 7

9 སྐབས་བརྒྱད་པ་ལ། 27

10 རྒྱན་གྱི་བསྡུས་དོན་རྣམ་གཞག་སོགས་མཇུག་རྫོགས་པའི་སྐོར་གྱི་འགྲེལ་པ་ལ། 11

11 འདོད་ལྷའི་སྡུག་བསྔལ་བསམ་ཚུལ།མི་གཙང་བ།བུད་མེད་ལ་ཆགས་པ་སྤོང་བ།འགྲོ་བ་གང་ལས་འདིར་སྐྱེས་པའི་རྟགས།བྱམས་པའི་ཕན་ཡོན།སྒྱུ་མ་མཁན་བཟང་པོའི་མདོའི་དོན་བསྡུས་པ་ལ། 12

12 ལེགས་བཤད་གསེར་ཕྲེང་གི་དབུའི་གསུང་ཁ་ཤས་ཀྱི་བསྡུས་དོན་ལ། 12

དཀར་ཆག་ལ། 3

00739 ང་

1 ཡུམ་འབུམ་པའི་ས་བཅད་བསྡུས་པ་ལ། 23

2 ཉི་ཁྲིའི་ས་བཅད་མདོ་ཙམ་བརྗོད་པ་ལ། 14

3 བཀའ་བརྒྱད་སྟོང་པའི་ས་བཅད་བསྡུས་པ།ལྡན་འགྲེལ་ཉེར་གཅིག་སོགས་གཞུང་ཆེན་འགའི་མཚན་བྱང༌།སྟོན་པ་སངས་རྒྱས་དང་ཆོས་བསྐོར་བ་ལས་བརྩམས་པའི་ཡིག་ཆུང༌།རྒྱལ་པོ་ཀྲེ་ཀྲེའི་རྨི་ལྟས་བཅས་ལ། 18

4 མདོ་སྡེ་བསྐལ་བཟང་ལས་གསུངས་པའི་དོན་འགའི་བརྗེད་ཐོ།ལི་ཤི་གུར་ཁང་སོགས་ལས་བཀོལ་བའི་དོན་ལ། 6

5 འཕགས་པ་མདོ་སྡེ་དཀོན་བརྩེགས་ཀྱི་དཀར་ཆག་དང་མདོ་འགའི་བརྗེད་བྱང་བཅས་ལ། 26

6 བློ་སྦྱོང་དོན་བདུན་ནོར་བུའི་ཕྲེང་བ་ལ། 13

7 དགེ་བཤེས་ངག་དབང་ལྡན་མཚན་གྱི་དྲིས་ལན་ལ། 9

8 དགའ་ལྡན་སོགས་དག་ཞིང་དུ་སྐྱེ་བ།འབྲེལ་ཚད་ལ་ཕན་པ།ཆོས་མཐུན་གྱིས་འཚོ་བ།འདི་ཕྱི་ཀུན་ཏུ་ཉེ་བར་ཕན་པའི་འདོད་གསོལ།འོད་ཟེར་མའི་མདོ་ལས་བྱུང་བ་སོགས་སྨོན་ལམ་གྱི་རིམ་པ་བཅས་ལ། 19

9 རྗེ་བཙུན་བྱམས་མགོན་གླིང་སྐོར་ལ་སྤྱན་དྲངས་ནས་མཆོད་ཅིང་སྨོན་ལམ་གདབ་པའི་རིམ་པ།བླ་མ་ཁྲི་འདོན་དང་དབུ་མཛད་དགེ་བསྐོས་བསྒོ་ཚུལ།རྟེན་རྙིང་ལ་ཚོན་གསར་འབུལ་ཚུལ།བསྔོ་བ་བྱེད་ཚུལ་བཅས་ལ། 14

10 བསླབ་ཚིག་སྙིང་གི་ནོར་བུ།བསླབ་ཚིག་བསམ་འཕེལ་ནོར་བུ།ནང་བཅར་གྱི་གཏམ།བསམ་དོན་འགྲུབ་པའི་བསླབ་ཚིག་བཅས་ལ། 15

11 སྐྱེ་བའི་སྡུག་བསྔལ་བསམ་ཚུལ།འཆི་བའི་སྡུག་བསྔལ་བསམ་ཚུལ་ལ། 10

12 དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་བླ་བརྒྱུད་གསོལ་འདེབས་ཐུགས་རྗེའི་སྤྲིན་ཕུང་དང༌།ནང་མཆོད་འབུལ་བའི་ཚིག་གཉིས་པོ་རྗེ་ཨ་ཀྱྰ་རིན་པོ་ཆེས་མཛད་པ་ལ། 3

13 རྡོ་རྗེ་འཇིགས་བྱེད་ཀྱི་མངོན་རྟོགས་བསྡུས་པའི་དམིགས་རིམ་དགེ་ལེགས་ཆར་འབེབས།སྔགས་སྡོམ་གྱི་ཉེར་མཁོ་ཕྲན་ཚེགས་ལ། 30

14 རྡོ་རྗེ་འཇིགས་བྱེད་དཔའ་གཅིག་གི་ཁ་སྐོང་སྦྱིན་སྲེག་དངོས་གྲུབ་ཀུན་འབྱུང༌།འཇིགས་བྱེད་ཀྱིས་རྗེས་སུ་འཛིན་པའི་སྨོན་ལམ་ལ། 25

15 འཇིགས་བྱེད་དཔལ་གཅིག་གི་བཅུ་ཆའི་སྦྱིན་སྲེག་དངོས་གྲུབ་ཀུན་འབྱུང་ལ། 18

16 དེའི་བསྙེན་ཡིག་ཁ་སྐོང་དང༌།ཐིག་འདེབས་ཚུལ།ས་ཆོག་སོགས་ཀྱི་དྲིས་ལན།འཇིགས་བྱེད་ཀྱི་རྒྱས་པའི་སྦྱིན་སྲེག་གི་ཁྱད་པར།

དབང་གི་སྦྱིན་སྲེག་དྲག་པོའི་སྦྱིན་སྲེག་དམིགས་བསལ།ཞི་རྐྱང་གི་སྤེལ་ཚིགཞི་རྒྱས་སྤེལ་ཚིག་ལས་ཐམས་ཅད་པའི་སྤེལ་ཚིག་རྫས་སོ་སོའི་སྤེལ་ཚིག་ཡིད་ཀྱི་སྦྱིན་སྲེག་བྱ་ཚུལ་བཅས་ལ། 24

17 རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་བླ་བརྒྱུད་གསོལ་འདེབས།ནང་མཆོད་འབུལ་ཚིག་བཅུ་གསུམ་མའི་བུམ་ཆོག་སྙན་གསན་སོགས་བྱ་བའི་རིམ་པ།བཅུ་གསུམ་མའི་གཏང་རག་བྱ་ཚུལ་བཅས་ལ། 19

18 བུམ་སྒྲུབ་ཀྱི་རྫས་ཅུང་ཟད་བརྗོད་པ་སྟེ།འདིར་འཇིགས་བྱེད་ཀུན་རིག་ཚེ་དཔག་མེད་གསུམ་གྱི་བུམ་རྫས་དང༌།བདུད་རྩི་རིལ་བུ་སྒྲུབ་ཚུལ་བཅས་ལ། 11

19 རབ་གནས་ཀྱི་ཆོ་ག་དངོས་གྲུབ་ཀུན་འབྱུང་ལ། 4

20 ཀླུའི་བུམ་གཏེར་གྱི་ཆོ་ག་འདོད་དགུའི་ཆར་འབེབས་ལ། 18

དཀར་ཆག་ལ། 3

00740 ཅ་

1 རྣམ་འགྲེལ་མཆོད་བརྗོད་ཀྱི་འགྲེལ་པ།ཆོས་དང་དགེ་འདུན་གྱི་ཡོན་ཏན།འཕྱེ་བོ་ཕོངས་པ།ཞལ་ཏ་གསུམ་གྱི་ལོ་རྒྱུས།ལས་བརྒྱ་པའི་དོན་བསྡུས།འདོད་ལྷའི་འཆི་ལྟས།མཛངས་བླུན་གྱི་དོན་བསྡུས།ལས་ངོས་འཛིན་པའི་ཡིག་ཆུང༌།གཞི་བསམ་སྦྱོར་མཐའི་ཁྱད་པར།ཀུན་སློང༌།བརྣབ་སེམས།གནོད་སེམས།ལོག་ལྟའི་ངོས་འཛིན།གནོད་སེམས་ངོས་འཛིན།སེན་རིང་གི་མདོའི་དོན་བསྡུས་བཅས་ལ། 34

2 བརྗེད་ཐོ་སྣ་ཚོགས་ནང་འཇུག་པ་རང་འགྲེལ་གྱི་ལུང་དོན།ཐལ་འགྱུར་བའི་ལུགས་ཀྱི་ལམ་བགྲོད་དང་སྤང་བྱ་སྤོང་ཚུལ།ཇོ་བོ་རྗེའི་འཁྲུངས་ལོ།རྗེ་སྐུ་གོང་མ་པཎ་ཆེན་གྱི་དོགས་སློང༌།བོད་ཀྱི་རིགས་རྒྱུད་སྐྱེ་བརྗེད་ཐོ།གུ་ཤྲི་ཧན་གྱིས་གཙང་རྒྱལ་སོགས་བཅོམ་ནས་བོད་ཀྱི་རྒྱལ་པོ་བྱས་པ་དང་དེའི་རིགས་རྒྱུད་སོགས་སྐྱེ་བརྗེད་བྱང༌།ཆིང་སེང་གེའི་རྒྱལ་རབས།རྒྱལ་པོ་འགའི་ལོ་ཚིགས།རྒྱ་ནག་རྒྱལ་པོ་ཧུང་ཝུ་སོགས་ཀྱི་ལོ་ཚིགས་བཅས་ལ། 15

3 སྙན་དངགས་སྒྲ་རྒྱན་གྱི་རྣམ་གཞག་དོན་ལྡན་སོ་ལྔ་པ།ཀུན་བཟང་འཁོར་ལོ་བདེ་ལེགས་ཀུན་འབྱུང་བཅས་ལ། 16

4 ཀུན་རིག་གི་བླ་བརྒྱུད་གསོལ་འདེབས་ལ། 3

5 བཅོམ་ལྡན་འདས་ཀུན་རིག་གི་བདག་བསྐྱེད་ཀྱི་ཆོ་ག་དངོས་གྲུབ་ཀུན་འབྱུང་ལ། 28

6 ཀུན་རིག་གི་མདུན་བསྐྱེད་དངོས་གྲུབ་ཀུན་གྲོལ་ལ། 10

7 གཏོར་མ་ཆ་གསུམ་ལ། 7

8 གཏང་རག་སྨོན་ལམ་ཤིས་བརྗོད་ལ། 6

9 ཀུན་རིག་གཙོ་རྐྱང་གི་བདག་བསྐྱེད་དངོས་གྲུབ་དཔལ་སྟེར་ལ། 4

10 རྡོར་སེམས་སྐྱེ་བདག་བསྐྱེད།ཀུན་རིག་རིགས་ལྔའི་བུམ་བསྐྱེད།ཀུན་རིག་གི་མདུན་བསྐྱེད་བསྡུས་པ་བཅས་ལ། 8

11 ཀུན་རིག་ལྷ་སོ་བདུན་གྱི་བུམ་བསྐྱེད་དངོས་གྲུབ་བདུད་རྩི་ལ། 7

12 ཀུན་རིག་གི་དབང་ཆོག་དངོས་གྲུབ་འབྱུང་གནས་ལ། 17

13 ཀུན་རིག་གི་སྒོ་ནས་སྦྱང་ཆོག་བྱ་ཚུལ་སྡིག་སྒྲིབ་རྣམ་སྦྱོང་ལ། 24

14 ཀུན་རིག་གི་བསྙེན་ཡིག་ལ། 10

15 ཀུན་རིག་གི་ཞི་བའི་སྦྱིན་སྲེག་དངོས་གྲུབ་སྙེ་མ་ལ། 15

16 བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་ཀྱི་བླ་བརྒྱུད་གསོལ་འདེབས་རྗེ་ཨ་ཀྱྰ་རིན་པོ་ཆེས་མཛད་པ་དང་ཞབས་བརྟན་སྨོན་ཚིག་བཅས་ལ། 3

17 ཚེ་དཔག་མེད་སྐྱེ་བདག་བསྐྱེད་བདེ་ལེགས་ཀུན་འབྱུང་ལ། 10

18 བུམ་ཆོག་བདེ་ལེགས་རབ་སྟེར་ལ། 3

19 མདུན་བསྐྱེད་བདེ་ལེགས་ཀུན་གྲོལ་ལ། 6

20 དབང་ཆོག་བདེ་ལེགས་མཆོག་གྲོལ་ལ། 10

21 གཏང་རག་བདེ་ལེགས་རབ་ཏུ་རྒྱས་བྱེད་དང་དཀྱིལ་ཆོག་བསྐྱར་ནས་འདོན་ཚུལ་བཅས་ལ། 6

22 མ་ཎི་རིལ་སྒྲུབ་ཀྱི་ཆོ་ག་དངོས་གྲུབ་ཀུན་འབྱུང་ལ། 27

23 ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་མངོན་རྟོགས།སྨན་བླའི་ཕོ་བྲང་གི་ཐིག་འདེབས་ཚུལ་ཟུར་འདེབས།རྟ་བབས་ཀྱི་ཐིག་དང༌།ཀུན་རིག་གི་དཀྱིལ་ཚད་རྡོར་རྭ་བསྐོར་ཚུལ་བཅས་གསུམ་ལ། 6

24 སེང་གདོང་མའི་སྒྲུབ་ཐབས་དག་ཐེར་བྱས་པ།འཇམ་དཔལ་ནག་པོའི་བསྒོམ་བཟླས།འདིའི་བཟློག་པ་བཅས་ལ། 9

25 དམིགས་བརྩེ་མའི་སྒོ་ནས་བྱབས་ཁྲུས་བྱ་ཚུལ་སྡུག་བསྔལ་ཀུན་སེལ།ཡེ་རྡསྦྱའི་བྱབས་ཁྲུས་ཕན་བདེའི་འབྱུང་གནས།གདུགས་དཀར་གྱི་བྱབས་ཁྲུས།སོ་སོར་འབྲང་མའི་བྱབས་ཁྲུས་བཅས་ལ། 20

26 མེ་ལྷ་མཆོད་ཚུལ།ཐབ་ལྷ་ལ་བསྒོ་བ།རྒོད་མའི་འོ་མ་གཏོར་ཚུལ་བཅས་ལ། 6

27 འབུམ་ཁང་བརྩེག་ཚུལ།སཙྪའི་རི་མོ།བཟོད་གསོལ་བཅས་ལ། 5

དཀར་ཆག་ལ། 3

00741 ཆ་

1 མགོན་པོའི་གཤེགས་གཏོར་གྱི་ཆོ་ག་བསམ་དོན་ལྷུན་གྲུབ།དེའི་གཏོར་འབུལ་དོན་གྲུབ་སྒྲ་དབྱངས་དང་གཏོར་རྫོངས་དང་བསངས་བཅས་ལ། 11

2 ཆོས་རྒྱལ་གྱི་གཤེགས་གཏོར་ལེགས་ཚོགས་ཀུན་འབྱུང་དང༌།དེའི་གཏོར་འབུལ།དེའི་བསྟོད་པ་བཅས་ལ། 7

3 ལྷ་མོའི་ལོ་རྒྱུས།སྔགས་དོན།བསྐང་གསོའི་ལྷན་ཐབས།རྡོར་ལེགས་སྐྱེ་བསྟོད་པ་བཅས་ལ། 6

4 རྣམ་སྲས་ཀྱི་གཤེགས་གཏོར་འདོད་དགུའི་ཆར་འབེབས།སྤོས་སྦྱོར།རྣམ་སྲས་སྐྱེ་བསངས་བཅས་ལ། 6

5 ཆོས་སྐྱོང་རྣམས་ལ་གཤེགས་གཏོར་འབུལ་ཚུལ།བསྐང་གསོའི་གཏང་རག་བྱ་ཚུལ་ལ། 10

6 ཟོར་གྱི་རྣམ་གཞག་ཟོར་འཕེན་ཚུལ།དམིགས་པ་དང་དགུག་གཞུག །ལིངྒྰ་གར་འཆམ་རོལ་མོ་དྲུག་ཅུ་པའི་དབྱེ་བ་བཅས་ལ། 16

7 དྲུག་ཅུ་པའི་ཆོ་ག་བར་ཆད་ཀུན་སེལ་ལ། 6

8 རྟ་མགྲིན་གྱི་བསྐང་གསོ་ལ། 6

9 གུར་མགོན་གྱི་བསྐང་གསོ་བསྟན་དགྲ་ཐལ་བར་རློག་བྱེད་ལ། 13

10 རྒྱལ་པོ་སྐུ་ལྔའི་བསྐང་གསོ་བདུད་རྩིའི་སྨན་མཆོག་ལ། 13

11 དེའི་བསྐང་གསོ་ཆར་འབེབས་གཏོར་འབུལ་ཆོས་སྐྱོང་མཉེས་པའི་སྒྲ་གར་དང་སྐུ་ལྔའི་བསྟོད་པ་བཅས་ལ། 11

12 བསྟན་སྲུང་ཆེན་པོ་བཀྭན་ལོ་ཡེའི་གསོལ་མཆོད་འདོད་དོན་ཀུན་གྲོལ་ལ། 10

13 བཀན་ལོ་ཡེའི་གསེར་སྐྱེམས་དང་བསངས་ལ། 3

14 དགྲ་ལྷའི་གསོལ་མཆོད་འདོད་དགུའི་ཆར་འབེབས་ལ། 13

15 གཞི་བདག་གི་གཏོར་འབུལ།ཡི་དམ་ཆོས་སྐྱོང་ལ་ཕྱུག་དང༌།རྟ།ར་བཅས་འབུལ་ཚུལ་ལ། 5

16 གཏོར་མ་བཟོ་ཚུལ་འདོད་དོན་ཀུན་གྲུ།ཆོས་སྐྱོང་འགའི་ཕྱི་རྟེན་སོགས་བྱ་ཚུལ།སྤོས་སྦྱོར་བྱ་ཚུལ།བ་བྱུང་ལྔ་སྦྱོར་ཚུལ་བཅས་ལ། 13

17 བླ་བྲང་ཆོས་སྐྱོང་གི་བསངས་མཆོད་བསམ་དོན་ལྷུན་གྲུབ།གཞི་བདག་གི་བསངས།ས་བཟང་ཆེ་མིག་གི་བསངས་ཆོག་བཀྲ་ཤིས་ཀུན་འབྱུང༌།འགོ་ལྷའི་བསངས།ས་བདག་རྒན་དཀར་གྱི་བསངས་བཅས་ལ། 7

18 མཚེར་ས་སོགས་ཀྱི་གཞི་བདག་མཆོད་ཚུལ་ལ། 5

19 ས་བརྟག་ཚུལ་དང༌།ས་ཆོག་ནོར་བུའི་བང་མཛོད་ལ། 9

20 ལྟོ་འཕྱེ་བརྟག་པ་དང་སའི་ཟུག་རྔུ་བསལ་བའི་ཚུལ་ལ། 14

21 ས་བདག་ཆབ་གཏོར།ཕྱུག་རྒྱའི་བཀའ་བསྒོ།དུར་འདེབས་ས་ཆོག་བུམ་པ་བརྩིག་ཚུལ་བཅས་ལ། 7

22 ལྷ་ཐོ་བརྩིག་ཚུལ་དངོས་གྲུབ་གཏེར་མཛོད།དེའི་ལྷན་ཐབས།ཐོ་རྙིང་གསོ་ཚུལ་བཅས་ལ། 9

23 ཆར་འབེབས་ཕན་བདེའི་རྒྱ་མཚོ་ཆེན་པོ།གཏོར་སྒྲད།ལྟུང་ལྷ་མཆོད་ཚུལ་ལ། 11

24 ཆར་འབེབས་བསམ་དོན་ལྷུན་གྲུབ།ཁ་བ་བུ་ཡུག་བཟློག་ཐབས་ལ། 12

25 རིན་པོ་ཆེ་དང་ས་རྡོའི་སྨན་ངོ་ཤེས་བྱེད་ལ། 11

26 ཤིང་ཐང་རྩེ་གསུམ་གྱི་སྨན་ངོ་ཤེས་བྱེད་ལ། 18

27 སྔོ་ཡི་སྨན་ངོ་ཤེས་བྱེད་ལ། 37

28 ཚ་ཐལ་དང་སྲོག་ཆགས་ལས་འབྱུང་བའི་སྨན་ངོ་ཤེས་བྱེད་ལ། 8

29 རྩ་བརྟག་ཚུལ།གཏར་རྩ་ངོས་འཛིན་བཅས་ལ། 13

30 སྨན་མར་སྦྱོར་ཚུལ།བདུད་རྩི་ལྔའི་ཆེ་ལུམས།ཕྰ་ཡོའུསྭའི་སྨན།བསེ་དུག་གི་སྨན།རོ་འབྲུམ་དང་སྨེ་བའི་སྨན།སྣ་སྨན་སྦྱོར་ཚུལ།ལྷ་འབྲུམ་དཀར་པོའི་སྨན་འཐེན་ཚུལ་དང་སྨན་སྦྱོར་ཚུལ།དེའི་བླང་དོར་བྱ་ཚུལ་བཅས་ལ། 8

དཀར་ཆག་ལ། 3

00742 ཇ་

1 ལྔ་བསྡུས་ཀྱི་རྣམ་བཤད་བཀྲ་ཤིས་ཆར་འབེབས་ལ། 48

2 ལྔ་བསྡུས་ཀྱི་མྱུར་རྩིས་བཀྲ་ཤིས་རབ་རྒྱས་ལ། 26

3 ལོ་ཟླ་སོགས་ཀྱི་རྩིས་སྐོར་བཀྲ་ཤིས་དཔལ་སྟེར་ལ། 30

4 ལོ་བདག་སྐར་མ་བཀྲ་ཤིས་སྙེ་མ་ལ། 16

5 དགེ་ལྡན་རྩིས་གསར་གྱི་ལྔ་བསྡུས་བཀྲ་ཤིས་མཆོག་སྟེར་ལ། 4

6 བྱེད་རྩིས་ཀྱི་ལྔ་བསྡུས་བཀྲ་ཤིས་ཉིན་བྱེད་ལ། 7

7 བླ་རྩིས་བཀྲ་ཤིས་ཟླ་གསར་ལ། 26

8 རྩིས་སྐོར་ཐོར་བུ་འགའ་ཞིག་བཤད་པ་བཀྲ་ཤིས་སྨན་ལྗོངས་ལ། 13

9 འབྱུང་རྩིས་ལུགས་ཀྱི་ལོ་བགེགས་བརྟག་པ་མན་ངག་དོན་བསྡུས་ལ། 25

10 ཐང་ཤིང་གི་བརྟག་པ་གསལ་བའི་མེ་ལོང་ལ། 12

11 དབྱངས་འཆར་གྱི་བརྟག་པ་འགའ་ཞིག་བཤད་པ་བཀྲ་ཤིས་དགའ་སྟོན་ལ། 14

12 ཁྱིམ་ཞག་གི་ལྔ་བསྡུས་བྱ་ཚུལ།ཉིན་ཞག་གི་ལྔ་བསྡུས།གློ་བུར་ཉིན་རྩིས་བྱ་ཚུལ།ཞག་གསུམ་གཅིག་གི་བར་ལ་ལས་ཅིག་ཤོས་འདོན་ཚུལ།དུ་བ་མཇུག་རིང༌།གཟའ་སྐར་གྱི་ལོངས་སྤྱོད།རྩིས་གསར་ལུགས་སྐྱེ་བསྟན་རྩིས་བཅས་ལ།9

13 རྩིས་སྐོར་ལས་བརྩམས་པའི་བརྗེད་བྱང༌།ལ་སྟོན་པའི་འཁྲུངས་རབས་དང་ཤ་ལའི་རྒྱལ་རབས་སོགས་ཀྱི་ཡིག་ཆེང་ཉི་མའི་གཟའ་སྐར་ཉི་བར་སོགས་ཀྱི་རྒྱུ་མཚན།ཉི་ཟླ་ཚེས་གསུམ་གྱི་རྟག་ལོངས་ཀྱི་ཁྱད་པར་རྩིས་གཞི་ཐོར་བུ།ཆེ་ཚོད་སྐྱེ་བརྟག་ཐབས་ཡུལ་གྱི་ཆེ་ཚོད་ཆེ་སྲང་སོགས་ཀྱི་ཚད་ཉི་མའི་ལྟུང་བགྲོད།ཉི་མའི་རང་བགྲོད།རྐང་བའི་ལོངས་སྤྱོད་འཕེལ་གྲིབ་སོགས་ལ། 10རབ་འདོད་ལྕགས་མོ་བྱ་ལོའི་ལོ་ཐོ་བཀྲ་ཤིས་དོན་གྲུབ་ལ། 29

15 རྟག་ལོངས་སོགས་ཀྱི་རེ་མིག་བཀྲ་ཤིས་གསལ་བྱེད་དང་ཉི་མའི་རྟག་ལོངས་བརྗེད་བྱང་བཅས་ལ། 6

16 དགུ་ཟླ་སོགས་ཀྱི་རི་མོ་བྱ་ཚུལ་བཀྲ་ཤིས་སྒོ་འབྱེད་ལ། 25

17 པར་བྱང་སྨོན་ལམ་དང་བཀྲ་ཤིས་ལེགས་ཚོགས་གཏེར་སྟོན་སྒྲོན་མེ་ལ། 14

དཀར་ཆག་ལ། 2

00743 ཉ་

ཀརྗེ་རིན་པོ་ཆེའི་རྣམ་ཐར་ཟུར་རྒྱན་ཀུན་འབྱུང་ལས་སྟོན་པ་ལ་ཤེལ་ཕྲེང་སྤྲུལ་བ་དང༌།སྟོན་པའི་འཁྲུངས་ལོ།སྐུ་འབུམ་བཏབ་ལོ།རྒྱལ་དབང་རིན་པོ་ཆེ་ན་རིན་གྱི་ལོ་ཚིགས།སྐུ་འབུམ་ཙནྡན་དང་མཆོད་རྟེན་གྱི་སྐོར་ཁུང་ཡོད་མེད་ཁྱད་པར།རྗེ་རིན་པོ་ཆེ་དབུས་སུ་ཕེབས་པའི་ལོ་ཚིགས།དགུང་ལོ་དང་བསྟུན་ནས་བཤད་པའི་རྒྱུ་མཚན།ལྷོ་བྲག་གྲུབ་ཆེན་དང་མཇལ་བའི་དགུང་ལོ།རྩ་རིའི་ལམ་ཉེ་རིང༌།ཧོར་རྒྱལ་པོར་གསུང་ཤོག་གནང་བའི་བཞུགས་ཡུལ།བཀྲ་ཤིས་དོ་ཁར་བྱོན་པ་དང་རྗེ་དགེ་འདུན་གྲུབ་པའི་དགུང་ལོའི་སྐོར།སྤྲུལ་པའི་གླེགས་བམ་གྱི་ཡིག་ཆུང༌།དགའ་ལྡན་ཁྲི་པ་རྣམས་ཀྱི་མཚན་དང་ལོ་ཚིགས་བཅས་ལ། 25

ཁབླ་བརྒྱུད་གསོལ་འདེབས་གང་ལ་སྦྱར་ཆོག་པའི་ཚིགས་བཅད།

པཎ་ཆེན་རིན་པོ་ཆེ་དང་རྒྱལ་དབང་རིན་པོ་ཆེའི་འཁྲུངས་རབས་གསོལ་འདེབས་བཅས་ལ། 3

གཐོར་བུ་སྣ་ཚོགས་ཏེ།རྗེའི་རྣམ་ཐར་གྱི་ཆ་འགའི་བརྗེད་ཐོ་དང༌།རྗེའི་ཡུམ་ལ་ཁྲུས་མཛད་མཁན་དང་ཙནྡན་གྱི་བརྗེད་ཐོ།སངས་རྒྱས་བཅོམ་ལྡན་འདས་དང་ལྷ་སོགས་ཀྱི་ཁྱད་པར་ཤེས་པའི་བརྗེད་ཐོ།གསུང་གི་ཡོན་ཏན་གྱི་ཡིག་ཆུང༌།ཉེ་བའི་སྲས་བརྒྱད།གནས་བརྟན་བཅུ་དྲུག་རྒྱལ་ཆེན་བཞི།པེ་ཧར་རྒྱལ་པོའི་ལོ་རྒྱུས།གཞན་ལ་ཕན་པའི་འཕྲིན་ལས།མཆོག་གསུམ་ལ་འབྲེལ་བ་བཞག་པའི་ཁྱད་པར།བག་ཡོད་བྱ་ཚུལ།ཚོགས་བཤད་ཀྱི་ཚུལ།མདོ་སྔགས་ཟུང་འབྲེལ་གྱི་ཡིག་ཆུང༌།ཆོས་སྡེ་འགའ་བཏབ་པའི་བརྗེད་ཐོ།ཇོ་བོ་རྗེ་གདན་དྲངས་པའི་ཡིག་ཆུང༌།རྒྱ་གར་སྒོ་དྲུག་པ།གཏན་ཚིགས།བོད་ཀྱི་རྒྱལ་རབས་འགའ།ཨོ་རོད་ཀྱི་རྒྱལ་རབས་བཅས་ལ། 38

ངརབ་བྱུང་ཉེར་ལྔའི་སྡོམ་རྩིས།རྟོགས་བརྗོད་ཀྱི་མགུར།

དྲང་གཏམ་གྱི་འབྱུང་གནས་བླ་མའི་གསུང་ལ་ཡིད་ཆེས་བྱ་བའི་དཔེ།ལུང་སྣ་ཚོགས།སྤེལ་མར་བསྟོད་པའི་གཞི་ཆོས།གདམས་ངག་སྟོན་ཡུལ།ཀུན་རིག་གི་ངོ་སྤྲོད།རྣམ་དབྱེ་ཚིག་ཕྲད་འགའི་བརྗེད་ཐོ།རྫུ་འཕྲུལ་ལས་བརྩམས་པའི་ཡིག་ཆུང་བཅས་ལ། 15

ཅདགའ་ལྡན་རིལ་སྒྲུབ་ཀྱི་ཆོ་ག་དངོས་གྲུབ་ཀུན་འབྱུང་དང་རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་གསུང་གི་པར་བྱང་གཉིས་ལ། 12

ཆབཅོམ་ལྡན་འདས་རྣམ་རྒྱལ་མ་ལ་སྟོང་མཆོད་འབུལ་ཚུལ་དང་སྨོན་ལམ་ཚིགས་བཅད་བཅས་པར།31

ཇཆོས་གོས་སོགས་ལ་དད་པའི་སྒོ་འབྱེད་ནོར་བུའི་ལྡེ་མིག་དང་གཞི་གསུམ་ཉམས་ལེན་བཅས་ལ། 32

ཉགཞི་གསུམ་གྱི་ལག་ལེན་ཟིན་བྲིས་ལ། 11

ཏའདུལ་བའི་ལས་ཚོགས་ཟུར་འདེབས་ཀྱི་ཡིག་ཆུང་དང་གོས་ཀྱི་ཡིག་ཆུང་ལ། 19

ཐགྲོ་བཞིན་ཀྱིས་ཀྱི་གཏམ་རྒྱུད་ལས་བླ་ཀྱི་གཟུགས་བརྙན་མེ་ལོང་དང༌།ཅུང་དགའ་བོའི་ལོ་རྒྱུས།བདེ་བྱེད་ཀྱི་གཏམ་རྒྱུད།དགེ་འདུན་གསུམ་གྱི་རྟོགས་བརྗོད།ལས་འཕྲོ་བྲམ་ཟེའི་འདོད་ཚུལ་བཅས་ལ། 21

དབཅོམ་ལྡན་འདས་ཀུན་རིག་གཙོ་རྐྱང་དང༌།ཞི་སྦྱིན།དཀྱིལ་འཁོར་སྒྲུབ་མཆོད་བཅས་ལ། 14

ནཀུན་རིག་གི་ཆོ་གའི་ཁྱད་པར་ལ། 17

པཕུང་པོ་སྲེག་སྦྱངས་སྒོ་འབྱེད་ལ། 7

ཕཡེ་ཤེས་མགོན་པོའི་སྔགས་བཟླ་བའི་ཚེ་བདུད་རྩི་འབེབས་སྦྱང་དང༌།ཚེ་འགུགས།གསོན་པོའི་སྦྱང་ཆོག་སྲུང་བ་ལྔའི་སྦྱིན་སྲེག་རྣམ་སྲས་ཀྱི་སྦྱིན་སྲེག་ཕྱུག་རྡོར་འབྱུང་པོའི་སྦྱིན་སྲེག་བཅས་ལ། 10

བཁྱིམ་པ་གྲོགས་བསྡེབས་བག་རྩེད་ལ། 8

མབག་མ་གཏོང་ལེན་ལ་མཁོ་བའི་ཆོ་ག་བཀྲ་ཤིས་ཀུན་འགྲུ་ལ། 5

ཅགཏེར་བུམ་སྒྲུབ་ཚུལ་བཀྲ་ཤིས་ཀུན་འབྱུང་ལ། 3

ཚཀླུ་མཆོད་ཀུན་འབྱུང་དང་ཀླུ་བསངས་བཅས་ལ།ཛདམ་པའི་ཆོས་ལ་འཇུག་ཚུལ་དང༌།བློའི་གཞི་ཚུགས་པ།བསམ་གཏན་གསུམ་གྱི་རྣམ་གྲངས་བཅས་ལ། 68

དཀར་ཆག་ལ། 4

00744 ཏ་

ཀགསེར་མདོག་ཞྭའི་ཆོས་དང་འབྱུང་ཁུངས་བསྡུས་ཙམ་བསྟན་པའི་ཚིགས་བཅད་ཞྭ་དམར་ཆོས་གྲགས་ཀྱིས་མཛད་པའི་སྟེང་དུ་ཚིག་ཅུང་ཟད་བསྣན་ཏེ།ཚེ་ལྷ་རྣམ་གསུམ་གྱི་བསྟོད་པ་ཚེ་ཡི་མཆོག་གྲོལ།ཇེ་བཟང་དུ་འགྲོ་བའི་ཐབས།དུ་བ་འགོག་བྱེད་ཀྱི་གཏམ།དུ་བ་སྤོང་བའི་བསླབ་ཚིག་ཆང་གི་ཉེས་དམིགས་སྟོན་པའི་ཚིགས་བཅད།ཆང་སྤོང་བའི་བསླབ་ཚིག་བཅས་ལ། 12

ཁལམ་ཁྲིད་སྐྱེ་བརྗེད་བྱང༌།མི་ལའི་རྣམ་ཐར་གྱི་བརྗེད་ཐོ།སྦྱིན་སྲེག་གི་བརྗེད་ཐོ།ཐོས་པ་བྱས་པའི་དགོས་པ།རིམ་ལྔའི་དོན་བསྡུས་ཡིག་ཆུང་བཅས་ལ། 7

གབོད་དུ་ཐོག་མར་འདུལ་བ་འབྱུང་ཚུལ་ལ། 6

ངའཁར་གསིལ་གྱི་མཚོན་དོན་བཀའ་གདམས་གླེགས་བམ་ལས་ཟུར་དུ་བཀོལ་པ་ལ། 4

ཅལྷ་ཁང་བཞེངས་པའི་ས་ལ་བྱིན་རླབས་དགོས་པ་སོགས་ལ། 8

ཆཔཎ་ཆེན་རིན་པོ་ཆེའི་གསུང་འགའ་ལས་བརྩམས་པའི་དྲིས་ལན་ལ། 11

ཇབོད་ཡིག་འཇུག་ཚུལ་དང་རྣམ་དབྱེ་ལ། 7

ཉཚོགས་འཁོར་གྱི་ཆོ་ག་སྐྱབས་མགོན་མཆོག་གི་ལག་ལེན་བཞིན་བྲིས་པ་ལ། 10

ཏབཅོམ་ལྡན་འདས་གདུགས་དཀར་མོ་ཅན་ལྷ་སོ་ལྔའི་ཆོ་ག་དངོས་གྲུབ་ཀུན་འབྱུང་ལ། 19

ཐགདུགས་དཀར་གྱི་གཟུངས་འདོན་ཚུལ་ལ། 5

དགདུགས་དཀར་བཟློག་ཆེན་གྱི་ཆོ་ག་འཕྲིན་ལས་ཀུན་སྒྲུབ་ལ། 16

ནཟློག་ཆེན་གྱི་གཏོར་མ་བཟོ་ཚུལ་ལ། 6

པཞི་བར་བྱེད་པའི་སྦྱིན་སྲེག་བྱ་ཚུལ་བདེ་ལེགས་ཀུན་གྲོལ་ལ། 6

ཕནོར་ལྷ་གསུམ་གྱི་སྦྱིན་སྲེག་བྱ་ཚུལ་དགོས་འདོད་ཀུན་འབྱུང་ལ། 5

བདགྲ་ལྷའི་རྟེན་དར་བཙུགས་ནས་མཆོད་པའི་ཆོ་ག་འདོད་དོན་ཀུན་འགྲུ་ལ། 13

མས་བདག་གདོན་འགྲོལ་གྱི་བདེ་ལེགས་དཔལ་སྟེར་ལ། 21

ཙསྲུང་བ་ལྔའི་བྱབས་ཁྲུས་བྱ་ཚུལ་ཕན་བདེའི་འབྱུང་གནས་ལ། 10

ཚརྗེའི་རྣམ་ཐར་ཉམས་ལེན་དུ་བྱ་ཚུལ་དངོས་གྲུབ་ཀུན་གྲོལ། 4

ཛརིན་པོ་ཆེ་ངོས་བཟུང་ནས་སྤྱོད་ཚུལ་གྱི་གཏམ་ལ། 4

ཝཆོས་འབྱུང་ལས་བླངས་པའི་ཡིག་ཆུང་ལ། 6

ཞདཀར་ཆག་ལས་བླངས་པའི་ཡིག་ཆུང་ལ། 6

ཟརྗེ་རིན་པོ་ཆེས་འདུལ་བའི་བསྟན་པ་རྒྱས་པར་མཛད་ཚུལ་སོགས་ལ། 7

འཐ་མ་ཁ་སྤོང་དགོས་པ་སོགས་ཀྱི་མཐའ་ལ་དཔྱོད་པའི་ཡིག་ཆུང་སྐལ་ལྡན་བློ་གྲོས་མིག་འབྱེད་ལ། 6

ཡསློབ་གཉེར་བྱེད་ཚུལ་སོགས་ལ། 6

རགསར་དུ་བརྩམས་པའི་ཆོས་རྣམས་ཀྱི་དགོས་པ་དང་བསྡུས་དོན་བསྟན་པ་ལ། 10

ལརྗེ་ཐམས་ཅད་མཁྱེན་པའི་བརྟན་བཞུགས་གསོལ་འདེབས་བསམ་དོན་དོན་གྲུབ་ཅེས་བྱ་བ་ལ། 2

དཀར་ཆག་ལ། 2

00745 ཐ་

ཀཚོགས་སུ་ལངས་ནས་ཆོས་འཁོར་གྱི་བཤད་པ་དང༌།བགྲོ་གླེང་བྱེད་ཚུལ་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་ལ། 13

ཁཆོས་འཁོར་གྱི་མཐའ་དཔྱོད་ལ། 15

གཚོགས་ལངས་ཀྱི་དགོས་པ་བསྟན་པ་ཡིད་བཞིན་ནོར་བུ་ལ། 3

ངབྱམས་གཞུང་གི་ཚོགས་ལངས་བྱ་ཚུལ་ཕན་བདེའི་དགའ་སྟོན་ལ6

ཅབྱམས་གཞུང་གི་མཐའ་དཔྱོད་ལ། 14

ཆཉན་ཐོས་ཞི་འཚོལ་མའི་ཚོགས་ལངས་བྱ་ཚུལ་ལེགས་ཚོགས་ཀུན་འབྱུང་ལ། 6

ཇཉན་ཐོས་ཞི་འཚོལ་མའི་མཐའ་དཔྱོད་ལ། 27

ཉསེམས་བསྐྱེད་ཀྱི་ཚོགས་ལངས་བྱ་ཚུལ་ཕན་བདེའི་འབྱུང་གནས་ལ། 6

ཏསེམས་བསྐྱེད་ཀྱི་མཐའ་དཔྱོད་ལ། 12

ཐསྐྱབས་གསུམ་གྱི་ཚོགས་ལངས་ལ་བཤད་པ་བྱ་ཚུལ་ལ། 4

དསྐྱབས་གསུམ་གྱི་མཐའ་དཔྱོད་ལ། 14

ནབགྲོ་གླེང་གལ་ཆེ་བའི་གཏམ་དང༌།སློབ་གཉེར་མི་བྱེད་པ་སྤོང་བའི་གཏམ།ཞལ་གཟིགས་ཉམས་སྣང་གི་ཡིག་ཆུང་བཅས་ལ། 4

པརྗེས་ཁྱབ་ལྡོག་ཁྱབ་སོགས་ལས་བརྩམས་པའི་ཡི་གེ་དང༌།ཚུལ་གསུམ་གྱི་མཚན་ཉིད།གཏན་ཚིགས་གསུམ་གྱི་དགོས་པ་བཅས་ལ། 7

ཕབསྲེ་བསླད་སྤོང་བའི་གཏམ་ལ། 4

བདབང་རྣོན་དང་བ་ཀྱི་ཚུལ་དང༌།དགོས་འགྲེལ་གྱི་དོན་བསྡུས།འགྲེལ་པ་དོན་གསལ་གྱི་མཆོད་བརྗོད།སེམས་བསྐྱེད་ཡིག་ཆུང༌།ཤེར་ཕྱིན་མཆོད་བརྗོད་ཀྱི་སྒྲ་དང་ཆོས་ཅན་བརྗོད་པའི་སྒྲའི་ཁྱད་པར།གཟུང་རྟོག་འཛིན་རྟོག་གི་ཁྱད་པར།མཆོད་བརྗོད་ཀྱི་དགོས་དོན་མཐོང་ལམ་ལས་བརྩམས་པའི་བརྗོད་ཐོ།རྩ་ཉོན་ཉེ་ཉོན་གྱི་སྡོམ་ཚིག་གཞོན་ནུ་མ་བདུན་གྱི་རྟོགས་བརྗོད།སེམས་འགྲེལ་སྐོར་གསུམ་གྱི་བརྗེད་བྱང་བཅས་ལ། 27

མཁྱབ་མཐའ་ཁ་དོག་གཞི་གྲུབ་སོགས་ལ། 21

ཙཁ་དོག་དཀར་དམར་གྱི་རིགས་ལམ་གཏོང་ཚུལ་ལ། 9

ཚའབྱུང་བ་དང་འབྱུང་འགྱུར་སོགས་ཀྱི་ངོས་འཛིན་ལ། 20

ཛགཞི་གྲུབ་ཡིན་ལོག་སོགས་བསྲེས་པའི་ཁྱབ་སྐོར་ལ། 18

ཝམཚན་མཚོན་གྱི་ཁྱབ་སྐོར་ལ། 18

ཞརྒྱུ་བླ་དང་གཞན་སེལ་གྱི་ཡིག་ཆུང་ལ། 6

ཟརྫས་ལྡོག་དང༌།འགལ་འབྲེལ།ཚིག་བཀྲ་བཅས་ལ། 15

དཀར་ཆག་ལ། 4

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །ཆ་ཧར་བློ་བཟང་ཚུལ་ཁྲིམས་ནི་བྱང་ཕྱོགས་སོག་པོའི་ཡུལ་དུ་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་ནང་འཁྲུངས།རྗེ་འདིའི་མཛད་རྣམ་མ་རྙེད་པས་ཞིབ་ཆ་འབྲིར་མ་སྤོབས།ཁོང་ལ་གསུང་འབུམ་པོད་མང་དག་ཅིག་ཡོད་ཅེས་འཁོད་ཀྱང༌།འདིར་གསུང་འབུམ་པོད་བཅུ་བཞུགས།

  རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

 

 

                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།