རྗེ་བཙུན་༧ དགེ་འདུན་བསྟན་འཛིན་དཔལ་བཟང་བོ་མཆོག་གི་བཀའ་འབུམ་དཀར་ཆག་བཞུགས་སོ།།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-06-06 23:18:09     རྩོམ་པ་པོ།   བྱ་མདོ་བསམ་གཏན་རྒྱ་མཚོ།    ཀློག་ཐེངས།  

 image1.JPG

༄༅། །རྒྱལ་བའི་ཡོངས་འཛིན་རྡོ་རྗེ་འཆང་ཆེན་པོ་ ༧ ཞྭ་དམར་པཎྜི་ཏ་རྗེ་བཙུན་༧ དགེ་འདུན་བསྟན་འཛིན་དཔལ་བཟང་བོ་མཆོག་གི་བཀའ་འབུམ་དཀར་ཆག་བཞུགས་སོ།།

༼ཀ༽ (༡) ཡོངས་རྫོགས་བསྟན་པའི་མངའ་བདག་བཀའ་དྲིན་མཉམ་མེད་རྗེ་བཙུན་བློ་བཟང་ལུང་རིགས་རྒྱ་མཚོ་དཔལ་བཟང་བོའི་ཞབས་སྔ་ནས་ཀྱི་རྣམ་པར་ཐར་བ་མདོ་ཙམ་བརྗོད་པ་དད་ལྡན་རྣ་བའི་བཅུད་ལེན་ལ་ལྡེབ་༡༩༩དང་།

(༢) སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བློ་བཟང་འཕྲིན་ལས་ཀྱི་རྣམ་ཐར་འཕྲོ་ཅན་ལ་ལྡེབ་༢༢༨དང་། བསྡོམས་ན་ལྡེབ་གྲངས་༤༢༧བཞུགས།


༼ཁ༽ (༡) ཁྱབ་བདག་འཁོར་ལོའི་མགོན་པོ་བཀའ་དྲིན་ཟླ་མེད་རྗེ་བཙུན་བློ་བཟང་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས་དཔལ་བཟང་བོའི་རྣམ་པར་ཐར་བ་ཀུན་བཟང་སྤྱོད་ཚུལ་གསལ་བའི་མེ་ལོང་ལ་ལྡེབ་༡༦༠དང་།

(༢) སྐུ་གསུང་ཐུགས་རྟེན་གསར་བཞེངས་ཀྱི་དཀར་ཆག་དང་ཞལ་བྱང་པར་སྨོན་བཤད་པ་འགའ་ཟུང་བཅས་ཕྱོགས་བསྡེབས་སུ་བཀོད་པ་བདེ་ལེགས་དགོས་འདོད་ཀུན་སྩོལ་ནོར་བུའི་གན་མཛོད་ལ་ལྡེབ་༡༣༨དང་། 

(༣) མཉམ་མེད་ཐུབ་པའི་དབང་བོ་བསྐལ་བཟང་རྣམ་འདྲེན་སྟོང་དང་ལྷག་ལྷ་དུ་མས་བསྐོར་པའི་སྣང་བརྙན་གཙུག་ལག་ཁང་བཅས་གསར་བཞེངས་ཀྱི་དཀར་ཆག་ལེགས་བྱས་ཟད་མི་ཤེས་པའི་བང་མཛོད་ལ་ལྡེབ་༢༩དང་། 

(༤) བཀའ་དྲིན་མཉམ་མེད་ཡོངས་འཛིན་པཎྜི་ཏ་ནོ་མོན་ཧན་རྗེ་བཙུན་དགེ་འདུན་བསྟན་འཛིན་རྒྱ་མཚོ་དཔལ་བཟང་བོའི་རིང་བསྲེལ་སྙིང་བོར་བཞུགས་པའི་གསེར་སྡོང་ནོར་འཛིན་མཛེས་རྒྱན་གྱི་དཀར་ཆག་དུང་གི་སྒྲ་དབྱངས་ལ་ལྡེབ་༡༨དང་། 

(༥) སྒར་སྡེའི་དགོོན་གསར་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་གི་བཅའ་ཡིག་སྐལ་བཟང་འཇུག་ངོགས་སོགས་བཅའ་ཡིག་འགའ་ཞིག་ལ་ལྡེབ་༣༦དང་། བསྡོམས་ན་ལྡེབ་གྲངས་༣༨༡བཞུགས།


༼ག༽ (༡) རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ཐོབ་ཡིག་ནོར་བའི་ཕྲེང་མཛེས་ལ་ལྡེབ་༩༡དང་།

(༢) རྗེ་བཙུན་བླ་མ་མཆོག་ནས་མཁས་པ་དང་གྲུབ་པའི་ཡོངས་འཛིན་དུ་མ་ལས་མདོ་སྔགས་ཟབ་རྒྱས་ཀྱི་གདམས་པའི་བདུད་རྩི་ཇི་སྙེད་ཅིག་གསན་བཞེས་མཛད་ཚུལ་ཕན་བདེ་རིན་ཆེན་འབྱུང་གནས་ལ་ལྡེབ་༢༠༢དང་། 

(༣) བཤེས་གཉེན་དམ་པས་རྗེས་འཛིན་གྱི་སྨོན་ཚིག་སྐོར་འདོད་རྒུའི་གྲུ་ཆར་འཇོ་བའི་སྤྲིན་ཕུང་ལ་ལྡེབ་༡༤དང་། 

(༤) སྐྱེས་ཆེན་དམ་པ་རྣམས་ཀྱི་ཡང་སྲིད་མྱུར་འབྱོན་གསོལ་འདེབས་སྐོར་ཉམ་ཆུང་ཡིད་ཀྱི་གསོས་སྨན་ལ་ལྡེབ་༢༤དང་། 

(༥) ལྷག་ལྷ་དུ་མའི་འདོད་གསོལ་བརྒྱུད་འདེབས་སྨོན་ལམ་སྣ་ཚོགས་ཕྱོགས་གཅིག་ཏུ་བསྡེབས་པ་བྱིན་རླབས་ནོར་བུའི་གཏེར་མཛོད་ལ་ལྡེབ་༢༠དང་།

(༦) སྐྱེས་ཆེན་དམ་པ་རྣམས་ཀྱི་ཞབས་བརྟན་གསོལ་འདེབས་སྐོར་དྲང་སྲོང་རྒན་པོའི་བདེན་ཚིག་ལ་ལྡེབ་༡༨དང་། 

(༧) རང་གཞན་ཆོས་ལ་བསྐུལ་བའི་མགུར་དབྱངས་ཀྱི་རིམ་པ་ཕྱོགས་གཅིག་ཏུ་བཀོད་པ་སྐལ་བཟང་ཡིད་ཀྱི་གདུང་སེལ་ལ་ལྡེབ་༡༢དང་། བསྡོམས་ན་ལྡེབ་གྲངས་༣༩༡བཞུགས།


༼ང༽ (༡) བྱང་ཆུབ་བདེ་ལམ་གྱི་ཁྲིད་དམིགས་སྐྱོང་ཚུལ་ཤིན་ཏུ་གསལ་བར་བཀོད་པ་དགེ་ལེགས་འོད་སྣང་འགྱེད་པའི་ཉིན་བྱེད་ལ་ལྡེབ་༢༡༠དང་།

(༢) ལྷག་མཐོང་ཆེན་མོའི་དཀའ་གནས་རྣམས་བརྗེད་བྱང་དུ་བཀོད་པ་དགོངས་ཟབ་སྣང་བའི་སྒྲོན་མེ་ལ་ལྡེབ་༡༡༠དང་། 

(༣) བློ་སྦྱོང་ཚིགས་བརྒྱད་མའི་ཁྲིད་ཀྱི་ཟིན་བྲིས་སྐལ་བཟང་སྤྱི་ནོར་ལ་ལྡེབ་༡༣དང་། 

(༤) ལྟ་ཁྲིད་དྲན་པ་བཞི་ལྡན་གྱི་ཟིན་བྲིས་ལེགས་བཤད་རིན་ཐང་མེད་པའི་རྒྱན་ཕྲེང་ལ་ལྡེབ་༡༢དང་། 

(༥) མེ་ཏོག་བཅུད་ལེན་གྱི་ཟིན་བྲིས་མདོར་བསྡུས་དཀའ་ཐུབ་སྤྱོད་པའི་རྒྱན་ལ་ལྡེབ་༦དང་། 

(༦) སྦྱོར་བའི་ཆོས་དྲུག་གི་དམིགས་ཁྲིད་མདོར་བསྡུས་གནད་དོན་རབ་གསལ་ལ་ལྡེབ་༡༠དང་། 

(༧) བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ས་བཅད་འཕྲོ་ཅན་སོགས་གསུང་རྩོམ་སྣ་ཚོགས་པའི་སྐོར་ལ་ལྡེབ་༢༨དང་། བསྡོམས་ན་ལྡེབ་གྲངས་༣༨༩བཞུགས།


༼ཅ༽ (༡) མཁས་གྲུབ་བྱེ་བའི་གཙུག་ནོར་རྡོ་རྗེ་འཆང་པྲ་ཛྙཱའི་མཚན་ཅན་ལས་མི་ཏྲའི་དབང་གསན་སྐབས་ཀྱི་ཟིན་བྲིས་དང་། རྡོར་ཕྲེང་གི་ཟིན་བྲིས་འཕྲོ་ཅན་ཉིད་ཀྱི་ཕྱག་བྲིས་ལས་བཤུས་པ་ལ་ལྡེབ་༦༡དང་། 

(༢) རིན་འབྱུང་སོགས་རྗེས་གནང་དང་ལུང་འགའ་ཞིག་གསན་དུས་ཀྱི་རེག་ཟིག་ཕྱག་བྲིས་ལས་བཤུས་པ་ལ་ལྡེབ་༣༧དང་། 

(༣) རྔོག་དཀྱིལ་བདུན་ལས་མ་རྒྱུད་དཀྱིལ་འཁོར་དྲུག་དང་རྡོར་དབྱིངས་དབང་གི་བརྗེད་བྱང་གདུང་སེལ་བདུད་རྩིའི་ཁྲུས་རྫིང་ལ་ལྡེབ་༢༥དང་། 

(༤) སྣར་ཐང་བརྒྱ་རྩའི་རྗེས་གནང་གི་ཆོ་གའི་མཚམས་སྦྱོར་ནག་འགྲོས་སུ་བཀོད་པ་སོགས་བྱིན་རླབས་ཅན་འགའ་ཞིག་གི་ཁ་སྐོང་ལ་ལྡེབ་༢༧དང་།

(༥) བླ་མཆོད་དང་ཕྱག་ཆེན་སྦྲགས་པའི་ཁྲིད། སྒྲོལ་དཀར་ཚེ་ཁྲིད། མ་ནིང་ཧ་འདོན་ཁྲིད། མདོ་སྡེའི་རྒྱན་གྱི་བཤད་ལུང་བཅས་གསན་པའི་རེག་ཟིག་ལ་ལྡེབ་༣༣དང་། 

(༦) བླ་མ་མཆོད་པའི་ཆོ་ག་མདོར་བསྡུས་བསམ་འཕེལ་ནོར་བུའི་དོ་ཤལ་ལ་ལྡེབ་༦དང་། 

(༧) རྗེ་བཙུན་རིགས་བྱེད་མ་ལ་བརྟེན་ནས་ཚེ་ཡི་དངོས་གྲུབ་སྒྲུབ་པའི་ཆོ་ག་དགེ་ལེགས་ཆུ་གཏེར་སྤེལ་བའི་ཟླ་ཤེལ་ལ་ལྡེབ་༦དང་། 

(༨) དཔལ་གསང་བའི་བདག་པོ་འཁོར་ལོ་ཆེན་པོའི་སྒྲུབ་ཐབས་མདོར་བསྡུས་བདུད་སྡེ་ཟིལ་གྱིས་གནོན་པའི་བཞད་སྒྲ་ལ་ལྡེབ་༨དང་། 

(༩) འཁོར་ཆེན་གྱི་བརྒྱུད་འདེབས་དང་སྨོན་ཤིས་མདོར་བསྡུས་ལ་ལྡེབ་༢དང་། 

(༡༠) དཔལ་མོའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་རྒྱུན་ཁྱེར་དང་སྒྲོལ་མའི་མནྜལ་བཞི་བའི་ཆོ་ག་མདོར་བསྡུས་ལ་ལྡེབ་༢དང་། 

(༡༡) རྡོ་རྗེ་མི་འཁྲུགས་པ་གཙོ་རྐྱང་གི་སྒྲུབ་ཐབས་མདོར་བསྡུས་ལ་ལྡེབ་༢དང་། 

(༡༢) སྒྲོལ་མ་དཀར་མོའི་སྒོ་ནས་ཞབས་བརྟན་འབུལ་བའི་ཆོ་ག་ལ་ལྡེབ་༩དང་། 

(༡༣) སྙན་ངག་གི་བསྟན་བཅོས་ཆེན་པོ་མེ་ལོང་ལས་བྱུང་བའི་རྒྱན་རྣམས་ཀྱི་དཔེར་བརྗོད་ལེགས་བཤད་བདུད་རྩིའི་མཆོད་ཡོན་ལ་ལྡེབ་༣༩དང་། 

(༡༤) སྙན་ངག་གི་བསྟན་བཅོས་ཆེན་པོ་མེ་ལོང་གི་རྒྱན་རྣམས་ཀྱི་དོགས་གཅོད་འཕྲོ་ཅན་ལ་ལྡེབ་༣༧དང་། 

(༡༥) རྒྱལ་དབང་སྲིད་ཞིའི་གཙུག་རྒྱན་མཆོག་ལ་སྔ་ཕྱིར་ཕུལ་བ་སོགས་ཆབ་ཤོག་གི་སྐོར་འགའ་ཞིག་ལ་ལྡེབ་༢༤དང་། 

(༡༦) ཡུལ་ལྷའི་རྒྱལ་བོ་གུར་ཁང་གི་གསོལ་མཆོད་དྲེགས་ལྡན་དགྱེས་པའི་དབྱངས་སྙན་སོགས་ལ་ལྡེབ་༥དང་། 

(༡༧) གཤེད་དམར་ལྷ་བཅུ་གསུམ་གྱི་དབང་ཟིན་ལ་ལྡེབ་༢༡དང་། 

(༡༨) བླ་མཆོད་ཁྲིད་དང་མདོ་རྒྱན་གྱི་བཤད་ལུང་གསན་པའི་ཟིན་བྲིས་ལ་ལྡེབ་༣༣དང་། 

(༡༩) པར་བྱང་སྨོན་ཚིག་ལ་ལྡེབ་༩དང་། བསྡོམས་ན་ལྡེབ་གྲངས་༣༨༣བཞུགས།

༼ཆ༽ (༡) དྲིན་ཅན་བླ་མ་མཆོག་གིས་མཛད་པའི་ཕར་ཕྱིན་ཟིན་ཐོ་གཞུང་ལུགས་རབ་འབྱམས་གསལ་བའི་མེ་ལོང་ལས་སྐབས་དང་བོའི་སྐོར་ལ་ལྡེབ་༢༢༢དང་།

(༢) ཕར་ཕྱིན་ཟིན་ཐོ་གཞུང་ལུགས་རབ་འབྱམས་གསལ་བའི་མེ་ལོང་ལས་སྐབས་གཉིས་པའི་སྐོར་ལ་ལྡེབ་༣༥དང་།

(༣) ཕར་ཕྱིན་ཟིན་ཐོ་གཞུང་ལུགས་རབ་འབྱམས་གསལ་བའི་མེ་ལོང་ལས་སྐབས་གསུམ་པའི་སྐོར་ལ་ལྡེབ་༢༡དང་།

(༤) ཕར་ཕྱིན་ཟིན་ཐོ་གཞུང་ལུགས་རབ་འབྱམས་གསལ་བའི་མེ་ལོང་ལས་སྐབས་བཞི་བའི་སྐོར་ལ་ལྡེབ་༡༢༢དང་། བསྡོམས་ན་ལྡེབ་གྲངས་༤༠༠བཞུགས།


༼ཇ༽ (༡) རྨ་ཀླུང་རྡོ་རྗེའི་བྲག་ཏུ་སྡེ་སྣོད་རྒྱ་མཚོའི་མངའ་བདག་དགེ་བའི་བཤེས་གཉེན་ཆེན་པོ་སངས་རྒྱས་ཆོས་གྲགས་རིན་པོ་ཆེ་དང་བགྲོས་པའི་དབུ་མའི་ཐོ་དཀའ་གནད་སྦུབས་རྒྱ་དཀྲོལ་བའི་ཉིན་བྱེད་བྱིན་རླབས་སྣང་བའི་གཏེར་མཛོད་ལ་ལྡེབ་༡༨༤དང་།(༢) ཕར་ཕྱིན་སྐབས་དང་བོའི་དཀའ་གནད་འགའ་ཞིག་ལ་དགོངས་གཞིག་ཞིབ་ཏུ་མཛད་པའི་དཔྱད་ཐོ་མི་བསྙེལ་དྲན་གསོའི་ཐོ་ཡིག་རྨོངས་པའི་དྲི་མ་དག་བྱེད་བདུད་རྩིའི་བུམ་བཟང་ལ་ལྡེབ་༤༣དང་།(༣) དྲང་ངེས་ལེགས་བཤད་སྙིང་བོའི་དཀའ་གནས་ལས་བརྩམས་པའི་ཟིན་བྲིས་དཔྱོད་ལྡན་ཡིད་ཀྱི་མུན་སེལ་ལ་ལྡེབ་༡༡༣དང་།(༤) ཕར་ཕྱིན་ཟུར་བཀོལ་ལས་དགེ་འདུན་ཉི་ཤུ། རྟེན་འབྲེལ། དྲང་ངེས་ཞལ་ཐོ་ཧོར་ཁོང་ཅན་རྣམས་ཀྱི་རེགས་གཟིག་དཀའ་གནད་གསལ་བའི་རིན་ཆེན་སྒྲོན་མེ་ལ་ལྡེབ་༨༣དང་། བསྡོམས་ན་ལྡེབས་གྲངས་༤༢༣བཞུགས།

༼ཉ༽ (༡) ཆེ་བ་བཞི་ལྡན་བྱང་ཆུབ་ལམ་རིམ་ཆེན་མོའི་ཟིན་བྲིས་དང་། ཆེ་འབྲིང་གི་དཀའ་གནད་གཞུང་གུང་བསྒྲིགས་ཀྱིས་དགོངས་དཔྱད་དང་དགེ་བཤེས་མཁས་པ་དུ་མར་འཕྲོས་པ་གནང་བའི་ཞལ་ཐོ་ནོར་བུའི་གཏེར་མཛོད་ལ་ལྡེབ་༣༡༦དང་།(༢) བདེན་གཉིས་ཞལ་ཐོ་གྲུབ་མཐའ་རྣམ་བཞིའི་ལམ་བཟང་གསལ་བའི་རིན་ཆེན་སྒྲོན་མེ་ལ་ལྡེབ་༤༨དང་།(༣) རྒྱུད་བླ་དར་ཊཱིཀ་དང་། ཀུན་བཏུས་དར་ཊཱིཀ་གཉིས་ཀྱི་ཟིན་བྲིས་དགོས་འདོད་གཏེར་གྱི་བུམ་བཟང་ལ་ལྡེབ་༥༧དང་།(༤) ཟབ་ལམ་དབུ་མའི་ལྟ་བ་རྟོགས་པའི་མན་ངག་གསལ་བའི་ཉིན་བྱེད་ལ་ལྡེབ་༦དང་། བསྡོམས་ན་ལྡེབ་གྲངས་༤༢༧བཞུགས།

༼ཏ༽ (༡) པྲ་ཛྙཱ་ཞབས་ལས་བདེ་ལམ་རྒྱས་བསྡུས་གཉིས་དང་། འཇམ་དཔལ་ཞལ་ལུང་། རྗེ་ཨ་རོལ་ལས་མྱུར་ལམ་དང་། བླ་མཆོད་ཁྲིད་གསན་པའི་ཞལ་ཐོ་ལ་ལྡེབ་༡༠༡དང་།(༢) ལྷག་མཐོང་ཐོ་སྔ་མ་ཤོག་དྲིལ་གསུམ་དང་། དཀའ་གནས་ལ་དཔྱད་པའི་ཐོ་གསར་ཤོག་དྲིལ་གཅིག་བཅས་ལ་ལྡེབ་༣༠དང་།(༣) གཞུང་ཐོ་ཐར་ཐོར། བཤད་ལུང་དང་ཁྲིད་ཀྱི་སྐོར་ཕྱོགས་བསྡེབས་བྱས་པ་ལ་ལྡེབ་༡༠༩དང་།(༤) གཤེད་དམར་ལྷ་བཅུ་གསུམ་མ་སོགས་ཟུར་བཀའི་དབང་འགའ་དང་། སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་གི་གསན་ཐོ་ལ་ལྡེབ་༦༠དང་།(༥) དབྱངས་ཅན་སྒྲ་མདོའི་ཐོ་ཤོག་དྲིལ་ཕྱེད་དང་ལྔ། དཔྱད་ཐོ་ཤོག་དྲིལ་ཕྱེད། སྙན་ངག་དཔེར་བརྗོད་ཤོག་དྲིལ་ལྔ། ཉིད་ཀྱི་སྒྲ་རྒྱན་བཀྲོལ་ཐོའི་ཤོག་དྲིལ་བཅས་ལ་ལྡེབ་༨༠དང་། (༦) སྡེ་སྲིད་སངས་རྒྱས་རྒྱ་མཚོའི་མན་ངག་ལྷན་ཐབས་ཀྱི་ཟིན་བྲིས་ལ་ལྡེབ་༦༥དང་། བསྡོམས་ན་ལྡེབ་གྲངས་༤༤༥བཞུགས་སོ། །

image1 (1).JPG


                                     དྷཱིཿཚ།  བྱ་མདོ་བསམ་གཏན་རྒྱ་མཚོས་མཚམས་སྦྱོར་བྱས།


                                         རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn            

 

བརྒྱུད་འགོད།