འོན་རྒྱལ་སྲས་འཇིགས་མེད་ཡེ་ཤེས་གྲགས་པའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།          སྤེལ་དུས།  2017-04-12 16:15:31     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།       ཀློག་ཐེངས།  

 IMG_5536.JPG

 

བར་པོད། ཤོག་གྲངས།

 00687

 ཀབླ་མ་དམ་པ་རྣམས་ལ་གསོལ་འདེབས་དང་ཞབས་བརྟན་གྱི་སྐོར་ལ། 28

 ཁརང་ལ་གྲོས་འདེབས་དང་སྙན་བསྐུལ་གྱི་རིམ་པ་ལ། 33

 གབཀའ་དྲིན་ཟླ་མེད་དྲིན་ཅན་བླ་མ་རྣམས་ལ་འབུལ་བ་དང་རང་བཞིན་གྱི་གནས་ཚུལ་དྲང་པོར་བརྗོད་པ་ལ། 20

 ངདྲིན་ཅན་བླ་མ་རྣམས་ཀྱི་མཚོན་མཆོག་དམན་ལ་ཞུ་འཕྲིན་ཕུལ་བའི་སྐོར་ལ། 27

 ཅགངས་ཅན་རྗེ་གཅིག་རྒྱལ་བའི་དབང་པོ་སོགས་ལ་ཞུ་འཕྲིན་ཕུལ་བ་ལ། 52

 ཆམནྡལ་ཁ་བྱང་དང་བྲིས་ཐང་རྒྱབ་ཡིག་སྨོན་ལམ་སོགས་ལ། 23

 ཇརྒྱལ་བའི་བསྟན་སྲུང་རྣམས་ལ་མཆོད་གཏོར་འབུལ་ཚུལ་ལ། 15

 ཉརྡོ་རྗེ་འཇིགས་བྱེད་ཀྱི་བླ་བརྒྱུད་དང་རྣམ་ཐར་དོགས་གཅོད་ལ། 4

 ཏཐུན་དྲུག་དང་བླ་མའི་རྣལ་འབྱོར་ལ། 7

 ཐཚོགས་འཁོར་གྱི་ས་བཅད་ལ། 3

 དཚོགས་འཁོར་གྱི་ཆོ་ག་ལ། 6

 ནརྗེ་བཙུན་སྒྲོལ་དཀར་ལ་བརྟེན་པའི་བརྟན་བཞུགས་དང་དེའི་བླ་བརྒྱུད་གསོལ་འདེབས་སྨོན་ལམ་ཤིས་བརྗོད་བཅས་ལ། 13

 པདགེ་སློང་མ་དཔལ་མོའི་ལུགས་ཀྱི་སྙུང་གནས་ཀྱི་ངག་འདོན་ཆོག་བསྒྲིགས་ལ། 17

 ཕའཕགས་མ་ཡིད་བཞིན་འཁོར་ལོ་དང༌། འཇམ་དཀར་གྱི་སྒྲུབ་ཐབས་དམིགས། རིམ་སྦྱིན་སྲེག་རྟ་མགྲིན་བསྙེན་པ་བྱ་ཚུལ། སྦྱིན་སྲེག་གི་སྡོམ་ཚིག། ཇ་མཆོད། འཇིགས་བྱེད་བསྙེན་པའི་བགེགས་གཏོར་བསྔོ་ཚུལ། ལྕགས་མཁར་གྱི་ཐིག་རྩ་བཅས་ལ། 15

 བརྡོ་རྗེ་མཁའ་ལྡིང་དབང་པོའི་མངོན་རྟོགས་ཀྱི་མཐའ་དཔྱོད་ལ། 4

 མསྒྲོལ་མ་མན་ཊ་ལ་བཞི་པའི་ཆོག་བསྒྲིགས་ལ། 3

 ཙལྷོ་སྒོའི་ཆོ་ག་ལ། 17

 ཚབུམ་གཏེར་གྱི་སྐོར་ལ། 3

 ཛཀླུ་ཆེན་བརྒྱད་ཀྱི་གྲངས་འདྲེན་དང་མངོན་རྟོགས་ལ། 4

 ཝཆོས་སྲུང་རྣམས་ལ་གཉེར་གཏད་དང་འདོད་གསལ་གྱི་སྐོར་ལ། 4

 ཞགོས་སྐུའི་དཀར་ཆག་དང་སྨོན་ལམ་སྐོར་ལ། 12

 ཟཆོས་སྡིང་དགུ་གཏོར་གྱི་བཅའ་ཡིག་ལ། 4

 འདཔལ་སྣར་ཐང༌། རྭ་སྒྲེང༌། དགོན་ལུང་བྱམས་པ་གླིང་དགོན་མ་ལག་བཅས་ཀྱི་བཅའ་ཡིག་ལ། 38

 ཡནུས་པ་རྐྱང་སེར་ལས་རིན་པོ་ཆེའི་དཔྱད་དོན་སྐོར་ལ། 13

 རསྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་ཆོ་ག་ལ། 13

 ལརང་གི་གནས་ཚུལ་དང་ལྟོས་བཅས་ཚང་མར་བསླབ་བྱ་ཟུང་དུ་འབྲེལ་བ་ལ། 10

 ཤནག་རྩིས་སྐོར་མགོ་ལ། 6

 སབསངས་མཆོད་བཀྲ་ཤིས་འཁྱིལ་བའི་ཡང་སྙིང་རྣམས་ལ། 3

                                            མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

 ༄༅། །འོན་རྒྱལ་སྲས་འཇིགས་མེད་ཡེ་ཤེས་གྲགས་པ་ནི་རྗེ་ལུང་སྙིང་པར་རབ་བྱུང་བཅུ་གཉིས་པའི་མེ་བྱི་1696ལོ་ལ་འཁྲུངས། དགུང་ལོ་བཞི་ལ་འོན་ཆོས་སྡིང་ངེས་གསང་དར་རྒྱས་གླིང་དུ་གདན་དྲངས། དེའི་ལོར་རྒྱལ་བ་ཚངས་དབྱངས་རྒྱ་མཚོར་དབུ་སྐྲའི་གཙུག་ཕུད་ཕུལ། མཚན་བློ་བཟང་ངག་དབང་འཇིགས་མེད་ཅེས་བསྩལ། མཁས་གྲུབ་བསྟན་དར་བའི་སྐུ་སྐྱེ་མདོ་སྨད་པ་དགེ་སློང་ངག་དབང་རབ་བརྟན་དགེ་རྒྱན་དུ་བསྟེན་ནས་ཡི་གེ་འབྲི་ཀློག་ཆོས་སྤྱོད། རྒྱན་འཇུག། སྔགས་སྐོར་བཅས་གསན་བཞེས་མཛད། དགུང་ལོ་བརྒྱད་ལ་འོན་མངའ་རིས་གྲྭ་ཚང་དུ་ཆོས་ཞུགས་མཛད། བསྡུས་གྲྭ་དང་ཚད་མ་སོགས་ལ་གསན་སྦྱོང་མཛད། དགུང་ལོ་བཅུ་བཞི་ལ་འབྲས་སྦུངས་སུ་ཆོས་ཞུགས་མཛད། གཞུང་ཆེན་ལ་སློབ་གཉེར་མཛད། དགུང་ལོ་བཅོ་བརྒྱད་ལ་པཎ་ཆེན་བློ་བཟང་ཡེ་ཤེས་མཇལ་བར་བཀྲ་ཤིས་ལྷུན་པོར་ཕེབས། དགུང་ལོ་ཉི་ཤུ་ལ་པཎ་ཆེན་རིན་པོ་ཆེའི་དྲུང་དུ་བསྙེན་རྫོགས་བསྒྲུབས། དགུང་ལོ་ཉེར་བཞི་ལ་ངེས་གསང་དར་རྒྱས་གླིང་དུ་ཕེབས་ནས་སྨན་དང་རྩིས། དཀྱིལ་འཁོར་གྱི་ཐིག་རྩ་སོགས་གསན་སྦྱོང་མཛད། དགུང་ལོ་སོ་གསུམ་ལ་རྒྱལ་བ་བསྐལ་བཟང་རྒྱ་མཚོ་མདོ་སྨད་དུ་ཕེབས་ཤུལ་སྨོན་ལམ་གྱི་ཚོགས་དབུར་ལོ་བརྒྱད་རིང་ཕེབས། རྗེ་འདིས་རྒྱལ་བ་བསྐལ་བཟང་རྒྱ་མཚོ་དང༌། དུས་འཁོར་བ་ཡོན་ཏན་དར་རྒྱས། རྗེ་ཀུན་དགའ་ལེགས་འབྱུང་སོགས་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན། དགུང་ལོ་ང་གཉིས་ལ་རྒྱུད་གྲྭར་ཞུགས། ཆོས་འཁོར་རྒྱ་ཆེ་བསྐོར་ནས་དགུང་ལོ་ང་ལྔ་སྟེ་ལྕགས་རྡོ་1750ལོ་ལ་སྐུ་གཤེགས། འདིར་གསུང་འབུམ་པོད་གཅིག་བཞུགས།

 


                                 རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 

གསལ་འདེབས། 

                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 

                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

 
བརྒྱུད་འགོད།