ལ་མོའམ་ཤྲི་ཐུ་བློ་བཟང་བསྟན་པའི་ཉི་མའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།          སྤེལ་དུས།  2017-04-12 16:09:47     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།       ཀློག་ཐེངས།  

 IMG_5536.JPG

 པར་པོད། ཤོག་གྲངས།

 

00678ག་

1སྨྱུང་བར་གནས་པའི་ཆོ་ག་ཤིན་ཏུ་བསྡུས་པ་ལ། 4

2བརྒྱ་རྩའི་རྣམ་བཤད་ཚོགས་གཉིས་ཤིང་རྟ་ལ། 18

3འདུལ་བའི་ལས་ཆོག་ཚིག་དོན་རྣམ་བཤད་སྒྲོན་མེ་ལ། 63

4རྗེ་བླ་མ་ལ་བརྟེན་པའི་རིལ་སྒྲུབ་ལ། 9

5གསོལ་འདེབས་མཆོག་ཐུན་ཀུན་རྩོལ་མ་ལ། 4

6ཛམ་རྗེ་དཀར་ནག་སེར་གསུམ་དང་ཀླུའི་ཆུ་སྤྱིན་ལ། 15

7མགོན་པོའི་སྒྲུབ་ཐབས་ལ། 9

8སྐྱབས་ཁྲིད་ཐར་འདོད་འཇུག་ངོགས་ལ། 5

9སངས་རྒྱས་བྱང་སེམས་ཀྱི་བསྟོད་པ་ལ། 14

10བདེ་མཆོག་དཀར་པོའི་ཚེ་སྒྲུབ་དཔལ་སྟེར་ལ། 6

11གསོལ་འདེབས་རྒྱལ་ཀུན་མ་ལ། 2

12གསོལ་འདེབས་མཆོག་གསུམ་སྤྲིན་འཁྲིགས་ལ། 2

13གསོལ་འདེབས་རྒྱལ་ཀུན་མཁྱེན་བརྩེ་མ་ལ། 2

14གསོལ་འདེབས་ཡིད་བཞིན་དབང་རྒྱལ་ལ། 2

15བློ་བཟང་རྒྱལ་བ་མ་ལ། 2

16སྐྱབས་མཆོག་རིན་ཆེན་ལ། 2

17འདོད་པ་ཀུན་སྩོལ་མ་ལ། 2

18གསོལ་འདེབས་བརྟན་བཞུགས་དགེ་ལེགས་ཆར་འབེབས་ལ། 2

19རྗེ་མི་ལག་སྦྲེལ་ལ། 2

20ངག་དབང་དབྱངས་ཅན་མ་ལ། 2

21ཡིད་བཞིན་འཁོར་ལོ་ལ། 2

22ཡོན་ཏན་ཀུན་རྫོགས་མ་ལ། 2

23བསམ་དོན་ལྷུན་གྲུབ་མ་ལ། 2

24གསོལ་འདེབས་བྱུང་བསྡུས་ལ། 2

25གསོལ་འདེབས་རྒྱུད་སྡེ་དམ་བཞི་ལ། 2

26རྒྱལ་ཀུན་འཕྲིན་ལས་མ་ལ། 2

27བདེ་ལེགས་འབྱུང་གནས་མ་ལ། 2

28ཆོས་ཀུན་ཀུན་གཟིགས་མ་ལ། 2

29སྲས་བཅས་རྒྱལ་ཀུན་མ་ལ། 2

30བརྟན་བཞུགས་གསོལ་འདེབས་མ་ལ། 2

31མྱུར་བྱོན་གསོལ་འདེབས་ལ། 2

32ལྕང་སྐྱ་རིན་པོ་ཆེའི་གསོལ་འདེབས་ལ། 2

33བརྟན་བཞུགས་བདེ་ཆེན་ཆར་འབེབས་ལ། 2

34ཞབས་བརྟན་འདོད་དོན་ཀུན་གསོལ་ལ། 2

35རང་གཞན་དགེ་བའི་རྩ་བ་ལ། 2

36འདོད་གསོལ་འབྲས་སྨིན་མ་ལ། 2

00679ང་

1འཇིགས་བྱེད་ཀྱི་མངོན་རྟོགས་མདོར་བསྡུས་ལ། 5

2སྡོམ་པ་གསུམ་གྱི་ཉེས་ལྟུང་མིང་རིགས་ཀྱི་སྒོ་ནས་ངོས་བཟུང་སྟེ་བཤགས་སྡོམ་བྱེད་ཚུལ་ལ། 15

3བདེ་མཆོག་རྗེ་ལྔའི་སྒྲུབ་ཐབས་བདེ་ཆེན་རབ་རྒྱས་ལ། 8

4གཤིན་པོའི་སྦྱང་ཆོག་ལྷན་ཐབས་ལ། 15

5རྡོ་རྗེ་ཁྱུང་ཁྲའི་ལས་ཚོགས་མངོན་རྟོགས་ལ། 10

6ཕྱོགས་བཅུའི་གཡང་འགུགས་བུམ་བཟང་ལ། 14

7མི་ཏྲ་བརྒྱ་རྩའི་བླ་བརྒྱུད་བྱིན་རླབས་མྱུར་འཇུག་མ་ལ། 2

8རྡོ་རྗེ་ཕྲེང་བའི་བླ་བརྒྱུད་གསོལ་འདེབས་ལ། 3

9མགུར་རི་བོ་ཏ་ལ་མ་ལ། 2

10བསམ་གཏན་ཉལ་སྒོམ་ལ། 2

11རྗེ་རི་རི་ཁྲོད་རྣམས་ཀྱི་བཅའ་ཡིག་སྒྲོན་མེ་ལ། 9

12ཉིན་ཞག་ཕྲུགས་གཅིག་གི་ཐུན་མཚམས་ཀྱི་རྣལ་འབྱོར་ལ། 10

 13བསྙེན་གནས་ཡན་ལག་བརྒྱད་མའི་སྡོམ་པ་འབོག་ཆོག་ལ། 4

 14རང་གཞན་དགེ་རྩ་བསྔོ་བ་ལ། 1

 15སྒྲོལ་དཀར་གྱི་སྒོ་ནས་སྐྲ་སྒྲུབ་སྒྲུབ་ཐབས་ལ། 6

 16རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས་ལ། 1

 17རྡོེའུ་བཅུད་ལེན་གྱི་གདམས་ངག་ཡིད་བཞིན་ནོར་བུ་ལ། 6

18གཅོད་ཁྲིད་བསྡུས་པ་ལ། 6 

19ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་སྒྲུབ་ཐབས་ཐེམ་སྐས་ལ། 27

20དཔལ་མགོན་ཞལ་བཞི་པའི་གཏོར་འབུལ་ཆོ་ག་བཅས་པར། 3

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །ལ་མོའམ་ཤྲི་ཐུ་བློ་བཟང་བསྟན་པའི་ཉི་མ་ནི་ཁུ་རེ་ནོར་ཡུལ་དུ་རབ་བྱུང་བཅུ་གཉིས་པའི་ས་སྦྲུལ་1689ལོ་ལ་འཁྲུངས། སྐུ་གཞོན་དུས་དབུས་རྗེ་ལྡན་དུ་གནས་སྐོར་ལ་ཕེབས་ཏེ་གྲྭ་སར་བཞུགས། མདོ་སྔགས་གཞུང་ལུགས་ཡོངས་ལ་གསན་སྦྱོང་མཛད། བླ་མ་ངག་དབང་བློ་བཟང་བཀྲ་ཤིས་མདུན་ནས་དགེ་ཚུལ་སློང་གི་སྡོམ་པ་བཞེས། རྗེ་འཇམ་དབྱངས་བློ་གྲོས་དང༌། ངག་དབང་ཆོས་སྐྱོང་སོགས་བླ་མ་དམས་བསྟེན་ནས་རིག་པའི་གནས་ཀུན་ལ་སྦྱངས་བ་མཐར་ཕྱིན་མཛད་དེ་མཁས་པར་གྱུར། དབང་ལུང་ཁྲིད་སོགས་མང་དུ་གསན། དེ་ནས་གོང་མ་ཡུའུ་ཛི་ནས་རྒྱ་ནག་པེ་ཅིན་དུ་གདན་དྲངས་ཏེ་ཧུའི་ཨུ་ཆན་དགའ་ལྡན་ཤྲི་ཐུ་ཧོ་ཐོག་ཐུའི་མཚན་སྙན་གནང༌། པེ་ཅིན་ཙན་དན་དགོན་ཇོ་བོའི་བླ་བྲང་དུ་རྒྱུན་རིང་བཞུགས་ཏེ་གསུང་ཆོས་མང་པོ་བརྩམས། དེ་ནས་སོག་ཡུལ་མཚོ་བདུན་དགོན་དུ་ཞུགས་ཏེ་འཆད་རྩོད་རྩོམ་གསུམ་གྱིས་དགུང་གྲངས་བརྒྱད་ཅུ་གྱ་གསུམ་སྟེ་ཆུ་འབྲུག་1772ལོ་ལ་སྐུ་འདས་པ་ཡིན་ནམ་སྙམ། འདིར་གསུང་འབུམ་པོད་གཉིས་བཞུགས།

                            

                           རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 

གསལ་འདེབས། 

                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 

                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

 

བརྒྱུད་འགོད།