སྟག་ཕུ་བློ་བཟང་བསྟན་པའི་རྒྱལ་མཚན་ནམ་བློ་གྲོས་རྒྱལ་མཚོའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-04-16 22:59:49     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

 IMG_5536.JPG

བྲིས་བོད། ཤོག་གྲངས།

00723དང་པོ།

1བྱང་ཆུབ་ཀྱི་སེམས་མངའ་བའི་བྱ་མགྲིན་སྔོན་ཟླ་བའི་རྟོགས་པ་བརྗོད་པ་འཁོར་བ་མཐའ་དག་ལ་སྙིང་པོ་མེད་པར་

མཐོང་བ་རྣམས་ཀྱི་ད་རྒྱན་ཞེས་པར། 133

2རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ན་རོ་མཁའ་སྤྱོད་ཀྱི་རིམ་གཉིས་ཟབ་མོའི་ཉམས་ལེན་བཻཌྰུརྱ་ཞུན་མའི་ཐེམ་སྐས་ལ། 71

3རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ན་རོ་མཁའ་སྤྱོད་མ་ལ་བརྟེན་པའི་ཟབ་ལམ་འཕོ་བའི་གདམས་པ་ལ། 4

 

00724གཉིས་པ།

1སྟག་གདོང་རི་བོ་དཔལ་འབར་གྱི་བཅའ་ཡིག་ལ། 9

2ལྷ་མོ་དབྱངས་ཅན་མའི་བླ་བརྒྱུད་གསོལ་འདེབས་ལ། 2

3དབྱངས་ཅན་དམར་པོའི་སྒྲུབ་ཐབས་ལ། 3

4ཚེ་དཔག་མེད་རྗེ་ལྔའི་བརྒྱུད་འདེབས་ལ། 2

5ཞི་བའི་འཁྲུལ་འཁོར་གྱི་ཆོ་ག་ཟླ་ཟེར་ལ། 5

6བདེ་ཅན་དུ་བགྲོད་པའི་སྨོན་ལམ་པད་རག་ལ། 3

7མྱུར་མཛད་མགོན་པོ་ལ་མཆོད་གཏོར་འབུལ་ཚུལ་ལ། 2

8རིག་པའི་རྒྱལ་མོ་གཟའ་ཡུམ་སྒྲུབ་ཐབས་ལ། 2

9རྒྱལ་བ་སེང་གེ་ང་རོའི་གསོལ་འདེབས་ལ། 2

10ཚེ་དཔག་མེད་རྗེ་དགུའི་བརྒྱུད་འདེབས་ལ། 2

11རྗེ་བཙུན་སྒྲོལ་མའི་གདུང་འབོད་ལ། 3

12དཔལ་འཁོར་ལོ་སྡོམ་པ་དྲིལ་བུ་རྗེ་ལྔ་དང་འབྲེལ་བའི་ཚོགས་མཆོད་ལ། 5

13རྗེ་བཙུན་སྒྲོལ་མའི་ཞི་བའི་སྦྱིན་སྲེག་ལ། 5

14དབྱངས་ཅན་རྗེ་མོའི་སྒྲུབ་ཐབས་ལ། 3

15རྗེ་མོ་འོད་ཟེར་ཅན་གྱི་བརྒྱུད་འདེབས་ལ། 19

16མགོན་པོ་ལེགས་ལྡན་བེང་གི་རྗེས་གནང་ལ། 6

17བླ་མ་དང་རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་གྱི་རྗེ་ཚོགས་དབྱེར་མེད་དུ་གསོལ་བ་འདེབས་པ་ལ། 9

18འཕགས་པ་ཛམྦྷ་ལ་དམར་པོའི་སྒྲུབ་ཐབས་དངོས་གྲུབ་ཁྲོ་ཆེན་ལ། 5

19རྗེ་མོ་རི་མ་ཏི་ལ་མཆོད་གཏོར་འབུལ་ཚུལ་ལ། 2

20རྗེ་བླ་མ་ཙོང་ཁ་པ་ལ་བསྟོད་པ་ལ། 2

21རྒྱལ་པོ་ཆེན་པོ་རྣམ་སྲས་ལ་གཏོར་འབུལ་བྱ་ཚུལ་ལ། 2

22དཔལ་གསང་བ་འདུས་པའི་བླ་བརྒྱུད་གསོལ་འདེབས་ཁ་སྐོང་ལ། 2

23སྤྱན་རས་གཟིགས་ཀྱི་བསྟོད་པ་ཉུང་ངུ་ལ། 1

24མགོན་པོ་གྲི་གུག་ཅན་གྱི་གཏོར་འབུལ་ལ། 2

25ཡེ་ཤེས་མཁའ་འགྲོ་སེང་གེའི་གདོང་ཅན་གྱི་སྒོ་ནས་འཆི་མེད་ཚེ་སྒྲུབ་ལ། 3

26བསྙེན་སྒྲུབ་ཀྱི་དུས་ཉེ་བར་མཁོ་བའི་ཐོ་འཛུགས་ཚུལ་ལ། 3

27བླ་མའི་རྣལ་འབྱོར་ཐེམ་སྐས་ལ། 3

28སྨོན་ལམ་འགྲུབ་པར་བྱེད་པའི་འཁོར་ལོ་འབྲི་ཚུལ་ལ། 2

29སྡིག་སྒྲིབ་སྦྱོང་བའི་ཐབས་ཤིན་ཏུ་ཟབ་པ་ལ། 4

30ཡེ་ཤེས་མཁའ་འགྲོ་དུར་ཁྲོད་བདག་མོས་གསུང་བའི་སྨོན་ལམ་འགྲུབ་པའི་གདམས་པ་ལ། 3

31བདེ་མཆོག་རྩ་རྒྱུད་བླ་མ་དང་དཀྱིལ་འཁོར་རྗེ་ཚོགས་བཅས་ལ་དུས་མིན་འཆི་བར་བཟློག་པ་ལ། 4

32ལེགས་ལྡན་བེང་ཆེན་ལ་བསྟོད་པ་ལ། 2

33ཡེ་ཤེས་མགོན་པོ་ལ་མིང་གཞི་སུམ་ཅུའི་སྒོ་ནས་ཕྲེང་བའི་བསྟོད་པ་ལ། 334མགོན་པོ་ཕྱག་དྲུག་ལ་གཏོར་མ་འབུལ་ཚུལ་ལ། 2

35རྗེ་བཙུན་སྒྲོལ་མའི་བསྟོད་པ་མཛེས་རྒྱན་སྣང་བྱེད་ལ། 3

36འཇམ་དབྱངས་ཀྱི་བསྟོད་པ་གདུང་ཤུགས་ང་རོ་ལ། 2

37འཇམ་དབྱངས་ཆོས་སྐོར་ལ་བསྟོད་པ་ལ། 1

38འོད་དཔག་མེད་ཀྱི་ཐུགས་རྗེ་བསྐུལ་བའི་དབྱངས་སྙན་ལ། 2

39བླ་མ་དང་རྗེ་བཙུན་སྒྲོལ་མ་དབྱེར་མེད་དུ་སྒྲུབ་ཚུལ་ལ། 5

40དཔལ་མགོན་ཞལ་བཞི་པའི་བསྟོད་བསྐུལ་ལ། 2

41ཞལ་བཞི་པ་ལ་ཡན་ལག་བདུན་པ་འབུལ་ཚུལ་ལ། 2

42དཔལ་མགོན་བྱ་རོག་མཚན་ཅན་ལ་གཏོར་མ་འབུལ་ཚུལ་ལ། 3

43མགོན་པོ་ཕྱག་དྲུག་པའི་དབང་གི་སྦྱིན་སྲེག་ལ། 9

44མ་ཅིག་དཔལ་གྱི་རྗེ་མོའི་གསོལ་མཆོད་བདུད་རྩིའི་ཟིལ་མངར་ལ། 14

45དབུ་མ་ཐང་གི་རྒྱབ་རི་སོགས་ཡུལ་རྗེ་རྣམས་ཀྱི་སྤྱི་བསངས་ལ། 2

46དགོན་ལུང་གི་གནས་ལ་ཉེ་བར་མཁོ་བའི་བསངས་མཆོད་ལ། 3

47ཡུལ་རྗེ་གཡུ་དྲུང་ག་པོ་ལ་མཆོད་གཏོར་འབུལ་ཚུལ་ལ། 3

48སྟག་ལུང་བྲག་བཙན་གྱི་གསོལ་མཆོད་ལ། 3

49ཀླུའི་གཏོར་མ་འབུལ་ཚུལ་ལ། 2

50ཆོས་སྐྱོང་ཆེན་པོ་ཞང་པན་ཤ་རུ་གྲིབ་བཙན་གྱི་གཏོར་འབུལ་ལ། 2

51རྒྱལ་ཆེན་དམ་ཐོས་སྲས་ལ་ཕྱིའི་རྟེན་འཛུགས་ཚུལ་ལ། 6

52གནོད་སྤྱིན་ཤིང་བྱ་ཅན་གྱི་གཏོར་འབུལ་ལ། 2

53ལེགས་ལྡན་ནག་པོ་ཆེན་པོ་ལྕམ་དྲལ་གྱི་བར་ཆད་སེལ་ཞིང་དགྲ་བགེགས་གྲོལ་བ་ལ། 9

54ཀླུ་བསངས་དང་ཀླུ་གཏོར་སྦྲགས་པ་ཀུན་བཟང་བདེ་ཆེན་ལ། 11

55དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་བེང་ཆེན་འཛིན་གཏོར་ལ་བརྟེན་ནས་རྒྱུན་གྱི་ཉམས་ལེན་བྱ་ཚུལ་ལ། 10

56ཕྲེང་བ་ནས་བཤད་པའི་དཀྱིལ་འཁོར་ལ་བརྟེན་ནས་བསགས་སྦྱང་ཇི་ལྟར་བྱ་བའི་ཚུལ་ལ། 8

57ཏིང་ངེ་འཛིན་སྒོམ་ཚུལ་ལ། 4

མཛད་པ་པོའི་ལོ་སྒྱུས་མདོར་བསྡུས།

༄༅། །སྟག་ཕུ་བློ་བཟང་བསྟན་པའི་རྒྱལ་མཚན་ནམ། བློ་གྲོས་རྒྱ་མཚོ་ནི་ཀོང་སྟོད་ཉང་པོ་རྒྱ་ནང་དུ་གནུབས་ཀྱི་རིགས་སུ་ཡབ་སྔགས་འཆང་དཀོན་མཆོག་སྙན་གྲགས་དང༌། ཡུམ་འཛོམས་པ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པ་ཤིང་རྟ་1714ལོ་འཁྲུངས། སྐུ་ཆུང་ངུའི་དུས་དོ་བོ་མགོའི་བླ་ཟུར་ཆུ་མཁར་སྤྲུལ་སྐུའི་དྲུང་དུ་གཙུག་ཕུད་ཕུལ། མཚན་ངག་དབང་ཡེ་ཤེས་གསོལ། དགུང་ལོ་ལྔ་ལ་ཆོས་འདོན་མཁས་པ་རྡོ་རྗེ་རྒྱལ་མཚན་གྱི་སར་ཡི་གེ་འབྲི་ཀློག་བསླབས། དགུང་ལོ་བརྒྱད་ལ་རྗེ་ཉིད་ཀྱི་ཡབ་གཤེགས། དགུང་ལོ་བཅུ་གཉིས་ལ་བསང་ངོ་བོ་དགོན་གྱི་བླ་མ་མཛད། དགུང་ལོ་བཅུ་གསུམ་ལ་སྟག་ཕུ་ངག་དབང་ཆོས་གྲྭགས་ཀྱི་ཡང་སྲིད་དུ་ངོས་འཛིན་ཞུས། དགུང་ལོ་བཅོ་ལྔ་ལ་ཉང་པོ་བྲག་དཀར་རྗེ་ཆུའི་དགོན་པར་ཟབ་མོའི་ཏིང་ངེ་འཛིན་ལ་སྒྲུབ་པ་རྩེ་གཅིག་ཏུ་བཞུགས། དགུང་ལོ་བཅུ་དྲུག་ལ་རྒྱུད་སྨད་མཁན་པོ་ངག་དབང་མཆོག་ལྡན་པ་མདོ་སྨད་མགར་མཐར་དུ་རྒྱལ་བ་བསྐལ་བཟང་རྒྱ་མཚོར་བཀའ་ཆོས་འབུལ་བར་ཕེབས་པའི་ལམ་ཞོར་དུ་བར་མ་རབ་བྱུང་བསྒྲུབས། མཚན་ངག་དབང་བློ་གྲོས་རྒྱ་མཚོ་ཞེས་སྩལ། དེ་ལོར་ནགས་ཤོད་སྟག་ཕུ་བན་དཀར་དགོན་དུ་གདན་དྲངས། རྗེ་ཡོན་ཏན་དར་རྒྱས་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན། དགུང་ལོ་བཅུ་དགུ་ལ་དབུས་སུ་ཕེབས་ནས་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་མཛད། དགེ་བཤེས་འཇམ་དབྱངས་ཕུན་ཚོགས་དང༌། ལྷོ་པ་དགེ་འདུན་བདེ་ལེགས་སོགས་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔར་གསན་བཞེས་མཛད། དགུང་ལོ་ཉེར་བདུན་ལ་རྗེ་ལྡན་སྨོན་ལམ་ཆེན་མོར་གྲྭ་བསྐོར་མཛད། དེ་ནས་རྒྱལ་བ་བསྐལ་བཟང་རྒྱ་མཚོ་དང༌། རྩ་བའི་བླ་མ་གྲུབ་དབང་འཇམ་དཔལ་རྒྱ་མཚོ་སོགས་བསྟེན་ནས་ཆོས་མང་དུ་གསན། དགུང་ལོ་ཉེར་བརྒྱད་ལོ་རྩིས་སྐར་ནག་སོགས་གསན། དགུང་ལོ་ཉེར་དགུ་ལ་དབུས་སུ་ཕེབས་ནས་རྒྱལ་བ་བསྐལ་བཟང་རྒྱ་མཚོ་དང༌། མི་དབང་བསོད་ནམས་སྟོབས་རྒྱལ་སོགས་མཇལ། དགུང་ལོ་སུམ་ཅུ་ལ་རྒྱལ་བ་བསྐལ་བཟང་རྒྱ་མཚོའི་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དེ་ལོར་ནགས་ཤོད་དུ་ཆིབས་བསྒྱུར་གྱིས་རབ་བརྟན་དགོན་སོགས་ལ་གཞི་གསུམ་ཕྱག་ལེན་དང༌། མདོ་སྔགས་ཀྱི་ཆོས་འཁོར་བསྐོར། དགུང་ལོ་སོ་དྲུག་ལོ་སྐུ་མཚམས་རྣམ་པར་མཛད། དགུང་ལོ་བཞི་བཅུ་ལ་དབུས་སུ་ཕེབས་ནས་འབྲས་སྤུངས་སུ་བཀའ་ཆོས་མང་དུ་གནང༌། དགུང་ལོ་ཞེ་གཅིག་ལ་གཞིས་དགོན་དུ་ཕྱིར་ཕེབས། དགུང་ལོ་ཞེ་དྲུག་ལ་རྒྱལ་བ་བསྐལ་བཟང་རྒྱ་མཚོའི་གསེར་སྡོང་ལ་མཆོད་འབུལ་མཛད་ཕྱིར་རྗེ་སར་ཕེབས། རྗེ་འདིས་གསུང་རྟེན་བཀའ་བསྟན་འགྱུར་སོགས་མང་དག་བཞེངས། དགུང་ལོ་ཞེ་དགུ་སྟེ་ཆུ་རྟ་1762ལོ་ལ་གཤེགས། འདིར་གསུང་འབུམ་པོད་གཉིས་བཞུགས།

  རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

 

                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།