ལྕང་སྐྱ་རོལ་པའི་རྡོ་རྗེའམ་ཡེ་ཤེས་བསྟན་པའི་སྒྲོན་མེའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-27 22:42:41     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།    ཀློག་ཐེངས།  

微信图片_20170625075737.jpg

བར་བོད།ཤོག་གྲངས།

00726 ཀ

1 རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་གཟིགས་རྡོ་རྗེ་འཆང་བློ་བཟང་བསྐལ་བཟང་རྒྱ་མཚོ་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་མདོ་ཙམ་བརྗོད་པ་དཔག་བསམ་རིན་པོ་ཆེའི་སྙེ་མ་ལ། 558

2 གསང་བའི་རྣམ་པར་ཐར་པའི་སྒོ་ནས་བསྟོད་པ་ཐུགས་རྗེའི་ཉིན་བྱེད་འདྲེན་པའི་སྐྱ་རེངས་ལ། 4

00727 ཁ

1 དགའ་ལྡན་ཁྲི་རིན་པོ་ཆེ་ཨ་ཆི་ཐུ་ནོ་མོན་ཧན་གྱི་རྣམ་ཐར་མཁའ་སྤྱོད་གྲུབ་པའི་གཏམ་སྙན་ལྷའི་རྔ་བོ་ཆེ་ཞེས་བྱ་བ་ལ། 92

2 རྟེན་འབྲེལ་བསྟོད་པའི་ཊིཀྐ་ལེགས་བཤད་ནོར་བུའི་བང་མཛོད་ལ། 57

3 འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྣམ་པར་བཤད་པ་ཀུན་ཏུ་བཟང་པོའི་དགོངས་པ་གསལ་བར་བྱེད་པའི་ལྡན་ལ། 25

4 བྱང་ཆུབ་ལམ་གྱི་སྒྲོན་མེའི་ས་བཅད་མདོར་བསྡུས་ལ། 8

5 སུམ་ཅུ་པ་དང་རྟགས་འཇུག་གི་དོན་ཉུང་ངུར་བཤད་པ་བློ་ལྡན་དགའ་བསྐྱེད་ལ། 11

6 རྗེ་བཙུན་འཇམ་པའི་དབྱང་དང་འབྲེལ་བའི་བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་དུ་འཇུག་པའི་ལྕགས་ཀྱུ་ལ། 4

7 རྗེ་བདག་ཉིད་ཆེན་པོ་དང་འབྲེལ་བའི་བླ་མའི་རྣལ་འབྱོར་དངོས་གྲུབ་ཀུན་འབྱུང་ལ། 2

8 བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུག་ལ། 5

9 བླ་མའི་རྣལ་འབྱོར་དོན་གཉིས་དོན་གྲུབ་ལ། 3

10 སྐལ་ལྡན་གྱི་སྐྱེས་བུས་བླ་མ་ལྷ་ཡི་རྣལ་འབྱོར་ལ་བརྟེན་ནས་ལམ་གྱི་རིམ་པའི་དགེ་སྦྱོར་སྐྱོང་ཚུལ་མདོར་བསྡུས་ལ། 6

11 བླ་མའི་རྣལ་འབྱོར་དངོས་གྲུབ་ནོར་བུའི་བང་མཛོད་ལ། 6

12 བདེ་མཆོག་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ལ། 3

13 བདེ་མཆོག་དཀར་པོ་དང་འབྲེལ་པའི་བླ་མའི་རྣལ་འབྱོར་བྱིན་རླབས་གཏེར་མཛོད་ལ། 3

14 དཔལ་རྡོ་རྗེ་འཇིགས་བྱེད་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཉམས་སུ་ལེན་ཚུལ་དངོས་གྲུབ་ཆར་འབེབས་ལ། 5

15 རྟ་མགྲིན་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ལ། 3

16 བླ་མགོན་དབྱེར་མེད་ཀྱི་བླ་མའི་རྣལ་འབྱོར་ཉམས་སུ་ལེན་ཚུལ་ལ། 3

17 བླ་མ་མཆོག་གསུམ་སྤྱིའི་མཆོད་ཆོག་ཡིད་བཞིན་དབང་རྒྱལ་ཞེས་བྱ་བ་ལ། 28

དཀར་ཆག་ལ། 2

00728

1 དཔལ་གསང་བ་འདུས་པའི་བསྙེན་ཡིག་དངོས་གྲུབ་བདུད་རྩིའི་བུམ་བཟང་ཞེས་བྱ་བ་ལ། 8

2 དཔལ་འཁོར་ལོ་སྡོམ་པ་ལྰུ་དྲིལ་གཉིས་ཀྱི་བསྙེན་པ་བྱེད་ཚུལ་གསལ་བར་བཤད་པ་མཁའ་འགྲོའི་གསང་མཛོད་བདུད་རྩིའི་བུམ་བཟང་ལ།21

3 དཔལ་འཁོར་ལོ་བདེ་མཆོག་དྲིལ་བུ་ལུས་དཀྱིལ་གྱི་བུམ་ཆོག་དང་བདག་འཇུག་འདོན་འགྲིགས་ཀྱི་བཀླག་ཆོག་ལ།26

4 བདེ་མཆོག་ལྷན་ཀྱིས་ཀྱི་སྒྲུབ་ཐབས་མདོར་བསྡུས་ལ། 3

5 བླ་མ་འཁོར་ལོ་བདེ་མཆོག་ལ་གསོལ་འདེབས་སྨོན་ལམ་གྱི་ཚིགས་སུ་བཅད་པ་ཏམྦུ་རའི་སྒྲ་དབྱངས་ལ། 2

6 བདེ་མཆོག་གི་ཟས་མཆོད་ཅེས་བྱ་བ་ལ། 2

7 དཔལ་འཁོར་ལོ་སྡོམ་པ་དྲིལ་བུ་ལུགས་ཀྱི་སྒོ་ནས་ལྷོ་སྒོའི་ཆོ་ག་བྱ་ཚུལ་སྡིག་སྒྲིབ་སྦྱོང་བྱེད་ཟླ་བའི་འོད་ཟེར་ལ། 20

8 དེའི་ཞི་བའི་སྦྱིན་སྲེག་བྱ་ཚུལ་འདོད་འཇོ་ལ། 12

9 དཔལ་འཁོར་ལོ་སྡོམ་པའི་ལྷ་ཚོགས་ལ་བསྟོད་པའི་རབ་བྱེད་དཔའ་བོ་དགྱེས་པ་བསྐྱེད་བྱེད་བདེ་བ་ཆེན་པོའི་སྒྲ་དབྱངས་ལ། 5

10 བདེ་མཆོག་དཀར་པོའི་ཚེ་སྒྲུབ་བྱ་ཚུལ་འཆི་བདག་འཇོམས་པའི་མཚོན་ཆ་ལ། 3

11 དེའི་སྒོ་ནས་ཚེ་སྒྲུབ་བྱ་ཚུལ་འཆི་མེད་བདུད་རྩིའིརྒྱ་མཚོ་ལ། 6

12 དེའི་ཞབས་བརྟན་འབུལ་ཚུལ་འཆི་མེད་ཚེ་ཡི་མཆོག་སྦྱིན་ལ། 9

13 བདེ་མཆོག་དཀར་པོ་ཡབ་ཡུམ་ལ་ཚེ་ཡི་དངོས་གྲུབ་ཞུ་བའི་སྒོ་ནས་གསོལ་བ་འདེབས་པ་བདེ་ཆེན་བདུད་རྩིའི་བུམ་བཟང་ལ། 2

14 བདེ་མཆོག་ལྷ་ལྔའི་སྨོན་ལམ་ཤིས་བརྗོད་ལ། 4

15 ཀྱཻ་རྡོར་ལྷ་དགུའི་སྒྲུབ་ཐབས་བདེ་བ་ཆེན་པོའིརྒྱ་མཚོ་ལ། 16

16 གྲུབ་རྒྱལ་ལུགས་ཀྱི་ཚེ་ཁྲིད་འཆི་མེད་བདུད་རྩིའི་སྙིང་པོ་ལ། 6

17 དེའི་ཚེ་ཁྲིད་དངོས་གྲུབ་བང་མཛོད་ལ། 4

18 གསང་བདག་འཁོར་ལོ་ཆེན་པོའི་སྒྲུབ་ཐབས་ཁམས་གསུམ་ལས་རྣམ་པརརྒྱལ་བ་རྡོ་རྗེ་ལྷུན་པོ་ལ། 27

19 འཁོར་ལོ་ཆེན་པོའི་རས་བྲིས་དང་བསམ་གཏན་གྱི་སྒྲུབ་མཆོད་བྱ་ཚུལ་སྲིད་གསུམ་བགེགས་དཔུང་འཇོམས་བྱེད་རྡོ་རྗེ་འབར་བའི་འཁོར་ལོ་ལ། 17

20 འཁོར་ཆེན་ལྷན་ཀྱིས་ཀྱི་སྒྲུབ་ཐབས་བདུད་ཐམས་ཅད་ལས་རྣམ་པརརྒྱལ་བ་ལ། 12

21 འཁོར་ཆེན་གྱི་ཞི་བའི་སྦྱིན་སྲེག་བྱ་ཚུལ་དངོས་གྲུབ་གཏེར་མཛོད་ལ། 15

22 ཚེམ་བུ་ལུགས་ཀྱི་སྤྱན་རས་གཟིགས་ཀྱི་དམར་ཁྲིད་མན་ངག་བདུད་རྩིའི་ཡང་ཞུན་ལ། 16

23 སྤྱན་རས་གཟིགས་རྒྱལ་བརྒྱ་མཚོའི་ཚོགས་མཆོད་ལ། 5

24 དེའི་སྨོན་ལམ་ཤིས་བརྗོད་ལ། 3

25 རྡོར་སེམས་བླ་མེད་ལུགས་ཀྱི་རྗེས་གནད་བྱ་ཚུལ་ལ། 3

26 རྡོ་རྗེ་སེམས་དཔའི་བུམ་སྒྲུབ་ལ་བརྟེན་ནས་རང་གཞན་གྱི་དོན་བྱ་ཚུལ་གངྒྰའི་ཆུ་རྒྱུན་ལ། 6

27 དམ་ཚིག་གསུམ་བཀོད་ཀྱི་སྒྲུབ་ཐབས་སྨྱུང་ཆོག་དང་བཅས་པ་ལས་སྒྲིབ་དག་བྱེད་བདུད་རྩིའི་ཆུ་རྒྱུན་ལ། 19

28 བཅོམ་ལྡན་འདས་མ་སྲུང་བ་ལྔའི་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པའི་ཆོ་ག་དགོས་འདོད་རེ་བ་ཀུན་སྐོང་ལ། 15

29 མི་འཁྲུགས་པ་ལྷ་དགུའི་དཀྱིལ་ཆོག་མངོན་དགའ་ཞིང་དུ་བགྲོད་པའི་ཐེམ་སྐས་ལ། 30

30 མི་འཁྲུགས་པའི་སྨོན་ལམ་ཤིས་བརྗོད་ཕུན་ཚོགས་ཆར་འབེབས་ལ། 4

31 རྗེ་བཙུན་བྱམས་པ་མགོན་པོའི་སྒྲུབ་ཐབས་འདོད་འཇོའི་དཔལ་སྟེར་ལ། 5

དཀར་ཆག་ལ། 2

00729 ང

1 གཟའ་ཡུམ་གྱི་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པའི་ཆོ་ག་བཀྲ་ཤིས་རབ་རྒྱས་ཞེས་བྱ་བ་ལ། 17

2 རྗེ་བཙུན་འཇམ་དཔལ་དབྱངས་ཨ་ར་པ་ཙ་ན་དཀར་པོ་གཙོ་རྐྱང་གི་སྒྲུབ་ཐབས་རབ་དཀར་ཟླ་བའི་འོད་ཟེར་ལ། 5

3 འཇམ་དབྱངས་ཀྱི་མངོན་རྟོགས་ལ། 3

4 བཅོམ་ལྡན་འདས་མི་གཡོ་བའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་གོ་བདེ་བར་བརྗོད་པ་བཻེཏྱའི་ཕྲེང་བ་ལ། 7

5 སོ་སོར་འབྲང་མའི་མངོན་རྟོགས་མདོར་བསྡུས་ལ། 4

6 ཕྱུག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་མངོན་རྟོགས་ལ། 3

7 ཛམྦྷ་ལ་ནག་པོའི་མངོན་རྟོགས་ལ། 4

8 རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་སྒོ་ནས་ཚེ་ཡི་དངོས་གྲུབ་སྒྲུབ་པར་བྱེད་པའི་ཡི་གེ་འཆི་མེད་དགའ་སྟོན་ལ། 9

9 རྒྱལ་ཡུམ་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ལ་བསྟོད་པ་ཚེ་ཡི་དངོས་གྲུབ་འགུགས་པར་བྱེད་པའི་ལྕགས་ཀྱུ་ལ། 4

10 རྗེ་བཙུན་སྒྲོལ་མ་ལ་གསོལ་བ་འདེབས་ཚུལ་འདོད་དགུའི་མཆོག་སྦྱིན་ལ། 4

11 ཐུབ་པའི་དབང་པོ་ལ་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་བསྟོད་པ་ལ། 3

12 རྗེ་བཙུན་འཇམ་དཔལ་དབྱངས་ལ་བསྟོད་པ་དཔྱིད་ཀྱི་རྒྱལ་མོའི་སྒྲ་དབྱངས་ལ། 3

13 དཔལ་ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་པ་རྣམ་པར་བཤད་པ་མཁས་པ་དགའ་བསྐྱེད་ཏམྦུ་རའི་སྒྲ་དབྱངས་ལ། 7

14 རྒྱལ་ཡུམ་དབྱངས་ཅན་མ་དཀར་མོ་ལ་བསྟོད་པ་ཤེས་རབ་སྣང་བ་རྒྱས་པའི་དགའ་སྟོན་ལ། 3

15 འཇམ་དཔལ་གཤིན་རྗེ་གཤེད་པོར་བསྟོད་པའི་ཚིགས་སུ་བཅད་པ་བདུད་དཔུང་རྣམ་པར་འཐག་པ་ལ། 3

16 འཕགས་མཆོག་སྤྱན་རས་གཟིགས་ལ་གདུང་བའི་དབྱངས་ཀྱིས་གསོལ་བ་འདེབས་པ་འཕགས་པའི་ཐུགས་རྗེ་བསྐུལ་བའི་ལྷའི་རྔ་ཆེན་ལ།4

17 བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་དང་སྦྱར་བའི་གསོལ་འདེབས་ལ། 5

18 དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་གི་བརྒྱུད་པའི་ཁ་སྐོང་བླ་བརྒྱུད་གསོལ་འདེབས་ལ། 3

19 ཁྲི་ཆེན་སྤྲུལ་སྐུ་རིན་པོ་ཆེའི་ཞབས་བརྟན་བདེན་ཚིག་སོགས་བརྟན་བཞུགས་ལེ་ཚན་བཞི་ལ། 4

20 བླ་མ་རྡོ་རྗེ་འཆང་གི་ཞབས་འདེགས་ཞུ་ལུགས་ཤིང་ཕག་ལོར་གྲལ་བ་དང་ཨ་པ་ཀ་ན་ར་ཏའི་གུ་ཤྲྰི་ངག་དབང་བསྟན་འཕེལ་ལ་གནང་བའི་བསླབ་བྱ་བཅས་པ་ལ། 4

21 གསོལ་འདེབས་མུ་ཏིག་ཕྲེང་མཛེས་ལ། 2

22 ཁྲི་ཆེན་ནོ་མོན་ཧན་རིན་པོ་ཆེའི་མྱུར་བྱོན་གསོལ་འདེབས་ལ། 2

23 རྒྱལ་དབང་ཐམས་ཅད་མཁྱེན་པའི་མཆོག་སྤྲུལ་རིན་པོ་ཆེ་འཇམ་དཔལ་རྒྱ་མཚོའི་ཞབས་བརྟན་ལ། 2

24 ཞབས་བརྟན་ཚིགས་བཅད་འཇམ་དབྱངས་ཁྲོ་རྒྱལ་མ་སོགས་ལེ་ཚན་བཞི་ལ། 3

25 འཇམ་དབྱངས་གོང་མ་ཆེན་པོའི་ཞབས་བརྟན་ལ། 2

26 བྱང་ཕྱོགས་འགྲོ་བའི་འདྲེན་པ་རྗེ་བཙུན་དམ་པའི་མཆོག་སྤྲུལ་རིན་པོ་ཆེ་ཡེ་ཤེས་བསྟན་པའི་ཉི་མའི་ཞབས་བརྟན་བཀྲ་ཤིས་རབ་རྒྱས་ལ།2

27 གསོལ་འདེབས་བཅུ་གཉིས་དཔེ་མཚོན་དང་སྐྱབས་གསུམ་ངོ་བོ་མ་བཅས་པར།3

28 གསོལ་འདེབས་མགུར་མ་མཆོག་སྐུ་བཞི་མ་ལ། 3

29 གསོལ་འདེབས་བྱིན་རླབས་མྱུར་འཇུག་སོགས་ལེ་ཚན་བཞི་ལ། 5

30 ཁྲི་ཆེན་མཆོག་སྤྲུལ་རིན་པོ་ཆེ་བློ་བཟང་བསྟན་པའི་ཉི་མའི་མྱུར་བྱོན་གསོལ་འདེབས་ལ། 2

31 འདོད་གསོལ་མཆོག་གཅིག་མ་ལེ་ཚན་གསུམ་ལ། 3

32 བཀའ་དྲིན་གསོལ་འདེབས་ལ། 2

33 འདོད་གསོལ་བྱིན་རླབས་མྱུར་འཇུག་མ་ལ། 3

34 ཞལ་སྔ་ནས་བློ་བཟང་ཆོས་འཛིན་པའི་ཞབས་བརྟན་ལ། 2

35 སྨོན་ལམ་བགྲང་ཡས་མ་ཞབས་བརྟན་ཚེའི་མཆོག་གྲོལ་མ་ལ། 2

36 གསོལ་བརྟན་རྒྱལ་ཀུན་ཡབ་གྱུར་མ་དང་ངག་དབང་མཁྱེན་གཏེར་མ་ལ། 2

37 ཁྲི་ཆེན་སྤྲུལ་པའི་སྐུ་བློ་བཟང་བསྟན་པའི་ཉི་མའི་ཞབས་བརྟན་ལ། 2

38 ཁྲི་ཆེན་སྤྲུལ་པའི་སྐུའི་འཁྲུངས་རབས་དང་འབྲེལ་བའི་ཞབས་བརྟན་ལ། 3

39 རྗེ་བཙུན་དམ་པའི་སྤྲུལ་པའི་སྐུའི་ཞབས་བརྟན་བདེན་ཚིག་ལ། 2

40 སོ་ཉིད་གུ་ཤྲྰི་ཆོས་རྗེའི་མྱུར་བྱོན་གསོལ་འདེབས་ལ། 2

41 བདེ་བར་གཤེགས་པའི་སྐུ་གསུང་ཐུགས་རྟེན་བཞེངས་པའི་ཕན་ཡོན་སོགས་དང་དགེ་བ་བསྔོ་བའི་ཚིགས་སུ་བཅད་པ་ལ། 4

42 གྲོས་འདེབས་གསེར་ཞུན་འཁྱིལ་བ་ལ། 3

43 ཉམས་འཆར་བསླབ་གསུམ་ཡོན་ཏན་མ་ལ། 2

44 བར་དོའི་འཕྲང་སྒྲོལ་གྱི་གསོལ་འདེབས་འཇིགས་སྒྲོལ་གྱི་དཔའ་བོ་ཞེས་བྱ་བའི་འགྲེལ་པ་གཏན་བདེ་བསིལ་བ་སྟེར་བྱེད་ཟླ་ཟེར་ལ། 11

45 སྐྱབས་འགྲོའི་ཁྲིད་ཅེས་པ་ལ། 5

46 གདུགས་དཀར་གྱི་རྒྱལ་མཚན་འཛུགས་པའི་ཆོ་ག་བཀྲ་ཤིས་རབ་རྒྱས་ལ། 4

47 གསུང་མགུར་གསེར་བཙོ་མ་དང་དཔལ་མཉམ་མེད་མ་བཅས་ལ། 5

48 གསུང་མགུར་ཞིང་བདེ་ཆེན་མ་ལ། 3

49 འཇིགས་བྱེད་རིམ་གཉིས་དང་སྦྱར་བའི་གསུང་མགུར་ལ། 3

50 ལྟ་བའི་གསུང་མགུར་ཞེས་བྱ་བ་ལ། 3

51 དབེན་པར་དགའ་བའི་གཏམ་ཆོས་སྒྲ་རིང་མོ་ལ། 3

52 རི་བོ་རྩེ་ལྔའི་གནས་བསྟོད་དང་འབྲེལ་བའི་མགུར་འཇམ་དཔལ་དགྱེས་པའིམཆོད་སྤྲིན་ལ། 5

53 གསུང་མགུར་སྐུ་སྤྲུལ་མ་ལ། 3

54 བླ་མ་མཆོག་གསུམ་གྱི་ཐུགས་རྗེ་བསྐུལ་བའི་ངེས་འབྱུང་སྐྱོ་ཤས་ཀྱི་ཤུགས་སྒྲ་ཞེས་པ་ལ། 6

55 གྲོས་འདེབས་གསུང་མགུར་ལ། 2

56 ཆོས་ལ་བསྐུལ་བའི་སྒྲ་དབྱངས་ཐར་པའི་སྒོ་འབྱེད་ཅེས་བྱ་བ་ལ། 3

57 དབུ་མའི་ལྟ་བ་ཉམས་སུ་ལེན་པའི་ཚུལ་དེ་ཁོ་ན་ཉིད་སྣང་བར་བྱེད་པའི་སྒྲོན་མེ་ལ། 31

58 ལྟ་ཁྲིད་ལ། 5

59 ལྟ་ཁྲིད་མདོར་བསྡུས་དང་གསོལ་འདེབས་ལེ་ཚན་བཞི་ལ། 6

60 ཐེག་པ་ཆེན་པོའི་བློ་སྦྱོང་བའི་གཏམ་གྱི་སྦྱོར་བ་པདྨ་དཀར་པོའི་ཕྲེང་བ་ལ། 11

61 བློ་སྦྱོང་ཆོས་ཀྱི་སྒོ་འབྱེད་ལ། 6

62 བྱང་ཆུབ་སེམས་སྦྱོང་གི་ཉམས་ལེན་ཐེག་མཆོག་གདམས་པའི་སྙིང་པོ་ལ། 3

63 བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་བཤད་པ་ཐེག་ཆེན་འཇུག་སྒོ་ལ། 11

64 དགེ་ལེགས་སུ་བྱེད་པའི་གཏམ་དྲང་སྲོང་མངོན་པར་དགའ་བའི་ཟློས་གར་ལ། 13

65 འདོད་དོན་གསོལ་འདེབས་སྨོན་ཚིག་དང་བཅས་པ་ལ། 2

66 པཎ་ཆེན་རིན་པོ་ཆེའི་ཞབས་བརྟན་ཚིགས་བཅད་ལ། 2

67 རིགས་བརྒྱའི་ཁྱབ་བདག་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱི་ཞབས་པད་བརྟན་ཅིང་བཞེད་དོན་ལྷུན་གྱིས་གྲུབ་པའི་བདེན་ཚིག་བཀྲ་ཤིས་ཆར་འབེབས་ལ། 2

68 གསོལ་འདེབས་སྨོན་ལམ་འགའ་ཞིག་དང་གསུང་མགུར་ཞལ་གདམས་འགའ་ཞིག་ལ། 5

69 ཞབས་བརྟན་རྒྱལ་ཀུན་ཡབ་གཅིག་ལ། 2

དཀར་ཆག་ལ། 4

00730 ཅ

1 བྱང་ཆུབ་སེམས་དཔའི་བསླབ་བྱ་མདོར་བསྡུས་པ་གཞན་ཕན་བདུད་རྩིའི་འོད་ཕྲེང་ལ། 27

2 རྒྱལ་བའི་བསྟན་པ་ལ་ཇི་ལྟར་སློབ་པའི་རིམ་པ་མདོ་ཙམ་བརྗོད་པ་གཞན་ཕན་བདུད་རྩིའི་སྙིང་པོ་ལ། 6

3 བསླབ་བྱ་གསལ་བའི་སྒྲོན་མེ་ལ། 3

4 ལོ་ཙྰ་བ་ངག་དབང་ཆོས་དཔལ་ལ་གནང་བའི་བསླབ་བྱ་ལ། 3

5 བསླབ་བྱ་བདུད་རྩི་ཡང་ཞུན་ལ། 3

6 དགའ་ལྡན་བྱང་ཆུབ་གླིང་གི་བཅའ་ཡིག་ལ། 3

7 འཇམ་དབྱངས་བཞད་པའི་སྤྲུལ་པའི་སྐུའི་དྲིས་ལན་ལ། 6

8 སྒོ་མང་གུང་རི་རབ་འབྱམས་པ་བྱམས་པ་བློ་གྲོས་ཀྱི་དྲིས་ལན་ལ། 3

9 དྲིས་ལན་ཁྱད་པར་གསུམ་ལྡན་ལ། 9

10 བཟོད་པ་གུ་ཤྲྰིའི་དྲིས་ལན་ལ། 7

11 རྒྱལ་དབང་རིན་པོ་ཆེར་སྤྲུལ་བའི་ཞུ་ཡིག་ལ། 5

12 ཞུ་ཡིག་དགེ་ལེགས་རྒྱ་ཆེན་མ་ལ། 4

13 ཞུ་ཡིག་དཔལ་ལྡན་ཕུན་ཚོགས་མ་ལ། 9

14 ཞུ་ཡིག་བདེ་འབྱུང་གཙུག་ལྡན་མ་སོགས་ལེ་ཚན་གཉིས་ལ། 4

15 ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོར་སྤྲུལ་བའི་ཞུ་ཡིག་ལ། 3

16 ཆབ་མདོ་འཕགས་པ་ལྷར་སྤྲུལ་བའི་ཞུ་ཡིག་ལ། 2

17 པཎ་ཆེན་མཆོག་སྤྲུལ་རིན་པོ་ཆེར་སྤྲུལ་བའི་ཞུ་ཡིག་དང་ཞབས་བརྟན་འབུལ་དུས་ཀྱི་ཚིགས་བཅད་ལ། 9

18 འཇམ་དབྱངས་བཞད་པའི་སྤྲུལ་པའི་སྐུ་རིན་པོ་ཆེའི་འཕྲིན་ཡིག་གི་ལན་ལ། 5

19 ཡོངས་འཛིན་རིན་པོ་ཆེ་སྐྱིད་གྲོང་བླ་མར་སྤྲུལ་བའི་ཡི་གེ་སོགས་སྤྲིངས་ཡིག་ལེ་ཚན་བཞི་ལ། 6

20 ཇའི་སང་རབ་འབྱམས་པ་ངག་དབང་བསྟན་འཛིན་ལ་གནང་བའི་འཕྲིན་ཆེང་སོགས་ལེ་ཚན་བདུན་ལ། 17

21 རྨད་དུ་བྱུང་བའི་གཏམ་གྱི་སྦྱོར་བ་མཁས་མང་མགྲིན་ལྡན་དང་འཇམ་དཔལ་གྱི་སྒྲུབ་ཐབས་བཅས་པ་ལ། 4

22 བཀའ་བློན་མདོ་མཁར་བར་གནང་བའི་ཆབ་ཤོག་ཚན་པ་གཉིས་ལ། 6

23 རྒྱལ་བའི་བསྟན་སྲུང་ཆེན་པོ་རྣམས་ལ་མཆོད་གཏོར་འབུལ་བའི་ཚུལ་ལས་བཞི་ལྷུན་གྱིས་གྲུབ་པའི་སྒྲ་དབྱངས་ཆེ་ཆུང་ཚན་པ་གཉིས་དང་གཉེར་གཏད་བཅས་པར།19

24 ཡི་དམ་ཆོས་སྐྱོང་འགའ་ཞིག་གི་གཏོར་འབུལ་ལ། 2

25 དཔལ་མགོན་ཞལ་བཞི་པའི་འཕྲིན་བཅོལ་བསྟན་དགྲ་བརླག་བྱེད་ལ། 2

26 རྣམ་སྲས་ཀྱི་གཏོར་འབུལ་ལ། 2

27 སྐུ་ལྔའི་གཏོར་འབུལ་ལ། 3

28 དམ་ཅན་རྡོར་ལེགས་ཀྱི་གསོལ་མཆོད་དཔའ་བོའི་སྒྲ་དབྱངས་ལ། 4

29 ཆོས་སྐྱོང་འཕྲིན་བཅོལ་དགྲ་ལས་རྣམ་རྒྱལ་མ་ལ། 2

30 སྦྱ་ཆེན་སྤོམ་རའི་གསོལ་མཆོད་ལ། 6

31 དུང་སྐྱོང་དཀར་པོའི་གསོལ་མཆོད་ལ། 5

32 ཆོས་སྐྱོང་གི་འཁུ་ལྡོག་ཞི་བའི་མན་ངག་བདུད་རྩི་ཆུ་རྒྱུན་ལ། 7

33 འཆི་ལྟས་བརྟགས་པ་དང་འཆི་བ་བླུ་བའི་ཐབས་ཚེ་ཁྲིད་དང་བཅས་པ་འཆི་མེད་དགའ་སྟོན་ལ། 10

34 བསངས་ཆོག་བསམ་འཕེལ་ཡིད་བཞིན་དབང་རྒྱལ་ལ། 10

35 བསངས་ཆོག་བཀྲ་ཤིས་འདོད་འཇོ་ལ། 7

36 རི་བོ་རྩེ་ལྔའི་གཞི་བདག་རྣམས་ལ་འཕྲིན་བཅོལ་མདོར་བསྡུས་ལ། 3

37 ཀྭན་ལོ་ཡེའི་གསོལ་མཆོད་ལ། 2

38 ཀླུ་གཏོར་གྱི་ཆོ་ག་ཡན་ལག་དང་བཅས་པ་ཕན་བདེརྒྱ་མཚོ་ཆེན་པོ་ལ། 19

39 སྙན་དར་ཞལ་བྱང་ལ། 2

40 བཀའ་འགྱུར་བཞེངས་པའི་ཁ་བྱང་ལ། 3

41 དམ་ཆོས་པདྨ་དཀར་པོའི་ཁ་བྱང་ལ། 4

42 ཐར་པ་ཆེན་པོའི་ཁ་བྱང་ལ། 3

43 བརྒྱད་སྟོང་པའི་བྲིས་བྱང་ལ། 3

44 སུ་རྰུ་པའི་སྒོ་ནས་ཡི་དྭགས་ལ་གཏོར་མ་གཏོང་ཚུལ་ལ། 3

45 བཀའ་བློན་གུང་པན་ཌི་ཏར་གནང་བའི་ཆབ་ཤོག་ཚན་པ་གཉིས་ལ། 5

46 བཀའ་འགྱུར་ཁ་བྱང་བཀྲ་ཤིས་དོན་གྲུབ་ལ། 3

47 གསོལ་འདེབས་གདོད་མའི་མགོན་པོ་མ་ལ། 2

48 རྗེ་ཉིད་ཀྱི་གསུང་སྔར་ཕན་པར་དུ་མ་འཁོད་པ་འགའ་ཞིག་འབད་རྩོལ་གྱིས་བཙལ་ནས་ལག་ཏུ་གང་འབྱོར་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། 24

00731 ཆ

1 རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུའི་རྣམ་པར་གཞག་པ་གསལ་བར་བཤད་པ་ཐུབ་བསྟན་ལྷུན་པོའི་མཛེས་ལྡན་ཞེས་བྱ་བའི་ལེགས་བཤད་ཀྱི་གཏེར་ཆེན་པོ་ལས་སེམས་ཙམ་པའི་གྲུབ་མཐའ་ཡན་ཆད་ལ། 208

2 དབུ་མ་རང་རྒྱུད་པའི་གྲུབ་མཐའ་ཡན་ཆད་ལ། 121

00732 ཇ

1 གྲུབ་མཐའི་རྣམ་གཞག་ཐུབ་བསྟན་ལྷུན་པོའི་མཛེས་ལྡན་གྱི་སྨད་ཆ་དང་དེའི་རྒྱ་ནག་པར་མའི་ཡིག་སྐྱོན་སོགས་ཀྱི་དོགས་སེལ་ཞུས་ལན་དུ་གནང་བ་བཅས་ལ། 112

2 འཕགས་ཡུལ་པཎ་གྲུབ་རྣམས་ཀྱི་གསུང་རབ་རྨད་བྱུང་བསྟན་བཅོས་འགྱུར་རོ་ཅོག་ཆེན་པོ་ཧོར་སྐད་དུ་འགྱུར་བ་ལ་ཉེར་མཁོ་དག་ཡིག་མཁས་པའི་འབྱུང་གནས་ཞེས་བྱ་བ་ལ། 212

3 ཙནྡན་ཇོ་བོའི་ལོ་རྒྱུས་སྐོར་ཚད་ཕན་ཡོན་མདོར་བསྡུས་རིན་པོ་ཆེའི་ཕྲེང་བ་ལ། 10

4 རྒྱལ་ཁབ་ཆེན་པོའི་ནུབ་སྒོའི་མཆོད་རྟེན་དཀར་པོའི་དཀར་ཆག་དད་པ་རྒྱས་བྱེད་ཅེས་བྱ་བ་ལ། 7

5 རི་བོ་དྭངས་བསིལ་གྱི་དཀར་ཆག་མཇུག་མ་ཚང་བ་ལ། 28

དཀར་ཆག་ལ། 1

00733 བཀའ་རྒྱ་མ

1 ཟབ་ལམ་བླ་མའི་རྣལ་འབྱོར་སྙན་བརྒྱུད་མན་ངག་བལྡན་པ་ལ། 9

2 བླ་མའི་རྣལ་འབྱོར་ཁྱབ་བདག་རྡོ་རྗེ་སེམས་ཞེས་དང་འགྲུ་འགྱུར་མཐའ་ཅན་ལ། 4

3 བླ་མའི་རྣལ་འབྱོར་ཟུང་འཇུག་བགྲོད་པའི་ཐེམ་སྐས་ལ། 4

4 དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ལ། 3

5 འཇམ་དབྱངས་དང་འབྲེལ་བའི་བླ་མའི་རྣལ་འབྱོར་བདེ་དགའ་ལ། 5

6 ཤིན་ཏུ་ཟབ་པའི་བླ་མའི་རྣལ་འབྱོར་ལ། 2

7 མགོན་པོ་སྙིང་ཞུགས་དང་འབྲེལ་བླ་མའི་རྣལ་འབྱོར་ལ། 8

8 གཉིད་མོ་ཆེའི་སྦྱི་ལམ་ཀྱི་རོལ་མཚོར་ཤར་བའི་བསྟན་བཅོས་ངོ་མཚར་ཟླ་སྣང་ལ། 11

9 གྲུབ་ཆེན་དྲིལ་བུ་ལུགས་ཀྱི་འཁོར་ལོ་སྡོམ་པ་ལུས་དཀྱིལ་དམར་ཁྲིད་བདེ་གསལ་སྒྲོན་མེ་ལ། 57

10 ཟབ་ལམ་གཏུམ་མོའི་ཁྲིད་ཡིག་བདེ་མཚོ་ལ། 10

11 རྡུ་ཏི་གསང་ཐིག་གི་ཕྲེང་བ་ལ། 8

12 རྩ་སྔགས་ཀྱི་ངེས་དོན་ལམ་སྒྲིག་ལ། 2

13 བདེ་མཆོག་ལ་བརྟེན་པའི་འཕོ་བ་མཁའ་སྤྱོད་བགྲོད་བདེ་ལ། 4

14 རྡོ་རྗེ་རྣལ་འབྱོར་མ་ནྰ་རོམཁའ་སྤྱོད་ཀྱི་བསྙེན་ཡིག་གསང་ཆེན་བཅུད་ཐིགས་ལ། 18

15 ཤིན་ཏུ་གསང་བའི་མགུར་དབྱངས་ལ། 4

16 འཆི་མེད་རྡོ་རྗེ་ལྷ་མོའི་ཚེ་སྒྲུབ་ལ། 4

17 དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བདག་འཇུག་མདོར་བསྡུས་ལ། 14

18 དུས་འཁོར་ལུགས་ཀྱི་རྩ་ལྟུང་ཐིག་ལེའི་རྣམ་གཞག་ལ། 5

19 རྫོགས་རིམ་ལ་མཁོ་བའི་རྩ་ལྟུང་ཐིག་ལེའི་རྣམ་གཞག་ལ། 4

20 ཚེ་སྒྲུབ་རྒྱུན་ཁྱེར་མདོར་བསྡུས་ལ། 2

21 བླ་མ་མགོན་པོ་དབྱེར་མེད་ཀྱི་གསོལ་འདེབས་ལ། 2

22 མགོན་པོ་ཕྱུག་དྲུག་པའི་འཕྲིན་བཅོལ་ལ། 3

23 ཚེ་བདག་མགོན་པོའི་ཚེ་སྒྲུབ་ལ། 6

24 ཆོས་རྒྱལ་དཀར་སེར་དམར་གསུམ་གྱི་བསྟོད་པ་ལ། 4

25 དམ་ཅན་ཆོས་རྒྱལ་གྱི་འཕྲིན་བཅོལ་ལ། 2

26 ཆོས་སྐྱོང་སྤྱི་བསྐུལ་ལ། 2

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །ལྕང་སྐྱ་རོལ་པའི་རྡོ་རྗེའམ་ཡེ་ཤེས་བསྟན་པའི་སྒྲོན་མེ་ནི་མདོ་སྨད་ཙོང་ཁ་བྱང་གི་ཕྱོགས་སུ་རྒྱ་བོད་འདྲེས་སྡོད་གྱི་ས་ཆ་ལང་གྲུའུ་ཞེས་པའི་འབྲོག་སྡེར་ཧོར་གྱི་རུས་སུ་གཏོགས་པའི་ཡབ་ཆི་གྱ་ཚངས་པ་གུ་རུ་བསྟན་འཛིན་དང༌།ཡུམ་བུ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་མེ་བྱ་1717 ལོའི་ཟླ་དང་པོའི་ཚེས་བཅུ་ཉིན་སྐུ་བལྟམས།དགུང་ལོ་བཞི་ལ་ཕེབས་པ་ན་འཇམ་བཞད་འཇིགས་མེད་དབང་པོས་ལྕང་སྐྱ་བློ་བཟང་ཆོས་ལྡན་གྱི་སྤྲུལ་སྐུར་ངོས་འཛིན་མཛད།སྐབས་དེར་སོག་པོའི་ཝང་སྟོབས་ཆེན་ཞིག་གི་བུ་ལྕང་སྐྱའི་སྤྲུལ་སྐུ་ཡིན་པར་བསྒྲགས་སྟབས།རེ་ཞིག་བར་གོང་མར་ཞུ་རྒྱུ་འགྱངས་དགོས་ཐུག་དེ་ནས་ཐུའུ་བཀྭན་ཆོས་ཀྱི་རྒྱ་མཚོས་ཐུགས་འཁུར་བཞེས་ཏེ་གོང་མར་ཞུས་པས།གདན་སར་གདན་དྲོངས་ཞེས་པའི་བཀའ་ཐོབ།པེ་ཅིང་ནས་དཀའ་ཆེན་ཤེས་རབ་དར་རྒྱས་དང་དེམ་ཆིང་བཅས་ལྕགས་ཁྱི་ལོ་ཟླ་ལྔ་པ་ར་ལང་གྲུའུ་རུ་སྤྲུལ་སྐུ་གདན་འདྲེན་དུ་འབྱོར།ཚེས་གཅིག་ཉིན་པར་གཟིམ་གུར་དུ་གདན་དྲངས་ནས་གསོལ་སྟོན་རྒྱ་ཆེར་ཕུལ་ཞིང༌།གོང་མས་གནང་བའི་དངོས་འབུལ་སྤམ་མཐོ་བ་ཕུལ།ཚེས་གསུམ་ཉིན་པར་དགོན་ལུང་བརྒྱུད་སེར་སྐྱ་སྟོང་ཕྲག་མང་པོས་བསུ་བ་དང་བཅས་ལྕང་སྐྱ་བླ་བྲང་དུ་ཕེབས།ལྕང་སྐྱ་གོང་མའི་སློབ་མ་ཨ་རྩེ་ཆོས་རྗེ་བློ་བཟང་ཆོས་འཛིན་མདུན་ནས་འབྲི་ཀློག་སྦྱོར་སྡེབ་སོགས་སྦྱོང་བའི་འགོ་བཙུགས།དགུང་ལོ་བདུན་པར་བློ་བཟང་བསྟན་པའི་རྒྱལ་མཚན་མདུན་ནས་དགེ་བསྙེན་གྱི་སྡོམ་པ་བཞེས།ཆེ་ཡོས་ལོ་1723 ལོ་ལ་མཚོ་སྔོན་གྱི་དཔོན་བསྟན་འཛིན་ཆིང་ཝང་སོགས་ནས་གོང་མར་རྒོལ་པའི་དུས་ཟིང་བསླངས།ཅང་ཇུན་གུང་ཉེན་གཡོའུ་དང༌།གུང་ཡོའུ་གྲུང་ཆི་གཉིས་ཀྱིས་དཔུང་ཆེན་བཏེགས་ནས་མཚོ་སོག་ཆམ་ལ་ཕབ།དཔོན་སྡེ་མང་པོར་གོང་མའི་བཀའ་ཆད་ཕོག་ཤིང་འབྲུག 1724 ལོ་ལ་དགོན་ལུང་དགོན་པ་ཤུལ་མེད་དུ་བརླགས།ལྕང་སྐྱ་སྤྲུལ་སྐུ་དགོན་ལུང་ནས་ཉིན་ལམ་གཉིས་ཙམ་གྱི་སར་མཆོད་རྟེན་ཐང་དགོན་པའི་ཉེ་འདབས་ནགས་ཚལ་སྟུག་པོར་བྲག་ཕུག་གཅིག་ཏུ་གབ་ནས་བཞུགས།སྐབས་དེར་གོང་མ་ཡུང་ཏྲིང་རྒྱལ་སར་ཕེབས་ནས་ལོ་གཉིས་པ་ཡིན་ཞིང༌།ལྕང་སྐྱ་གོང་མར་ཟབ་ཆོས་ཞུས་སྨྱོང་བས་ཐུགས་དད་ཁྱད་པར་ཅན་ཡོད་སྟབས།སྤྲུལ་སྐུར་བར་ཆད་འབྱུང་དོགས་ཀྱིས་དེ་འཕྲལ་ཅང་ཇུན་གཉིས་ལ་པེ་ཅིང་དུ་གདན་དྲོངས་དགོས་པའི་བཀའ་ཕེབས།གོང་མས་ཁོང་ཟུང་གྲུ་ཟིང་དགོན་པར་ལྕང་སྐྱ་གོང་མའི་གདན་སར་བཀོད།དཀའ་ཆེན་ཤེས་རབ་དར་རྒྱས་སློབ་དཔོན་དུ་བསྟེན་ནས་མདོ་སྔགས་ཀྱི་གཞུང་ཆེན་རྣམས་ལ་གསན་སྦྱོང་མཛད།དགུང་ལོ་བཅོ་བརྒྱད་པའི་དུས་སུ་རིག་གནས་ཀུན་ལ་མཁས་པར་གྱུར།རྒྱ་དང་སོག་པོ་མན་ཇུ་བཅས་ཀྱི་སྐད་ཡིག་ཀྱང་ཁོང་དུ་ཆེད།སྐབས་དེར་གོང་མའི་བྱམས་བརྩེས་འགྲོ་བ་ཡོངས་ཀྱི་སྤྱི་བོ་ནས་དབང་བསྐུར་བའི་ཀུན་མཁྱེན་བླ་མ་ཞེས་པའི་མཚན་སྙན་དང་གསེར་སྲང་བརྒྱད་ཅུ་ལས་གྲུབ་པའི་ཐམ་ཀ་གསེར་ཡིག་བཅས་གནང་ནས་ཆབ་སྲིད་ཆེན་པོའི་བླ་མར་བཀུར།ཤིང་སྟག 1734 ལོ་ལ་གོང་མའི་བཀའ་བཞིན་རྒྱལ་སྲས་བཅུ་བདུན་པར་ཁེང་ཟི་ཆིང་ཝང་དང་ལྷན་ཅིགརྒྱལ་བ་བསྐལ་བཟང་རྒྱ་མཚོ་དབུས་སུ་གདན་དྲངས་ནས་པོ་ཏ་ལའི་གདན་སར་འགོད་པའི་ཆེད་དུ་མགར་ཐང་དུ་ཕེབས།རྒྱལ་བ་སྐུ་ཕྲེང་བདུན་པར་གོང་མས་གནང་བའི་གསེར་ཡིག་བསྒྲགས་ཤིང་དངོས་འབུལ་རྒྱ་ཆེན་ཕུལ།དགུང་ལོ་བཅུ་དགུ་པ་ཤིང་ཡོས་1735ལོའི་ཟླ་གསུམ་པར་ཁམས་ལྷོ་རྒྱུད་ཀྱི་ཉག་ཆེ་རྫོང་དང་ལི་ཐང་སོགས་བརྒྱུད་དེ་དབུས་སུ་ཕེབས།ཟླ་བདུན་པའི་ཚེས་བཅུ་བདུན་ཉིན་པར་་ལའི་བླ་མ་པོ་ཏ་ལར་གདན་ཁྲིར་བཀོད།ཟླ་བཅུ་པར་གཙང་བཀྲ་ཤིས་ལྷུན་པོར་ཕེབས་ནས་པཎ་ཆེན་བློ་བཟང་ཡེ་ཤེས་མཇལ་ནས་དགེ་ཚུལ་གྱི་སྡོམ་པ་ཞུས།མཚན་ཡེ་ཤེས་བསྟན་པའི་སྒྲོན་མེ་གནང༌།ཚེས་བཅུ་བདུན་ཉིན་པཎ་ཆེན་མཆོག་གི་དྲུང་ནས་དགེ་སློང་གི་སྡོམ་པ་མནོས།སྐབས་དེར་གོང་མ་ཡུང་ཏྲིང་གནམ་དུ་གཤེགས་པའི་གནས་ཚུལ་འབྱོར་བས།འཕྲལ་དུ་དབུས་སུ་ཕྱིར་ཕེབས།དགུང་ལོ་ཉི་ཤུ་ལ་རྒྱ་ནག་ཏུ་ཆིབས་ཁ་བསྒྱུར།དར་མདོ་སོགས་བརྒྱུད་དེ་པེ་ཅིང་དུ་ཕེབས།གོང་མ་ཆན་ལུང་ནས་ཁོང་པེ་ཅིང་གི་ཐམ་ཀ་བླ་མར་བཀོད།དགུང་ལོ་ཉེར་ལྔ་ལྕགས་མོ་བྱའི་ལོར་གོང་མས་བསྟན་འགྱུར་སོག་ཡིག་ཏུ་བསྒྱུར་དགོས་པའི་བཀའ་ཕེབས།ཟླ་བཅུ་པར་དབུ་བཙུགས།ལོ་ཙྰ་བ་མང་པོ་དང་ལྷན་ཅིག་ཆེ་ཕོ་ཁྱིའི་ལོ་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན་པར་མཇུག་གྲུབ་པར་མཛད།ཕྱིས་སུ་པེ་ཅིང་དུ་པར་བཏབ་ནས་སོག་ཡུལ་ཀུན་ཏུ་ཁྱབ་བོ། །དགུང་ལོ་སོ་གསུམ་ས་མོ་སྤྲུལ་གྱི་ལོར་གོང་མར་དགོངས་པ་ཞུས་ཏེ་མདོ་སྨད་རང་ཡུལ་ཕེབས།དགོན་ལུང་དང་སྐུ་འབུམ་དགོན་སོགས་སུ་ཕེབས་ནས་དམ་ཆོས་གྲལ།ཟླ་བརྒྱད་པར་པེ་ཅིང་དུ་ཚུར་ཕེབས།ཁོང་དགུང་ལོ་ཞེ་གཅིག་ཏུ་ཕེབས་སྐབས་རྒྱལ་བ་བསྐལ་བཟང་རྒྱ་མཚོ་དགོངས་པ་རྫོགས་པའི་གནས་ཚུལ་པེ་ཅིང་དུ་འབྱོར།གོང་མས་བཀའ་ཕེབས་ལྟར་དེའི་སྤྲུལ་སྐུ་ངོས་འཛིན་པའི་ཆེད་དུ་རྗེ་ཉིད་ཨམ་བན་གཅིག་དང་གོང་མའི་བླ་སྨན་པ་གཉིས།དཔོན་ཆེང་ཁ་ཤས་དང་བཅས་ཁམས་དར་རྩེ་མདོ་སོགས་བརྒྱུད་དེ་དབུས་སུ་ཕེབས།དེའི་ཕྱི་ལོའི་ཟླ་བཞི་པར་གཙང་བཀྲ་ཤིས་ལྷུན་པོར་པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་མཇལ་བར་ཕེབས།སྐབས་དེར་གོང་མའི་བླ་བྲང་དུ་ལྕང་སྐྱ་མ་གཏོགས་བླ་ཆེན་གཞན་མེད་པར་བརྟེན།གོང་མས་ཐུའུ་བཀྭན་ཆོས་ཀྱི་ཉི་མ་པེ་ཅིང་དུ་ཕེབས་དགོས་པའི་བཀའ་ཕེབས།དེ་ནས་ཐུའུ་བཀྭན་རྒྱ་ནག་ཏུ་ཕེབས་ནས་གོང་གི་སློབ་མར་གྱུར།དགུང་གྲངས་ང་གཅིག་མེ་ཕག་ལོ་ནས་བཟུན་དབྱར་ཁའི་རིང་རི་བོ་རྩེ་ལྔར་བཞུགས་ཤིང༌།དེར་ཨེ་ཝཾ་དགའ་འཁྱིལ་ཞེས་པའི་སྒྲུབ་ཁང་བཏབ།དགུང་ལོ་ང་ལྔ་ལྕགས་མོ་ཡོས་ཀྱི་ལོར་གོང་མས་བཀའ་ཕེབས་ལྟརརྒྱལ་བའི་བཀའ་འགྱུར་རོ་ཅོག་མན་ཇུའི་སྐད་ཡིག་ཏུ་བསྒྱུར་བར་མཛད།པེ་ཅིང་གི་བླ་མ་མཁས་པ་དང་ཧ་ཅང་ཡོན་ཏན་བཟང་བ་རྣམས་ལ་བསྒྱུར་བཅུག་བླ་མ་རང་གིས་ཞུས་པས་མ་ཚད་གོང་མས་ཀྱང་ཞུས་བཅོས་སོགས་མཛད་དེ་ལོ་འགའི་ནང་གྲུབ་པར་མཛད།དགུང་ལོ་བདུན་ཅུ་པ་མེ་ཕོ་རྟ་1786 ལོར་རྒྱ་ནག་རི་བོ་རྩེ་ལྔར་སྐུ་གཤེགས།འདིར་གསུང་འབུམ་པོད་བརྒྱད་བཞུགས།

  རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

 

 

                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།