ཧོར་ཆེན་ཡེ་ཤེས་རྒྱ་མཚོའི་གསུང་འབུམ་གྱི་དཀར་ཆག་བཞུགས་སོ༎

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-07-29 07:17:45     རྩོམ་པ་པོ།   ་བྱ་མདོ་བསམ་གཏན་རྒྱ་མཚོ།    ཀློག་ཐེངས།  

 微信图片_20170729071445.jpg

༄༅༎རྗེ་བཙུན་ཧོར་ཆེན་ཡེ་ཤེས་རྒྱ་མཚོ་དཔལ་བཟང་བོ་མཆོག་གི་གསུང་འབུམ་དཀར་ཆག་བཞུགས་སོ༎

 

 

༡ ཞྭ་དམར་རྡོ་རྗེ་འཆང་གི་རྣམ་ཐར་གསོལ་འདེབས།

༢ སེམས་དང་སེམས་བྱུང་གི་དོགས་དཔྱོད་འཁྲུལ་བྲལ་འགྲོ་བའི་མུན་སེལ།

༣ གཏན་ཚིགས་རིག་པའི་དོགས་དཔྱོད་མཁས་པའི་ཡིད་འཕྲོག

༤ རྣམ་འགྲེལ་ལེའུ་གཉིས་པའི་དོགས་དཔྱོད།

༥ ཚད་འབྲས་ཀྱི་དོགས་དཔྱོད་བློ་གསལ་མགུལ་རྒྱན་ལུང་རིགས་རིན་ཆེན་བང་མཛོད།

༦ སྒྲུབ་ངག་གི་རྣམ་བཞག་ལུང་རིགས་རིན་ཆེན་གཏེར་མཛོད།

༧ བློ་རིག་གི་དོགས་དཔྱོད་ལུང་རིགས་རིན་ཆེན་གཏེར་མཛོད།

༨ ས་ལམ་གྱི་དོགས་དཔྱོད་དཔྱོད་ལྡན་དགའ་བྱེད།

༩ གྲུབ་མཐའི་དོགས་དཔྱོད་བློ་གསལ་མགུལ་རྒྱན་ལུང་རིགས་རིན་ཆེན་གཏེར་མཛོད།

༡༠ དངོས་པོ་བརྒྱད་དང་དོན་བདུན་ཅུའི་ཁྱབ་མཐའི་རྣམ་བཞག་རིགས་ལམ་ཉིན་བྱེད་དབང་བོའི་སྣང་བ།

༡༡ དངོས་པོ་བརྒྱད་དང་དོན་བདུན་ཅུའི་དོགས་དཔྱོད་ལུང་རིགས་སྒྲོན་མེ།

༡༢ རྣམ་ཐར་སྒོ་གསུམ་གྱི་དོགས་དཔྱོད་གནས་ལུགས་གསལ་བྱེད།

༡༣ དྲིས་ལན་པད་དཀར་ཕྲེང་བའི་དོགས་དཔྱོད་བདུད་རྩིའི་འོད་ཅན།

༡༤ དྲང་ངེས་རྣམ་འབྱེད་ཀྱི་དོགས་དཔྱོད་ལེགས་བཤད་ཀུན་བཏུས།

༡༥ དབུ་མའི་ལམ་བཅུ་གསུམ་གྱི་དོགས་དཔྱོད།

༡༦ དབུ་མའི་དོགས་དཔྱོད་འཕྲོ་ཅན།

༡༧ མཛོད་རྩ་བའི་མཆན་འགྲེལ།

༡༨ མཛོད་སྡོམ་གྱི་མཆན་འགྲེལ།

༡༩ མཛོད་ཀྱི་ཁྱབ་མཐའ།

༢༠ ཆོས་མངོན་མཛོད་ནས་བྱུང་བའི་མིང་གི་རྣམ་གྲངས་དང་དེ་དག་གི་རྙེད་ཚུལ་སོགས་གསལ་བར་བྱེད་པའི་རིགས་ལམ་ནོར་བུའི་བང་མཛོད།

༢༡ གུང་ཐང་མ་ཏིའི་མཛོད་ཀྱི་དགག་པ་འཕྲོ་ཅན།

༢༢ འདུལ་བ་མདོ་རྩ་བའི་ཚིག་དོན་གསལ་བྱེད་རིན་ཆེན་སྒྲོན་མེ།

༢༣ འདུལ་སྡོམ་གྱི་མཆན་འགྲེལ་མུ་ཏིག་ཕྲེང་བ།

༢༤ འདུལ་བའི་དོགས་དཔྱོད་འཕྲོ་ཅན།

༢༥ འདུལ་བ་ལུང་གི་བར་སྡོམ་གྱི་མཆན།

༢༦ སྔགས་ཀྱི་ས་ལམ་རྩོམ་འཕྲོ།

༢༧ སྨྱུང་གནས་པོ་བསྟོད་ཀྱི་འགྲེལ་བ།

༢༨ མ་ཎིའི་ཕན་ཡོན།

༢༩ རྒྱུན་གྱི་ཉམས་ལེན།

༣༠ སྒྲ་ཊཱིཀ་འགྲེལ་བ་གསལ་ལྡན་གྱི་བརྗེད་བྱང་ཁ་ཚང་།

༣༡ སྒྲ་མདོའི་སྐད་གཉིས་ཤན་སྦྱར།

༣༢ རྩིས་ཀྱི་སྐོར་འགའ་ཞིག

༣༣སྐྱེས་ཆེན་དུ་མའི་ཚེ་རབས་རྗེས་འཛིན་དང་ཞབས་བརྟན་གསོལ་འདེབས་ཀྱི་སྐོར།

 

        ༄༅༎ཧོར་ཆེན་ཡེ་ཤེས་རྒྱ་མཚོ་མཆོག་ནི་རབ་བྱུང་བཅུ་བཞི་བའི་ལྕགས་ཕོ་སྤྲེལ་ཏེ་ཕྱི་ལོ་༡༨༦༠ལོར་སོག་ཡུལ་ཨུ་ལོར་ཡབ་ཏ་ཐེ་ཅི་ཡར་འཕེལ་དང་ཡུམ་སུ་ནུ་ཇན་ཟེར་བ་གཉིས་ཀྱི་སྲས་སུ་འཁྲུངས།  སངས་རྒྱས་ཆོས་གྲགས་དཔལ་བཟང་བོ་དང་ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་སོགས་བསྟེན་ནས་མདོ་སྔགས་རིག་གསུམ་ལ་མཁས་པའི་ཕ་རོལ་དུ་སོན། སྐུ་འབུམ་དང་དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་སོགས་སུ་གཞུང་ཆེན་ལྔའི་དཔེ་ཁྲིད་དང་དབང་ལུང་ཆོས་བཀའ་མང་དུ་གསུངས་ཤིང་འགྲོ་དོན་རྒྱ་ཆེར་མཛད། དགུང་ལོ་རེ་གཉིས་བཞེས་པ་རབ་བྱུང་བཅོ་ལྔ་བའི་ལྕགས་མོ་བྱ་སྟེ་ཕྱི་ལོ་༡༩༢༡ལོའི་ཧོར་ཟླ་༡༡ཚེས་༡༦ཉིན་དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་སུ་མྱ་ངན་ལས་འདས་པའི་ཚུལ་མཛད། གསུང་གི་སྐོར་ལ་གོང་གསལ་ལས་གཞན་མང་བར་གསུངས་ཀྱང་རྐྱེན་དབང་གིས་གཞན་དུ་འཁྱར་བས་ལག་སོན་མ་བྱུང་། སློབ་མའི་སྐོར་ལ་བྱ་མདོ་འབྲོག་རུ་ཚུལ་ཁྲིམས་རྒྱ་མཚོ། དཔའ་ལུང་ཤེས་བཞིན་དགེ་འདུན་བསྟན་རྒྱས། ཡོངས་འཛིན་སྒེའུ་སྟེང་བློ་བཟང་དཔལ་ལྡན། ལྷ་སྡེ་པཎྜི་ཏ་ཡེ་ཤེས་རྒྱ་མཚོ། ཁ་སྒང་འཕྲིན་ལས་རྒྱ་མཚོ། དཔྱི་ས་བློ་གྲོས་རྒྱ་མཚོ་སོགས་མཁས་ཆེན་མང་དུ་བྱོན་ནོ།།

 

          ཞེས་པ་འདི་ནི་དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་ཀྱི་གྲྭ་རིགས་བྱ་མདོ་བསམ་གཏན་རྒྱ་མཚོ་ནས་མཚམས་སྦྱོར་གྱི་ཚུལ་དུ་ཕུལ་བའོ།།

 

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn           

 

 

བརྒྱུད་འགོད།