གཙང་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་གྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-27 22:41:04     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།    ཀློག་ཐེངས།  

 微信图片_20170625075737.jpg

པར་པོད།ཤོག་གྲངས།

00725

1 ཡི་དམ་གྱི་སྒྲུབ་ཐབས་བྱང་ཆོག་གཅོད་གཞུང་སོགས་རང་གཞན་གྱི་དོན་ལ་མཁོ་བའི་གསུང་ཐོར་བུ་ལ། 24

2 ཉམས་མགུར་ཞལ་གདམས་བསླབ་བྱ་གསོལ་འདེབས་སྨོན་ལམ་དང་བཅས་པ་ལ། 25

3 རྗེ་བཙུན་བླ་མ་དམ་པ་ཡེ་ཤེས་དཔལ་འབྱོར་གྱི་ཞལ་སྔ་ནས་གང་གི་རྟོགས་པ་བརྗོད་པ་ངོ་མཚར་ལྷན་ཅིག་སྐྱེས་པའི་རོལ་མོ་ལ། 160

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །གཙང་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་ནི་གཙང་རོང་རིན་བྲངས་ཆོས་རྒྱལ་གྱི་གདུང་བརྒྱུད་དུ་ཡབ་སྔགས་འཆང་བློ་བཟང་རྡོ་རྗེ་དང༌།ཡུམ་དཔོན་མོ་ལྷ་དགའ་ལྡན་འཛིན་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་ཤིང་རྟ་1714 ལོ་འཁྲུངས།དགུང་ལོ་ལྔ་ལ་ཕེབས་སྐབས་ཡབ་ཀྱིས་སྐུ་ཡོན་སྒྲོན།དགུང་ལོ་བཅུ་ལ་བཀྲ་ཤིས་ལྷུན་པོར་ཆོས་ཞུགས་མཛད།དགུང་ལོ་བཅུ་གཅིག་ལ་སྔགས་ཆེན་དམ་ཆོས་དཔལ་འབྱོར་དྲུང་རབ་བྱུང་བསྒྲུབས།དེའི་ལོར་གཞུང་ཆེན་ལ་གསན་བསམ་གྱི་དབུ་ཚུགས།དགུང་ལོ་བཅུ་དྲུག་ལ་ཚད་མ་རྣམ་འགྲེལ་ཐུགས་གཉེར་མཛད།དགུང་ལོ་ཉི་ཤུ་ལ་དབུས་སུ་ཕེབས་ནས་བླ་བྲང་སུ་ཆོས་ཞུགས་གནང༌།དགུང་ལོ་ཉེར་ལྔ་ལོ་ཕུར་ཅོག་ངག་དབང་བྱམས་པའི་དྲུང་བསྙེན་རྫོགས་བསྒྲུབས།དགུང་ལོ་ཉེར་དགུ་ལ་ཁང་ཚན་དགེ་རྒན་མཛད།དགུང་ལོ་སོ་བདུན་ལོ་ལྷ་ལྡན་སྨོན་ལམ་ཆེན་མོར་གྲྭ་སྐོར་དམ་བཅའ་མཛད་ནས་ཨང་དང་པོ་ཐོབ།དགུང་ལོ་ཞེ་གསུམ་ལོ་གོང་ས་ཆེན་པོའི་བཀའ་བཞིན་སྨར་ཁམས་གོ་བོ་དགོན་གྱི་བླ་མར་ཕེབས།དགུང་ལོ་ཞེ་བརྒྱད་ལོ་བླ་བྲང་སུ་ཕྱིར་ཕེབས་ནས་ཆོས་འཁོར་རྒྱ་ཆེ་བསྐོར།དགུང་ལོ་བདུན་ཅུ་སྟེ་ཆེ་ཡོས་1783ལོ་གཤེགས།གསུང་འབུམ་པོད་གཅིག་བཞུགས།

  རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

 

 

                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།